དེ་རིང་ནི2025ལོའི་ཟླ06པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་ཀྲུང་གོ་དང་ཡ་གླིང་དབུས་མའི་རྩེ་ཚོགས་སྐབས་གཉིས་པར་ཞུགས་པ་མ་ཟད་གཙོ་དོན་གསུང་བཤད་གནང་བ།

2025-06-18 16:48:34   |   67

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20250618164141.jpg

ས་གནས་དེའི་དུས་ཚོད་ཟླ6པའི་ཚེས17ཉིན་གྱི་ཕྱི་དྲོར། ཀྲུང་གོ་དང་ཡ་གླིང་དབུས་མའི་རྩེ་ཚོགས་སྐབས་གཉིས་པ་ཨ་སི་ཐ་ནའི་སྒེར་ཚུགས་ཕོ་བྲང་དུ་འཚོགས། ཧ་སག་སི་ཐན་གྱི་སྲིད་འཛིན་ཐའོ་ཁ་ཡེ་ཧྥུའུ་ཡིས་རྩེ་ཚོགས་ལ་མགོ་འཛིན་གནང་བ། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཅི་ཨེར་ཅི་སི་སི་ཐན་གྱི་སྲིད་འཛིན་ཀྲ་ཕ་ལུའོ་ཧྥུའུ། ཐ་ཅི་ཁི་སི་ཐན་གྱི་སྲིད་འཛིན་ལ་ཧི་མོན། ཐུའུ་ཁུའུ་མན་སི་ཐན་གྱི་སྲིད་འཛིན་པའེ་ཨེར་ཏི་མུའུ་ཧ་མའེ་ཏུའོ་ཧྥུའུ། ཝུའུ་ཚི་པའེ་ཁི་སི་ཐན་གྱི་སྲིད་འཛིན་སྨི་ཨེར་ཅི་ཡུའེ་ཡེ་ཧྥུའུ་བཅས་རྩེ་ཚོགས་ལ་ཞུགས། འདི་ནི་ཞི་ཅིན་ཕིང་གིས་ཁ་བྱང་ལ《“ཀྲུང་གོ་དང་ཡ་གླིང་དབུས་མའི་སྙིང་སྟོབས”དར་སྤེལ་བཏང་ནས་ས་ཁུལ་གྱི་མཉམ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས》ཞེས་པའི་གཙོ་དོན་གསུང་བཤད་གནང་བའི་ཚུལ་རེད།

ས་གནས་དེའི་དུས་ཚོད་ཟླ6པའི་ཚེས17ཉིན་གྱི་ཕྱི་དྲོར། ཀྲུང་གོ་དང་ཡ་གླིང་དབུས་མའི་རྩེ་ཚོགས་སྐབས་གཉིས་པ་ཨ་སི་ཐ་ནའི་སྒེར་ཚུགས་ཕོ་བྲང་དུ་འཚོགས། ཧ་སག་སི་ཐན་གྱི་སྲིད་འཛིན་ཐའོ་ཁ་ཡེ་ཧྥུའུ་ཡིས་རྩེ་ཚོགས་ལ་མགོ་འཛིན་གནང་བ། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཅི་ཨེར་ཅི་སི་སི་ཐན་གྱི་སྲིད་འཛིན་ཀྲ་ཕ་ལུའོ་ཧྥུའུ། ཐ་ཅི་ཁི་སི་ཐན་གྱི་སྲིད་འཛིན་ལ་ཧི་མོན། ཐུའུ་ཁུའུ་མན་སི་ཐན་གྱི་སྲིད་འཛིན་པའེ་ཨེར་ཏི་མུའུ་ཧ་མའེ་ཏུའོ་ཧྥུའུ། ཝུའུ་ཚི་པའེ་ཁི་སི་ཐན་གྱི་སྲིད་འཛིན་སྨི་ཨེར་ཅི་ཡུའེ་ཡེ་ཧྥུའུ་བཅས་རྩེ་ཚོགས་ལ་ཞུགས། གཙོ་བདག་རྣམས་ཀྱིས་མཛའ་མཐུན་ཁོར་ཡུག་འོག མཉམ་དུ་ཞི་ཨན་གྱི་རྩེ་ཚོགས་ཚུན་གྱི་ཀྲུང་གོ་དང་ཡ་གླིང་དབུས་མའི་ཁྱབ་ཁོངས་ཁག་གི་མཉམ་ལས་གྲུབ་འབྲས་ལ་ཕྱིར་དྲན་བྱས་པ་དང་། མ་འོངས་པའི་འཕེལ་རྒྱས་ཁ་ཕྱོགས་ལ་རྒྱང་ལྟ་བྱས་ནས། ཚང་མས“ཀྲུང་གོ་དང་ཡ་གླིང་དབུས་མའི་སྙིང་སྟོབས”དར་སྤེལ་བཏང་སྟེ། ཡུན་རིང་གི་ཁྱིམ་མཚེས་མཛའ་མཐུན་རྒྱུན་འཁྱོངས་བྱེད་པ་དང་། ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཡ་གླིང་དབུས་མའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་མུ་མཐུད་དུ་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་དགོས་པའི་གཏན་འབེབས་བྱས།

