དེ་རིང་ནི2025ལོའི་ཟླ06པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུ་འཚོགས་པ།

2025-06-18 10:32:37   |   60

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་བྱང་སྲིད་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ6པའི་ཚེས16ཉིན། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཁུལ་དཔོན་ཀྲང་ཧྲེང་ཡོན་གྱི་མངགས་བཅོལ་ལྟར་ཁུལ་ཨུའི་རྒྱུན་ཨུ་ཀྲའོ་ཧའེ་ཕིང་གིས་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་ཐེངས68པ་དང་ཁུལ་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས62པ་སྒྲིག་འཛུགས་བྱས་ནས་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དེ་བཞིན་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཁུལ་ཨུའི་ལས་དོན་གྱི་བླང་བྱ་དོན་འཁྱོལ་བྱས་པ། ཉེ་དུས་ཀྱི་གཙོ་གནད་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས་པ་རེད།

ཚོགས་འདུའི་ཐོག་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་པ་དང་། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་འཛུགས་སྐྲུན་ལ་དམ་པོར་དམིགས་ནས་སྤུས་ཚད་མཐོ་བའི་མཉམ་སྐྲུན་གྱི“རྒྱུད་གཅིག་ལམ་གཅིག”ནང་ཟབ་ཞུགས་བྱེད་དགོས་པ་དང་། ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ཁྲོད་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན།

ཚོགས་འདུའི་ཐོག《ཏང་སྲིད་ལས་ཁུངས་ཀྱི་གྲོན་ཆུང་ནན་སྲུང་དང་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག》གི་བླང་བྱ་དོན་འཁྱོལ་བྱས་ཏེ། སྡེ་ཚན་དང་ས་ཁུལ་དེ་གར་གནས་པའི་གནད་དོན་དང་ཉེན་ཁའི་གནས་འཚོལ་ཞིབ་གཏིང་ཟབ་བྱས་ནས་དམིགས་སའི་རང་བཞིན་གྱི་བྱེད་ཐབས་བཟོས་ནས་དག་ཐེར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། ནང་ཁུལ་གྱི་ལྟ་སྐུལ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་དུས་བཀག་ནང་རང་བཤེར་རང་བཅོས་བྱས་ཏེ་གཏན་འབེབས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱེད་དགོས་པ་ནན་བཤད་བྱས།

ཚོགས་འདུའི་ཐོག“བྱང་གསུམ”ལས་གཞིའི་འགག་སྒྲོལ་དམག་འཐབ་ཕྱོགས་ཡོངས་ནས་ཡག་པོ་རྒྱག་པའི་ལས་དོན་གྱི་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ། མཚོ་སྔོན་པོའི་བྱང་ངོགས་ཀྱི་བྱེ་འགོག་བྱེ་བཅོས་དང་། “ལན་གྲུ་དང་ཟི་ལིང”ལྟེ་བའི་གྲོང་ཁྱེར་ཁྱུ་ཚོགས་ཀྱི་ལྗང་མདོག་བར་ཁྱམས་འཛུགས་སྐྲུན། མདོ་ལ་རིང་མོའི་འཁྱག་རོམ་སྲུང་སྐྱོང་བཅས་ཁག་ཆེན་པོ་གསུམ་ལ་དམིགས་ནས་སྐྱེ་ཁམས་སླར་གསོ་སོགས་ཀྱི་རྣམ་གྲངས་འཆར་འགོད་བྱས་ཏེ་འཆར་འགོད་སྦྲེལ་མཐུད་དང་། མ་ལག་བཅོས་སྐྱོང་། རྣམ་གྲངས་ལག་བསྟར་སོགས་སྤྱི་འདོམས་ཡག་པོ་བྱེད་དགོས་པ་ནན་བཤད་བྱས།

ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གི་བཀོད་གཏོང་དབྱེ་ཞིབ་ལ་ཤུགས་སྣོན་བརྒྱབ་ནས། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་དང་བྱེད་ཐབས་གནད་སྨིན་བཟོས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར“ཕྱེད་བརྒལ་གཉིས”ཀྱི་དམིགས་ཚད་ལས་འགན་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱེད་དགོས་པ་དང་། རྣམ་གྲངས་འཛུགས་སྐྲུན་དང་། རྣམ་གྲངས་གསོག་འཇོག ཚོང་འགུག་མ་འདྲེན་སོགས་ཀྱི་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་ས་ཁུལ་དང་། ལས་རིགས། སྡེ་ཚན་བཅས་དབྱེ་ནས་གཙོ་གནད་རྣམ་གྲངས་འཆར་འགོད་གསོག་འཇོག་དང་འཛུགས་སྐྲུན་གཉེར་སྐྱོང་སོགས་ཐད་ཀྱི་དཀའ་ངལ་དང་གནད་དོན་ལ་དབྱེ་ཞིབ་དང་ཐག་གཅོད་བྱས་ཏེ་མ་འཇོག་ནུས་ལྡན་ཐུབ་པ་བྱེད་དགོས། ད་ལོ་ཚུན་གྱི་ཁུལ་ཨུའི་མགོ་ཁྲིད་གཙོ་བོས་སྣེ་ཁྲིད་པའི་ཚོང་འགུག་མ་འདྲེན་གྱི་ལས་དོན་ལ་རྗེས་སྙེག་དོན་འཁྱོལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ཏེ། ཀྲུང་གོའི་མ་རྡུལ་ཕྲན་མཁར་གསར་བརྗེའི་ཞིབ་སློབ་རྨང་གཞིའི་ཐོན་སློབ་ཞིབ་གསུམ་མཉམ་ལས་དང་། ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན། ཁྱད་ལྡན་ཞིང་ལས་ཐོན་རྫས་ཞིབ་ཚགས་ལས་སྣོན། རིག་གནས་དང་གནས་སྐོར་མཉམ་འདྲེས་དང་སྤུས་རྟགས་ཁྱབ་གདལ་གཏོང་བ་སོགས་གན་རྒྱ་བཞག་པའི་དོན་ཚན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། གྲངས་གཞིའི་ཞིབ་རྩིས་དང་རྩིས་བཤེར་གཅིག་གྱུར་གྱི་ལས་ཀའི་ནུས་པ་དང་ཆུ་ཚད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། དོན་དངོས་ཟོལ་མེད་ཀྱི་སྡོམ་རྩིས་གྲངས་གཞིའི་ཐོག་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མཚོན་ཐུབ་པ་བྱེད་དགོས་པ་ནན་གྱིས་བསྟན།

ཚོགས་འདུའི་ཐོག“ལོ་ལྔ་འཆར་གཞི་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོ་ལ་ཚད་གཞི་མཐོ་པོའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། བརྒྱུད་རིམ་ཧྲིལ་པོར་ཕྱོགས་སོ་སོའི་བསམ་འཆར་དང་གྲོས་མགོ་བསྡུ་ལེན་དང་ཉན་ལེན་བྱས་ནས་འཆར་འགོད་ཀྱི་དུས་རབས་རང་བཞིན་དང་། གནད་སྨིན་རང་བཞིན། ལག་བསྟར་བྱེད་འཐུས་རང་བཞིན་བཅས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་གཏོང་ཕྱོགས་དང་འཐབ་ཇུས་གལ་ཆེན་ལ་དམ་པོར་དམིགས་ནས“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”དུས་སྐབས་ཀྱི་རྣམ་གྲངས་ཆེན་པོ་དང་རྣམ་གྲངས་ཡག་པོ་ཁག་གཅིག་ལ་ཞིབ་འཇུག་དང་ཇུས་འགོད་བྱེད་དགོས། བདེ་འཇགས་ཐོན་སྐྱེད་དང་འབྲུབ་འགོག་ཐན་འགོག་གི་འགོག་སྲུང་འཛིང་རགས་མཐའ་གཅིག་ཏུ་བརྟན་དུ་གཏོང་བ་དང་། གནད་དོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ཉེན་ཟོན་སྔོན་བརྡ་དང་ཉེན་གཡོལ་སྤོ་སྒྱུར་ནུས་པ་ཆེ་རུ་གཏོང་བ། ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་འགུལ་རྣམ་གཙང་སེལ་ལ་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལས་འཛོལ་ཚབས་ཆེན་བྱུང་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། བྱེད་སྒོ་གལ་ཆེན་གྱི་ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་མཚོ་སྔོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་། གཞོན་ནུའི་མཚོ་སྐོར་འགྲན་བསྡུར། ཝང་ལུའོ་པིན་གྱི་རོལ་དབྱངས་སྒྱུ་རྩལ་དུས་ཆེན་སོགས་བྱེད་སྒོ་གལ་ཆེན་ཡག་པོ་སྤེལ་དགོས་པ་ནན་བཤད་བྱས།

ཚོགས་འདུའི་ཐོག་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ལ་ཤུགས་སྣོན་བརྒྱབ་ནས་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་གྱི་འགྱུར་མེད་རང་བཞིན་ཆེ་རུ་བཏང་སྟེ། ཕྱི་ཕྱོགས་རྟོག་ཞིབ་དང་གསོ་སྦྱོང་འཛིན་གྲྭ་གཉེར་བ་སོགས་ཞིབ་མཆན་འགོད་པའི་བརྒྱུད་རིམ་གྱི་ཚད་ལྡན་རང་བཞིན་དང་གཟབ་ནན་རང་བཞིན་སྔར་བས་ཆེ་རུ་གཏོང་དགོས། ཀྲུང་དབྱང་དང་ཞིང་ཆེན་ཨུ་ལྷན་གྱི་སྐོར་གཟིགས་དང་རྩིས་བཤེར་གྱི་ལྡོག་ལན་གནད་དོན་སྣ་ཚོགས་དག་ཐེར་ནན་ཏན་བྱས་ཏེ། ལྡོག་ལན་གནད་དོན་རེ་རེ་བཞིན་རྩིས་ཐོ་བཟོ་བ་དང་། འདེགས་སྐྱོར་དཔང་ཡིག་གི་རྒྱུ་ཆ་ཞིབ་བསྡུར་བྱས་ཏེ། ཁ་གསལ་ཞིང་ཆ་ཚང་བ་དང་། གཏན་ཚིགས་དམ་པོ། ཞིབ་བཤེར་ཐེག་ཐུབ་པ་བཅས་ཀྱི་འགན་ལེན་ཏན་ཏིག་བྱ་དགོས་པ་ནན་བཤད་བྱས།

ཚོགས་འདུའི་ཐོག《མཚོ་བྱང་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུའི〈མཚོ་བྱང་ཁུལ་གྱི་སྐབས་26པའི“མཚོ་སྔོན་ངོ་འཕྲད་གྲོས་མོལ་ཚོགས་འདུའི”གྲ་སྒྲིག་ལས་དོན་གྱི་སྙན་ཞུ〉སྐོར་གྱི་དགོངས་སྐོར》དང་མཚོ་བྱང་ཁུལ་ནོར་སྲིད་ཅུའི《མཚོ་བྱང་ཁུལ་གྱི་ཤེས་བྱའི་བདག་དབང་ཁྱབ་ཁོངས་ཀྱི་ཁུལ་དང་རྫོང་གི་ནོར་སྲིད་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་སྒྱུར་བཅོས་ལག་བསྟར་ཇུས་གཞི〉སྐོར་གྱི་དགོངས་སྐོར》སོགས་ལ་གྲོས་ཞིབ་བྱས་པ་དང་འབྲེལ་རྩ་དོན་ཐོག་ནས་གྲོས་འཆམ་བྱུང་བ་རེད།


མཉམ་སྤྱོད།