དེ་རིང་ནི2025ལོའི་ཟླ06པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱས་འཛོམས་གྲོས་ཚོགས་བསྡུས།

2025-06-17 15:51:43   |   33

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ6པའི་ཚེས16ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་གཙོ་སྐྱོང་གནང་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་པ་དང་རུལ་སུངས་གནད་དོན་གཅིག་བསྡུས་བཅོས་སྐྱོང་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཤིང་། བློ་མཐུན་ཁྲིན་ཝུན་ཆིན་གྱིས་མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས་ཀྱི་གཏམ་བཤད་ཀྱི་ནང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད། རང་ཞིང་གི་ལག་བསྟར་བསམ་ཚུལ་ལ་ཞིབ་འཇུག་བྱས།

གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་པ་དང་རུལ་སུངས་གནད་དོན་བཅོས་སྐྱོང་བྱ་རྒྱུ་དེ་རྒྱུན་རྣམ་ཅན་གྱིས་དམ་འཛིན་བྱེད་པའི་ལས་འགན་གཙོ་བོ་ཞིག་ཏུ་བརྩིས་ཏེ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་བའི་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། རང་ཞིང་གི་དུར་འཇུག་བྱ་བ་རྙོག་འཛིང་ཆེ་བ་དང་། སློབ་གྲྭའི་ཟ་མ། རྒན་གསོ་ཞབས་ཞུའི་ལས་གཞི། ཞིང་སྡེའི་ཐུན་མོང་རྒྱུ་ནོར་གསུམ། སྨན་བཅོས་འགན་སྲུང་ཐེབས་རྩའི་དོ་དམ། བདེ་སྡོད་བཟོ་བསྐྲུན། སྡེ་བའི་ལས་བྱེད་པར་གླ་ཕོགས་སྟེར་བ་ཚད་ལྡན་མིན་པ་སོགས་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་ལ་དམིགས་ཏེ། སྔར་ལས་ལྷག་པར་གཅིག་འདོམས་ལ་ཤུགས་སྣོན་དང་གནོན་ཤུགས་བརྒྱུད་སྤྲོད། མཉམ་ཤུགས་གྲུབ་པར་བྱས་ནས་གནད་དོན་ནུས་ལྡན་སྒོས་ཐག་གཅོད་པར་སྐུལ་འདེད་གཏོང་དགོས། གནད་དོན་གཙོ་བོ་དང་ས་ཁུལ་གཙོ་བོ་དམ་འཛིན་བྱས་ཏེ། བཅོས་སྐྱོང་ནུས་ཚད་ཆེ་རུ་གཏོང་བ་དང་། ལྷག་པར་དུ་མང་ཚོགས་ཀྱི་ཚུར་སྣང་མང་ཞིང་། བཅོས་སྐྱོང་གྲུབ་འབྲས་མངོན་གསལ་མིན་པའི་ལས་སྒྲུབ་ཉམས་ཞན་གྱི་རྫོང་ཁག་དམིགས་སུ་བཟུང་ནས་རོགས་སྐྱོར་བྱེད་དགོས་ལ། མགོ་ཁྲིད་པའི་འགན་ལེན་མཉམ་འབྲེལ་རྐྱེན་སྲོལ་གྱི་བྱེད་ནུས་འདོན་སྤེལ་བཟང་པོ་བྱས་ནས་མི་འདང་ས་ཁ་གསབ་བྱེད་པར་སྐུལ་འདེད་གཏོང་དགོས། ཏང་སྲིད་ཀྱིས་འགན་འཁྲི་གཙོ་བོ་ཕྲག་ཏུ་ལེན་པ་དང་། ཏང་སྲིད་མགོ་ཁྲིད་ཚན་ཁག་གི་ཁོངས་མིས་མཛུབ་སྟོན་ལ་ཤུགས་སྣོན་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་ནས་སྤྱི་འདོམས་ནན་འཛིན་དང་། སྡེ་ཁག་གིས་མཐུན་སྦྱོར་མཉམ་འགུལ་བྱེད་དགོས་ཤིང་། གྲོང་ཁྱེར་དང་རྫོང་གིས་གཙོ་སྐྱོང་དམ་འཛིན་བྱེད་པ་དང་། གོང་འོག་མཉམ་སྒུལ་དང་གཙོ་གནད་ཐོད་བརྒལ། མཐའ་འཁྱོལ་གཏིང་སྒྲུབ་བྱས་ནས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་པ་དང་རུལ་སུངས་གནད་དོན་བཅོས་སྐྱོང་བྱེད་པའི་སྟེང་གྲུབ་འབྲས་ཆེན་པོ་ལོན་པར་འབད་འབུངས་བྱས་ཏེ། སྲོལ་བཟང་སྤྱོད་གཙང་གི་འཕེལ་རྒྱས་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་ཁྲིམས་བྱ་བའི་ཐད་ཀྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བློ་མཐུན་ཁྲིན་ཝུན་ཆིན་གྱིས་མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས་ཀྱི་གསུང་བཤད་བླང་བྱ་ནན་ཏན་གྱིས་དངོས་འབེབས་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་འོས་འགན་མཐའ་གཅིག་ཏུ་ཕྲག་ཏུ་ཁུར་ཏེ། ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བདེ་འཇགས། སྤྱི་ཚོགས་འདྲ་མཉམ་དྲང་བདེན་བཅས་ལ་སྲུང་སྐྱོབ་བྱེད་དགོས་ཤིང་། བརྟན་ཞིང་བརླིང་པའི་སྲིད་ཁྲིམས་དཔུང་སྡེ་ཞིག་བཙུགས་ཏེ། ཉེན་ཁ་འགོག་སྲུང་དང་། བདེ་འཇགས་འགན་སྲུང་། བརྟན་འཇགས་སྲུང་སྐྱོང་། འཕེལ་རྒྱས་སྐུལ་འདེད་བཅས་ཀྱི་ལས་དོན་ཁག་སོ་སོ་ཏན་ཏིག་སྒོས་ལེགས་པོར་སྒྲུབ་ནས། མཚོ་སྔོན་གྱི་སྲིད་ཁྲིམས་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནན་མོ་གཏོང་དགོས།

གྲོས་ཚོགས་ལས་ད་དུང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བའི་ལྡན་གསུམ་འཛུགས་སྐྲུན་ལོའི་འགུལ་སྐྱོད་ཀྱི་འཕེལ་རིམ་གནས་ཚུལ་སྙན་ཞུ་བྱས་པར་ཉན།


མཉམ་སྤྱོད།