微信图片_20250618164147.jpg

ས་གནས་དེའི་དུས་ཚོད་ཟླ6པའི་ཚེས17ཉིན་གྱི་ཕྱི་དྲོར། ཀྲུང་གོ་དང་ཡ་གླིང་དབུས་མའི་རྩེ་ཚོགས་སྐབས་གཉིས་པ་ཨ་སི་ཐ་ནའི་སྒེར་ཚུགས་ཕོ་བྲང་དུ་འཚོགས། ཧ་སག་སི་ཐན་གྱི་སྲིད་འཛིན་ཐའོ་ཁ་ཡེ་ཧྥུའུ་ཡིས་རྩེ་ཚོགས་ལ་མགོ་འཛིན་གནང་བ། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཅི་ཨེར་ཅི་སི་སི་ཐན་གྱི་སྲིད་འཛིན་ཀྲ་ཕ་ལུའོ་ཧྥུའུ། ཐ་ཅི་ཁི་སི་ཐན་གྱི་སྲིད་འཛིན་ལ་ཧི་མོན། ཐུའུ་ཁུའུ་མན་སི་ཐན་གྱི་སྲིད་འཛིན་པའེ་ཨེར་ཏི་མུའུ་ཧ་མའེ་ཏུའོ་ཧྥུའུ། ཝུའུ་ཚི་པའེ་ཁི་སི་ཐན་གྱི་སྲིད་འཛིན་སྨི་ཨེར་ཅི་ཡུའེ་ཡེ་ཧྥུའུ་བཅས་རྩེ་ཚོགས་ལ་ཞུགས། འདི་ནི་ཞི་ཅིན་ཕིང་དང་ཡ་གླིང་དབུས་མའི་རྒྱལ་ཁབ་ལྔའི་གཙོ་བདག་གིས་མཉམ་པར་ལེན་པའི་ཚུལ་རེད།

ཞི་ཅིན་ཕིང་གིས་ཡ་གླིང་དབུས་མའི་རྒྱལ་ཁབ་ལྔའི་གཙོ་བདག་དང་མཉམ་པར་བླངས་ཤིང་། དེའི་རྗེས་སུ་རྩེ་ཚོགས་ལ་ཞུགས་ནས། ཁ་བྱང་ལ《“ཀྲུང་གོ་དང་ཡ་གླིང་དབུས་མའི་སྙིང་སྟོབས”དར་སྤེལ་བཏང་ནས། ས་ཁུལ་གྱི་མཉམ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས》ཞེས་པའི་གཙོ་དོན་གསུང་བཤད་གནང་།

微信图片_20250618164154.jpg

ས་གནས་དེའི་དུས་ཚོད་ཟླ6པའི་ཚེས17ཉིན་གྱི་ཕྱི་དྲོར། ཀྲུང་གོ་དང་ཡ་གླིང་དབུས་མའི་རྩེ་ཚོགས་སྐབས་གཉིས་པ་ཨ་སི་ཐ་ནའི་སྒེར་ཚུགས་ཕོ་བྲང་དུ་འཚོགས། ཧ་སག་སི་ཐན་གྱི་སྲིད་འཛིན་ཐའོ་ཁ་ཡེ་ཧྥུའུ་ཡིས་རྩེ་ཚོགས་ལ་མགོ་འཛིན་གནང་བ། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཅི་ཨེར་ཅི་སི་སི་ཐན་གྱི་སྲིད་འཛིན་ཀྲ་ཕ་ལུའོ་ཧྥུའུ། ཐ་ཅི་ཁི་སི་ཐན་གྱི་སྲིད་འཛིན་ལ་ཧི་མོན། ཐུའུ་ཁུའུ་མན་སི་ཐན་གྱི་སྲིད་འཛིན་པའེ་ཨེར་ཏི་མུའུ་ཧ་མའེ་ཏུའོ་ཧྥུའུ། ཝུའུ་ཚི་པའེ་ཁི་སི་ཐན་གྱི་སྲིད་འཛིན་སྨི་ཨེར་ཅི་ཡུའེ་ཡེ་ཧྥུའུ་བཅས་རྩེ་ཚོགས་ལ་ཞུགས། འདི་ནི་ཞི་ཅིན་ཕིང་ཚོགས་རར་ཕེབས་པའི་ཚུལ་རེད། 

ཞི་ཅིན་ཕིང་གིས་བསྟན་དོན། ལོ་ངོ་གཉིས་ཀྱི་སྔོན་དུ། ང་ཚོ་ཀྲུང་གོའི་ཞི་ཨན་དུ་མཉམ་འཛོམས་བྱས་ནས་ཀྲུང་གོ་དང་ཡ་གླིང་དབུས་མའི་མཉམ་ལས་ཀྱི“ཞི་ཨན་གྱི་ཕུགས་འདུན”ཐུན་མོང་ཐོག་འཆར་འགོད་བྱས་ཡོད། ལོ་གཉིས་རིང་། ཀྲུང་གོ་དང་ཡ་གླིང་དབུས་མའི་རྒྱལ་ཁབ་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གཏིང་ཟབ་དང་ཏན་ཏིག་ཏུ་བཏང་བ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། ཀྲུང་གོ་དང་ཡ་གླིང་དབུས་མའི་ལམ་སྲོལ་གྱི་གདུང་བཞི་ཀ་བ་བརྒྱད་གཞི་རྩའི་ཆ་ནས་གྲུབ་པ་དང་། རྩེ་ཚོགས་སྐབས་དང་པོའི་ཐུན་མོང་ངོས་འཛིན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱུང་བས། མཉམ་ལས་ཀྱི་བགྲོད་ལམ་སྔར་ལས་ཡངས་ཤིང་མཛའ་གྲོགས་ཀྱི་མེ་ཏོག་སྔར་ལས་འོད་སྟོང་ལྡན་པར་གྱུར་ཡོད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོའི་མཉམ་ལས་ནི་ལོ་ངོ་ཉིས་སྟོང་ལྷག་རིང་གི་མཛའ་གྲོགས་འགྲོ་འོང་ལས་རྩ་བ་ཚུགས་པ་དང་། ལོ་ངོ30ལྷག་གི་ཕྱི་འབྲེལ་འབྲེལ་བ་བཙུགས་པ་ལས་མཐུན་སྒྲིལ་དང་ཡིད་ཆེས་སྲ་བརྟན་དུ་བཏང་ལ། དུས་རབས་གསར་པ་ཚུན་གྱི་སྒོ་འབྱེད་མཉམ་རྒྱལ་ལས་འཕེལ་རྒྱས་བྱུང་བ་ཡིན། ཡུན་རིང་གི་ལག་ལེན་ཁྲོད། ང་ཚོས“ཕན་ཚུན་བརྩི་བཀུར་དང་། ཕན་ཚུན་ཡིད་ཆེས་བྱེད་པ། ཕན་ཚུན་གཉིས་ཕན། ཕན་ཚུན་རོགས་རམ་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཐུན་མོང་གི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས”ཞེས་པའི“ཀྲུང་གོ་དང་ཡ་གླིང་དབུས་མའི་སྙིང་སྟོབས”འཚོལ་ཞིབ་དང་ཆགས་པར་བྱས་ཡོད་པ་སྟེ། ཕན་ཚུན་བརྩི་བཀུར་དང་འདྲ་མཉམ་གྱི་ལྟ་སྟངས་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཀྱིས་ཆེ་ཆུང་ལ་མ་བལྟོས་པར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། དོན་དག་ཡོད་ན་ཚང་མས་གྲོས་མོལ་བྱས་ནས་ཐག་གཅོད་བྱེད་པ་དང་། གྲོས་མོལ་གཅིག་མཐུན་གྱིས་ཐབས་ཇུས་འདོན་དགོས། ཕན་ཚུན་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ་དང་སྐད་ཆ་གཅིག་མཐུན་གྱིས་ཕན་ཚུན་མཐུན་སྦྱོར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་རང་བཙན་དང་བདག་དབང་། མངའ་ཁོངས་ཆ་ཚང་། མི་རིགས་ཀྱི་ལ་རྒྱ་བཅས་སྲུང་སྐྱོང་བྱེད་པར། ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་བྱ་བ་གང་ཡང་མི་བྱེད། གཉིས་ཕན་མཉམ་ཁེ་དང་ཐུན་མོང་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། ཕན་ཚུན་དམིགས་བསལ་གྱི་རོགས་ཟླར་བརྩི་བ་དང་། ཕན་ཚུན་ལ་འཕེལ་རྒྱས་ཀྱི་གོ་སྐབས་སྤྲོད་པ། ཕྱོགས་སོ་སོའི་ཁེ་ཕན་ལ་ལྟ་རྟོག་བཅས་བྱས་ནས། མང་རྒྱལ་མཉམ་གནས་མངོན་འགྱུར་བྱ་དགོས། སོ་སྲུང་རོགས་རེས་དང་ཕྱར་བ་གྲུ་འདེགས་རྒྱུན་འཁྱོངས་བྱས་ཏེ། ཕན་ཚུན་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་དང་། རང་ཉིད་ཀྱི་བྱ་བ་ལེགས་པར་བསྒྲུབ་པ་དང་། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ནུས་ཤུགས་གཅིག་སྒྲིལ་གྱིས་ཁ་གཏད་གཅོག་པ། ཐུན་མོང་ཐོག་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱ་དགོས། “ཀྲུང་གོ་དང་ཡ་གླིང་དབུས་མའི་སྙིང་སྟོབས”གྱིས་མི་རབས་ནས་མི་རབས་བར་མཛའ་གྲོགས་མཉམ་ལས་ལ་བརྩི་སྲུང་གལ་ཆེན་འདོན་སྤྲོད་བྱས་ཡོད་པས། ང་ཚོས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས་རྒྱུན་ཆད་མེད་པར་དར་རྒྱས་ཆེན་པོ་གཏོང་དགོས།

