དེ་རིང་ནི2025ལོའི་ཟླ06པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་རབ་མཛེས་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས་ཉེར་བཞི་པའི་མཚོ་བྱང་འགྲན་མཚམས་ཀྱི་གྲ་སྒྲིག་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་སྐུལ་འདེད་བཏང་།

2025-06-19 10:44:24   |   459

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ6པའི་ཚེས12ཉིན་དང་། ཚེས17ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་སྒར་འདེབས་དང་སྒར་ཕྱིའི་རྟེན་གཞི། མཚོ་སྐོར་ཤར་ལམ་ལམ་རྒྱུད་དུ་སྨོན་ལམ་མཐོན་པོ་འགྲན་མཚམས་དང་འགྲན་སྡུར་གྱི་མཇུག་སྒྲིལ་མཛད་སྒོའི་ཡུལ་དངོས་ཀྱི་གྲ་སྒྲིག་བྱ་བ་སོ་སོར་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ཤིང་། གནས་པའི་དཀའ་ངལ་གནད་དོན་དང་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་དབྱེ་ཞིབ་བྱས་པར་མ་ཟད། ཡུལ་དངོས་ནས་སྒྲུབ་སྐུལ་གནང་ནས་ནན་གྱིས་བསྟན་དོན། ལེགས་ཐོག་ལེགས་འཚོལ་གྱི་འདུ་ཤེས་ལ་བརྟེན་ནས་ཚད་གཞི་མཐོ་བ་དང་བླང་བྱ་ནན་མོ་བཏོན་ནས་གྲ་སྒྲིག་བྱ་བ་སོ་སོ་དུས་བཀག་ལྟར་ལེགས་འགྲུབ་བྱས་ཏེ“རབ་མཛེས་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར”དེ“མདོག་ལྔའི་གཡང་ས། དག་སྣང་མཚོ་བྱང”འགྲེམས་སྟོན་བྱེད་པའི་མཛེས་སྡུག་གི་མིང་བྱང་ཞིག་ཏུ་འགྱུར་བར་བྱེད་དགོས་ཟེར།

图片1.jpg

图片2.jpg

ཤ་བོ་སྐྱབས་ཀྱིས་བསྟན་དོན། རབ་མཛེས་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས་ཉེར་བཞི་པ་ལ་ཁྱོན་འགྲན་མཚམས8ཡོད་པ་དང་གོ་ལ་ཧྲིལ་པོའི་གླིང་ཆེན་བཞིའི་རྒྱལ་ཁབ11གི་རུ་ཁག22དང་ལུས་རྩལ་པ154འགྲན་སྡུར་ལ་ཞུགས་ཤིང་། དེའི་ཁྲོད་འཛམ་གླིང་གི་རུ་ཁག་རྩེ་གྲས1དང་ཆེད་ལས་རུ་ཁག8། དེ་མིན་གླིང་བར་གྱི་རུ་ཁག13བཅས་འདུ། དེའི་ནང་འགྲན་མཚམས6མཚོ་བྱང་ཁུལ་གྱི་མངའ་ཁོངས་སུ་ཡོད་པ་དང་འགྲན་སྡུར་གྱི་སྤྱིའི་ལམ་ཐིག་སྤྱི་ལེ1401ཡོད་པ་དང་མཚོ་བྱང་མངའ་ཁོངས་སུ་སྤྱི་ལེ1078ཡོད་པ་དེས་སྤྱིའི་རིང་ཚད་ཀྱི77%ཟིན་ཡོད། ལམ་བར་དུ་འཇུ་ལག་དང་མདོ་ལ། རྐང་ཚ། མདའ་བཞི་བཅས་རྫོང4བརྒྱུད་དེ་མཚོ་བྱང་གི་གངས་རི་དང་ཆུ་བོ། ནགས་ཚལ། ས་ཞིང་། མཚེའུ། རྩྭ་ཐང་། བྱེ་ཐང་། མེ་ཏོག་རྒྱ་མཚོ། གྲོག་རོང་བཅས་ལས་གྲུབ་པའི་སྐྱེ་ཁམས་ཀྱི་མཛེས་རིས་ཡོངས་སུ་མངོན་པར་བྱས་ཡོད། ལྷག་པར་དུ་འགྲན་མཚམས་བརྒྱད་པའི་སྨོན་ལམ་མཐོན་པོ་སྐོར་བའི་འགྲན་སྡུར་གྱི་བརྒྱུད་རིམ་ཧྲིལ་པོར་སྤྱི་ལེ121ཡོད་ལ། དེ་རུ་ཀྲུང་གོའི་རྡུལ་ཕྲན་མཁར་དང་གསེར་དངུལ་ཐང་། མཚོ་ཆུང་ནོར་བུ། བྱེ་གླིང་། བྱེ་མ་གསེར་ལྡན། ཁེ་ཐུའུ་བྱེ་བཅོས་ཁུལ་སོགས་ལྗོངས་ཁུལ་བརྒྱུད་པར་མ་ཟད། སྨོན་ལམ་མཐོན་པོ་སྒར་འདེབས་དང་སྒར་ཕྱིའི་རྟེན་གཞིར་མཇུག་སྒྲིལ་མཛད་སྒོ་སྤེལ་བ་ནི་རྒྱལ་སྤྱིའི་འགྲན་སྡུར་ལས་སྟེགས་ལ་བརྟེན་ནས་ཕྱི་ཕྱོགས་སུ་མཚོ་བྱང་དྲིལ་སྒྲོག་དང་མཚོ་བྱང་འགྲེམས་སྟོན་བྱེད་པའི་གོ་སྐབས་ཧ་ཅང་བཟང་བོ་ཞིག་ཡིན་ཟེར།

图片3.jpg

图片4.jpg

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། “རབ་མཛེས་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར”གྱི་མཚོ་བྱང་འགྲན་མཚམས་ཀྱི་ཞབས་ཞུའི་འགན་ལེན་བྱ་བ་སོ་སོ་ཡག་པོར་བསྒྲུབ་རྒྱུ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ང་ཚོར་སྤྲད་པའི་བྱ་བ་གལ་ཆེན་ཞིག་ཡིན། ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས་དང་རྫོང་སོ་སོས་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་བསམ་སྤྱོད་གཅིག་མཐུན་བྱས་ཏེ་ལས་ཡུན་ལྡོག་སྒྲིག་དང་དཔེ་རིས་བཀལ་ནས་དམག་འཐབ་བྱས་ཏེ་དུས་མགོར་བཀོད་སྒྲིག་བྱས་པའི་བྱ་བའི་ལས་འགན་སོ་སོ་དོན་འཁྱོལ་དང་ལག་ལེན་ཞིབ་ཚགས་ཡོང་བར་འགན་ལེན་ཏན་ཏིག་བྱས་ཏེ་ཐད་ཀར་མཇུག་མཐའི་ཕན་འབྲས་དངོས་བརྩོན་ལེན་བྱས་ཏེ་འགྲན་སྡུར་ཆུ་ཚད་ལྡན་པ་དང་ཁྱད་ཆོས་ལྡན་པ། ཕན་འབྲས་ཐོན་པ་ཞིག་ཏུ་བསྒྲུབ་དགོས། ཁུལ་རིག་གནས་ལུས་རྩལ་གནས་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུ་ཡིས་མཇུག་སྒྲིལ་མཛད་སྒོའི་གྲ་སྒྲིག་བྱ་བ་སོ་སོ་ནུས་ཤུགས་ཡོད་རྒུས་ལེགས་པོར་བསྒྲུབ་ཏེ་ལས་ཡུན་དམ་འཛིན་བྱས་ནས་གར་སྟེགས་དང་རླངས་འཁོར་འཇོག་ས། སྒར་རྒྱག་མགྲོན་བྲང་སོགས་རྒྱུ་རྐྱེན་གཙོ་བོའི་འགན་ལེན་བྱ་བ་ལེགས་སྒྲུབ་བྱེད་པ་དང་ལུས་རྩལ་པ་དང་སྐུ་མགྲོན། ལས་སྒྲུབ་མི་སྣ་སོགས་ཟས་སྡོད་དང་ཚོགས་དོན་འགན་ལེན་བྱ་བ་ཇུས་འགོད་ཞིབ་ཚགས་བྱས་ཏེ་ཚོན་ལྡན་ལོག་དཀར་དང་རྩྭ་ར་སོགས་ཆུ་འདྲེན་ལྗང་སྒྱུར་དང་གཟུགས་འདས་ཤུལ་བཞག་རིག་གནས། ཞིང་ཕྱུགས་ཐོན་རྫས་འགྲེམས་སྟོན་ཁུལ་བཀོད་སྒྲིག་སོགས་ཀྱི་བྱ་བ་མཉམ་ཏུ་སྤེལ་དགོས། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུ་ཡིས་ཨར་ལས་སྟོབས་ཤུགས་སྔར་བས་ཆེ་རུ་བཏང་ནས་སྨོན་ལམ་མཐོན་པོ་སྐྱེ་ཁམས་གནས་སྐོར་དང་གསར་བརྗེའི་ཉམས་ཞིབ་རྟེན་གཞིའི་འབུད་སྒོ་དང་འཛུལ་སྒོའི་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་ལས་གཞི་དང་། སྨོན་ལམ་མཐོན་པོའི་རྩེར་བསྐྱོད་པའི་གཞུང་ལམ་དུ་སྣུམ་སྙིགས་ལྡུག་པའི་བཟོ་སྐྲུན། སྨོན་ལམ་མཐོན་པོའི་རི་རྩེའི་དམག་དཔོན་གདུང་གི་བྱེ་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལས་འགན་དུས་བཀག་ལྟར་ལེགས་སྒྲུབ་ཐུབ་པར་འགན་ལེན་བྱེད་དགོས་ལ། རྫོང་བཞི་དང་མཉམ་དུ་ནུས་ཤུགས་ཡོད་རྒུས་འགྲན་སྡུར་གྱི་ལམ་དུམ་བགྲོད་ལམ་བདག་སྐྱོང་བྱ་བ་ལེགས་པོར་བསྒྲུབ་དགོས། ཁུལ་ནགས་ལས་དང་རྩྭ་ཐང་ཅུ་ཡིས་སྡོང་འཛུགས་ལྗང་སྒྱུར་བྱ་བ་མུ་མཐུད་ལེགས་སྒྲུབ་བྱས་ཏེ། ཁྲོན་པ་སྔོག་འདོན་སོགས་ཀྱི་བྱེད་ཐབས་སྤྱད་དེ་དུས་བཀག་ལྟར་ལྗང་སྒྱུར་ཁུལ་དང་རྨོ་བསྐྱུར་ནགས་འདེབས་སོགས་ལ་ཆུ་འདྲེན་པ་དང་། རྫོང་བཞི་དང་མཉམ་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལྗང་སྒྱུར་མཛེས་བཟོའི་བྱ་བ་ཡག་པོར་བསྒྲུབ་དགོས། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུ་ཡིས་སྐྱེ་ཁམས་ཁོར་ཡུག་གཅིག་བསྡུས་བཅོས་སྐྱོང་ཏན་ཏིག་བྱས་ཏེ་ཁུལ་ཡོངས་ཀྱི་ལྗོངས་ཁུལ་དང་འགྲིམ་འགྲུལ་ལམ་ཆེན་རིས་ཁྲ་བཅོས་སྐྱོང་བྱ་བར་དོ་སྣང་བྱས་ཏེ་ཁྲིམས་འཛིན་ཞིབ་བཤེར་དང་ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་བཅོས་སྐྱོང་ཕྱོགས་ཡོངས་ནས་སྤེལ་དགོས། ཁུལ་ཨུའི་དྲིལ་སྒྲོག་པུ་ཡིས་འགྲན་སྡུར་བརྗོད་གཞིར་བྱས་ཏེ་ཕྱོགས་ཡོངས་དང་ཟུར་མང་པོ། རྒྱ་ཆེ་བའི་སྒོ་ནས་གྲ་སྒྲིག་དྲིལ་སྒྲོག་དང་འགྲན་སྡུར་གནས་ཚུལ་སྤེལ་བའི་བྱ་བ་ཧུར་ཐག་དང་རང་འགུལ་ངང་ལེགས་པར་བསྒྲུབ་དགོས་པ་དང་། རྫོང་བཞི་སྒྲིག་འཛུགས་བྱས་ནས་ལྗོངས་ཁུལ་གྱི་དྲིལ་སྒྲོག་བརྙན་ཐུང་གྲ་སྒྲིག་བྱེད་པ་དང་ཐེངས་མང་བོར་ངོ་སྤྲོད་དྲིལ་སྒྲོག་བྱས་ཏེ་སྨོན་ལམ་མཐོན་པོ་མཁའ་དམག་མེ་སྒྱོགས་ཧྲིའི་འགྲེམ་སྟོན་ཁང་དུ་འགྲེམས་སྟོན་བྱས་པའི་བྱ་བ་ལེགས་གྲུབ་བྱས་ཏེ་འགྲན་སྡུར་ལ་བརྟེན་ནས་མཚོ་བྱང་གི་གསར་བརྗེའི་གཏམ་རྒྱུད་ཡག་པོར་བཤད་ནས་མཚོ་བྱང་གི་སྣང་བརྙན་སྟོན་དགོས། ཁུལ་ཞིང་ཕྱུགས་ཚན་རྩལ་ཅུ་ཡིས་མཚོ་སྔོན་གྱི་ལིང་གྱོ་རྒྱ་དང་མཚོ་སྔོན་པོའི་ནོར་གནག ནོར་དཀར། མདོ་ལའི་བོད་ལུག རྔ་མོང་སོགས་གྲ་སྒྲིག་ཡག་པོ་བྱས་ནས་སྐོར་སྐྱོད་བརྒྱུད་འགྲན་སྡུར་ལ་བསུ་བ་བྱེད་དགོས། ཁུལ་སྤྱི་བདེ་ཅུ་ཡིས་འགྲན་སྡུར་གྱི་བདེ་འཇགས་སྲུང་སྐྱོང་གི་ཇུས་གཞི་དང་གློ་བུར་དུ་བྱུང་བའི་དོན་རྐྱེན་གྱི་མཁོ་བསྟུན་སྔོན་ཇུས་ཡག་པོར་བཟོས་ནས། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་དང་ལས་བྱེད་ལས་བཟོ་བ། སྐྱེ་ཁམས་དོ་དམ་མི་སྣ་སོགས་སྐོང་འཐེན་བྱས་ནས་འགྲན་སྡུར་གྱི་བདེ་སྲུང་བྱ་བར་ཤུགས་བསྣན་ནས་འགྲན་ཞུགས་མི་སྣ་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས། ཁུལ་བཟོ་ལས་ཆ་འཕྲིན་ཅུ་ཡིས་སྣེ་ཁྲིད་ནས་ཁེ་ལས་སྒྲིག་འཛུགས་བྱས་ཏེ་འགྲན་སྡུར་བརྒྱུད་ལམ་གྱི་ཁེ་ལས་དྲིལ་སྒྲོག་བྱ་བ་ཡག་པོར་བསྒྲུབ་དགོས། ཁུལ་མཁོ་ཚོང་མཉམ་ལས་ཁང་གིས་ཞིང་ཕྱུགས་ཐོན་རྫས་དང་མཚོ་བྱང་གི་ཁྱད་ལྡན་ཚོང་ཟོག་འགྲེམས་ཚོང་བྱ་བ་ཡག་པོར་བསྒྲུབ་དགོས། རྫོང་བཞི་དང་འབྲེལ་ཡོད་སྡེ་ཁག་སོ་སོ། ལས་སྒྲུབ་ཚན་ཆུང་སོ་སོས《རབ་མཛེས་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས་ཉེར་བཞི་པའི་མཚོ་བྱང་འགྲན་མཚམས་ཀྱི་རྩ་འཛུགས་འཁོར་སྐྱོད་ཇུས་གཞི》གཞིར་བཟུང་སྟེ་རང་འགན་རང་ཁུར་དང་རང་འགན་གཙང་སྒྲུབ་བྱས་ནས་བྱ་བའི་ལས་འགན་སོ་སོ་དོན་འཁྱོལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཟེར།

ཁུལ་གྱི་མགོ་ཁྲིད་ཆན་གོ་ཆིན་དང་། སི་ཅི་ཧྲིན། ཀྲང་ཐའོ། ཁྲང་ལིན། དེ་བཞིན་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་སོ་སོར་བརྟག་ཞིབ་ལ་ཞུགས།


མཉམ་སྤྱོད།