微信图片_20250618164159.jpg

ས་གནས་དེའི་དུས་ཚོད་ཟླ6པའི་ཚེས17ཉིན་གྱི་ཕྱི་དྲོར། ཀྲུང་གོ་དང་ཡ་གླིང་དབུས་མའི་རྩེ་ཚོགས་སྐབས་གཉིས་པ་ཨ་སི་ཐ་ནའི་སྒེར་ཚུགས་ཕོ་བྲང་དུ་འཚོགས། ཧ་སག་སི་ཐན་གྱི་སྲིད་འཛིན་ཐའོ་ཁ་ཡེ་ཧྥུའུ་ཡིས་རྩེ་ཚོགས་ལ་མགོ་འཛིན་གནང་བ། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཅི་ཨེར་ཅི་སི་སི་ཐན་གྱི་སྲིད་འཛིན་ཀྲ་ཕ་ལུའོ་ཧྥུའུ། ཐ་ཅི་ཁི་སི་ཐན་གྱི་སྲིད་འཛིན་ལ་ཧི་མོན། ཐུའུ་ཁུའུ་མན་སི་ཐན་གྱི་སྲིད་འཛིན་པའེ་ཨེར་ཏི་མུའུ་ཧ་མའེ་ཏུའོ་ཧྥུའུ། ཝུའུ་ཚི་པའེ་ཁི་སི་ཐན་གྱི་སྲིད་འཛིན་སྨི་ཨེར་ཅི་ཡུའེ་ཡེ་ཧྥུའུ་བཅས་རྩེ་ཚོགས་ལ་ཞུགས། འདི་ནི་ཞི་ཅིན་ཕིང་གིས་ཁ་བྱང་ལ《“ཀྲུང་གོ་དང་ཡ་གླིང་དབུས་མའི་སྙིང་སྟོབས”དར་སྤེལ་བཏང་ནས། ས་ཁུལ་གྱི་མཉམ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས》ཞེས་པའི་གཙོ་དོན་གསུང་བཤད་གནང་བའི་ཚུལ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར། ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་ངང་འཕེལ་བཞིན་ཡོད་པས། འཛམ་གླིང་ནི་ཟང་ཟིང་དང་འཕོ་འགྱུར་གྱི་དུས་སྐབས་གསར་པར་བསླེབས་ཡོད། དྲང་གཞག་དྲང་བདེན་གྱི་སེམས་པ་མི་འགྱུར་བ་དང་གཉིས་ཕན་མཉམ་རྒྱལ་གྱི་འདུན་པ་མ་འགྱུར་ཚེ། ད་གཟོད་འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་ཐུབ། སྒོ་ཁྲལ་དམག་འཁྲུག་དང་ཚོང་དོན་དམག་འཁྲུག་ལ་རྒྱལ་ཁ་ཐོབ་མཁན་མེད་པས། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས། བཙན་དབང་རིང་ལུགས་བཅས་ཀྱིས་མི་གཞན་ལ་གནོད་པ་དང་རང་ཉིད་ལ་གནོད་འཚེ་གཏོང་ངེས་རེད། ལོ་རྒྱུས་ལ་ཕྱིར་བཤོལ་བྱེད་མི་རུང་བར་མདུན་ཕྱོགས་སུ་བསྐྱོད་དགོས། འཛམ་གླིང་ལ་ཁ་བྲལ་མི་རུང་བར་མཐུན་སྒྲིལ་བྱེད་དགོས། མིའི་རིགས་ནགས་ཚལ་གྱི་ཆོས་ཉིད་དུ་ལོག་མི་རུང་བར། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་དགོས། ང་ཚོས“ཀྲུང་གོ་དང་ཡ་གླིང་དབུས་མའི་སྙིང་སྟོབས”སྣེ་ཁྲིད་དུ་བྱས་ཏེ། སྔར་བས་ཡར་རྒྱས་ཀྱི་རྣམ་འགྱུར་དང་སྔར་བས་དངོས་སྒྲུབ་ཀྱི་བྱེད་ཐབས་ཐོག་ནས། མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཡ་གླིང་དབུས་མའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་པའི་དམིགས་འབེན་ཕྱོགས་སུ་འབད་བརྩོན་ཆེན་པོས་མདུན་སྐྱོད་བྱེད་དགོས།

གཅིག ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་མཐུན་སྒྲིལ་གྱི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་དགོས།

གཉིས། དངོས་བརྩོན་ནུས་མཐོ་དང་མཉམ་འདྲེས་གཏིང་ཟབ་བྱེད་པའི་མཉམ་ལས་ཀྱི་ཁྱབ་ཚུལ་ལེགས་སྒྲིག་བྱེད་དགོས། 

གསུམ། ཞི་བདེ་བརྟན་འཇགས་དང་ཁྲེལ་གྲགས་མཉམ་ཁུར་གྱི་བདེ་འཇགས་གནས་བབ་གསར་སྐྲུན་བྱེད་དགོས།

བཞི། བློ་གཅིག་སེམས་གཅིག་དང་འགྲོགས་འདྲིས་མཛའ་མཐུན་གྱི་མི་ཆོས་སྦྲེལ་ཐག་དམ་ཟབ་དུ་གཏོང་དགོས།

ལྔ། དྲང་བདེན་ལུགས་མཐུན་དང་འདྲ་མཉམ་རིམ་ལྡན་གྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་དགོས།

ཞི་ཅིན་ཕིང་གིས་མཇུག་མཐར་བསྟན་དོན། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་ལ་སྐུལ་འདེད་གཏོང་བཞིན་ཡོད་པས། རྒྱལ་སྤྱིའི་གནས་བབ་ལ་ཇི་ལྟར་འགྱུར་ལྡོག་བྱུང་རུང་། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱི་ཕྱོགས་ལ་སྒོ་འབྱེད་བྱེད་པར་གཡོ་འགུལ་གཏོང་མི་སྲིད། ཀྲུང་གོས་ཡ་གླིང་དབུས་མའི་རྒྱལ་ཁབ་ཁག་དང་མཉམ་དུ་འབད་བརྩོན་བྱས་ཏེ། སྔར་ལས་སྤུས་ཚད་མཐོ་བའི་མཉམ་ལས་སྤེལ་ནས། ཁེ་ཕན་མཉམ་འདྲེས་གཏིང་ཟབ་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱས་ནས། ཀྲུང་གོ་དང་ཡ་གླིང་དབུས་མའི་མཉམ་ལས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད།

微信图片_20250618164204.jpg

ས་གནས་དེའི་དུས་ཚོད་ཟླ6པའི་ཚེས17ཉིན་གྱི་ཕྱི་དྲོར། ཀྲུང་གོ་དང་ཡ་གླིང་དབུས་མའི་རྩེ་ཚོགས་སྐབས་གཉིས་པ་ཨ་སི་ཐ་ནའི་སྒེར་ཚུགས་ཕོ་བྲང་དུ་འཚོགས། ཧ་སག་སི་ཐན་གྱི་སྲིད་འཛིན་ཐའོ་ཁ་ཡེ་ཧྥུའུ་ཡིས་རྩེ་ཚོགས་ལ་མགོ་འཛིན་གནང་བ། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཅི་ཨེར་ཅི་སི་སི་ཐན་གྱི་སྲིད་འཛིན་ཀྲ་ཕ་ལུའོ་ཧྥུའུ། ཐ་ཅི་ཁི་སི་ཐན་གྱི་སྲིད་འཛིན་ལ་ཧི་མོན། ཐུའུ་ཁུའུ་མན་སི་ཐན་གྱི་སྲིད་འཛིན་པའེ་ཨེར་ཏི་མུའུ་ཧ་མའེ་ཏུའོ་ཧྥུའུ། ཝུའུ་ཚི་པའེ་ཁི་སི་ཐན་གྱི་སྲིད་འཛིན་སྨི་ཨེར་ཅི་ཡུའེ་ཡེ་ཧྥུའུ་བཅས་རྩེ་ཚོགས་ལ་ཞུགས། འདི་ནི་ཞི་ཅིན་ཕིང་གིས་ཐའོ་ཁ་ཡེ་ཧྥུའུ་དང་ཕྱག་འཇུ་གནང་བའི་ཚུལ་རེད།

ཧ་སག་སི་ཐན་གྱི་སྲིད་འཛིན་ཐུའོ་ཁ་ཡེ་ཧྥུའུ་སོགས་ཡ་གླིང་དབུས་མའི་རྒྱལ་ཁབ་ལྔའི་གཙོ་བདག་གིས། ཞི་ཅིན་ཕིང་གི་ཕུལ་དུ་བྱུང་བའི་མགོ་ཁྲིད་འོག ཀྲུང་གོར་འཛམ་གླིང་གིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པ་དང་། ཀྲུང་གོས་ཡ་གླིང་དབུས་མའི་རྒྱལ་ཁབ་དང་ཁྱོན་ཡོངས་ནས་མཉམ་ལས་བྱས་ནས། རྒྱལ་ཁབ་ཁག་ལ་ཐོབ་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་སྤྲད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་དང་ཡ་གླིང་དབུས་མའི་ལམ་སྲོལ་དེ་ཕྱོགས་གཉིས་ཀྱི་གྲོས་མོལ་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཡ་གླིང་དབུས་མའི་རྒྱལ་ཁབ་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད། ངེས་གཏན་མེད་པའི་འཛམ་གླིང་ཁྲོད། ཀྲུང་གོ་དང་ཡ་གླིང་དབུས་མའི་ལམ་སྲོལ་གྱི་འཐབ་ཇུས་དོན་སྙིང་སྔར་བས་མངོན་གསལ་དུ་གྱུར་པ་དང་། ཀྲུང་གོའི་དར་རྒྱས་སྟོབས་ཆེན་གྱིས་མཐའ་འཁོར་རྒྱལ་ཁབ་ལ་ཕན་ཁེ་བསྐྲུན་བཞིན་ཡོད། ཀྲུང་གོ་ནི་ཡ་གླིང་དབུས་མའི་རྒྱལ་ཁབ་ཁག་གིས་ཡུན་རིང་ཡིད་ཆེས་བྱེད་ཆོག་པའི་འཐབ་ཇུས་རོགས་ཟླ་དང་གྲོགས་པོ་ངོ་མ་ཞིག་ཡིན། ཡ་གླིང་དབུས་མའི་རྒྱལ་ཁབ་ཁག་གིས་ཀྲུང་གོ་དང་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་མཉམ་ལས་བྱེད་སྟངས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཀྲུང་གོ་དང་ཕྱོགས་ཡོངས་ཀྱི་མཉམ་ལས་དམ་ཟབ་དང་། ཉོ་ཚོང་དང་མ་འཇོག་གཞི་ཁྱོན་རྒྱ་ཆེར་གཏོང་བ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ། བཟོ་ལས་དང་ཞིང་ལས། ཚན་རྩལ། རྨང་གཞིའི་སྒྲིག་བཀོད། ནུས་རྒྱུ་གསར་པ། ཕན་ཚུན་འབྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ས་ཁོངས་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། རིག་གནས་དང་སློབ་གསོ། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མི་ཆོས་བརྗེ་རེས་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ཡ་གླིང་དབུས་མའི་ལམ་སྲོལ་ས་ཁོངས་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་བསྐྲུན་ནས། འཕེལ་རྒྱས་དང་དར་རྒྱས་མཉམ་སྤྱོད་དང་། ཞི་བདེ་དང་བརྟན་ལྷིང་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ། སྔར་ལས་དམ་ཟབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད། ཕྱོགས་སོ་སོས་ཀྲུང་གོས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་འདོན་སྤེལ་བྱས་པའི་དགེ་མཚན་ལྡན་པའི་ནུས་པར་ཚད་མཐོའི་བསྔགས་བརྗོད་བྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་གཞི་ཆེན་པོ་གསུམ་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་པ་དང་། ཀྲུང་གོ་དང་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ཏེ། རང་མོས་ཉོ་ཚོང་དང་ཕྱོགས་མང་ཉོ་ཚོང་མ་ལག་སྲུང་སྐྱོང་བརྟན་པོ་བྱས་ནས། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད་པར་མགྲིན་གཅིག་ཏུ་བསྟན། 

རྩེ་ཚོགས་སྐབས། ཞི་ཅིན་ཕིང་གིས་ཡ་གླིང་དབུས་མའི་རྒྱལ་ཁབ་ལྔའི་གཙོ་བདག་དང《ཀྲུང་གོ་དང་ཡ་གླིང་དབུས་མའི་རྩེ་ཚོགས་སྐབས་གཉིས་པའི་ཨ་སི་ཐ་ནའི་བསྒྲགས་གཏམ》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ། ཅི་ཨེར་ཅི་སི་སྤྱི་མཐུན་རྒྱལ་ཁབ། ཐ་ཅི་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ། ཐུའུ་ཁུའུ་མན་སི་ཐན། ཝུའུ་ཚི་པའེ་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་བཅས་དང་ཡུན་རིང་ཁྱིམ་མཚེས་མཛའ་མཐུན་གྱི་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད། 

རྩེ་ཚོགས་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། མི་སྣ་འགྲོ་འོང་སྟབས་བདེ་ཅན། ལྗང་མདོག་གཏེར་རྫས། ཉོ་ཚོང་ཤར་གཏོང་། ཕན་ཚུན་འབྲེལ་མཐུད། བཟོ་ལས། འགག་སྒོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ12ལ་མིང་རྟགས་འགོད་རྒྱུའི་ཁྱབ་བསྒྲགས་བྱས། རྩེ་ཚོགས་རིང་ཀྲུང་གོས་ཡ་གླིང་དབུས་མའི་རྒྱལ་ཁབ་ལྔ་དང་མཛའ་མཐུན་གྲོང་ཁྱེར་གྱི་གྲོས་མཐུན་མང་པོ་ཞིག་ལ་མིང་རྟགས་བཀོད་པ་དང་། ཕྱོགས་གཉིས་ཀྱི་མཛའ་མཐུན་གྲོང་ཁྱེར་གྱི་གྲངས་འབོར་ཆ100ལས་བརྒལ་ཡོད།

微信图片_20250618164210.jpg

ས་གནས་དེའི་དུས་ཚོད་ཟླ6པའི་ཚེས17ཉིན་གྱི་ཕྱི་དྲོར། ཀྲུང་གོ་དང་ཡ་གླིང་དབུས་མའི་རྩེ་ཚོགས་སྐབས་གཉིས་པ་ཨ་སི་ཐ་ནའི་སྒེར་ཚུགས་ཕོ་བྲང་དུ་འཚོགས། ཧ་སག་སི་ཐན་གྱི་སྲིད་འཛིན་ཐའོ་ཁ་ཡེ་ཧྥུའུ་ཡིས་རྩེ་ཚོགས་ལ་མགོ་འཛིན་གནང་བ། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཅི་ཨེར་ཅི་སི་སི་ཐན་གྱི་སྲིད་འཛིན་ཀྲ་ཕ་ལུའོ་ཧྥུའུ། ཐ་ཅི་ཁི་སི་ཐན་གྱི་སྲིད་འཛིན་ལ་ཧི་མོན། ཐུའུ་ཁུའུ་མན་སི་ཐན་གྱི་སྲིད་འཛིན་པའེ་ཨེར་ཏི་མུའུ་ཧ་མའེ་ཏུའོ་ཧྥུའུ། ཝུའུ་ཚི་པའེ་ཁི་སི་ཐན་གྱི་སྲིད་འཛིན་སྨི་ཨེར་ཅི་ཡུའེ་ཡེ་ཧྥུའུ་བཅས་རྩེ་ཚོགས་ལ་ཞུགས། འདི་ནི་ཞི་ཅིན་ཕིང་གིས་ཡ་གླིང་དབུས་མའི་རྒྱལ་ཁབ་ལྔའི་གཙོ་བདག་དང་མཉམ་དུ་ཀྲུང་གོ་དང་ཡ་གླིང་དབུས་མའི་དབུལ་འཕྲི་མཉམ་ལས་ལྟེ་གནས་དང་སློབ་གསོ་བརྗེ་རེས་མཉམ་ལས་ལྟེ་གནས། བྱེ་ཐང་ཅན་འགོག་བཅོས་མཉམ་ལས་ལྟེ་གནས། ཉོ་ཚོང་ཤར་གཏོང་མཉམ་ལས་སྟེགས་བུའི་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་པའི་ཚུལ་རེད། 

ཞི་ཅིན་ཕིང་གིས་ད་རུང་ཡ་གླིང་དབུས་མའི་རྒྱལ་ཁབ་ལྔའི་གཙོ་བདག་དང་མཉམ་དུ་ཀྲུང་གོ་དང་ཡ་གླིང་དབུས་མའི་དབུལ་འཕྲི་མཉམ་ལས་ལྟེ་གནས་དང་སློབ་གསོ་བརྗེ་རེས་མཉམ་ལས་ལྟེ་གནས། བྱེ་ཐང་ཅན་འགོག་བཅོས་མཉམ་ལས་ལྟེ་གནས། ཉོ་ཚོང་ཤར་གཏོང་མཉམ་ལས་སྟེགས་བུའི་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས།

ཕྱོགས་སོ་སོས་ཀྲུང་གོས2027ལོའི་ཀྲུང་གོ་དང་ཡ་གླིང་དབུས་མའི་རྩེ་ཚོགས་ཐེངས་གསུམ་པ་གཙོ་སྒྲུབ་བྱེད་པར་གྲོས་མཐུན་བྱུང་།

ཉིན་དེའི་དགོང་མོར། ཞི་ཅིན་ཕིང་སྲིད་འཛིན་ཐའོ་ཁ་ཡེ་ཧྥུའུ་ཡིས་རྩེ་ཚོགས་ལ་ཞུགས་པའི་རྒྱལ་ཁབ་གཙོ་བདག་རྣམས་ལ་སྤེལ་བའི་དགའ་བསུའི་གསོལ་སྟོན་ལ་ཞུགས། 

ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་བྱེད་སྒོར་ཞུགས་ཡོད། །


མཉམ་སྤྱོད།