དེ་རིང་ནི2025ལོའི་ཟླ06པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོས་དབྱི་རན་དང་དབྱི་སི་རལ་ནས་སྤྱི་དམངས་ཕྱིར་འཐེན་བྱས་པ།

2025-06-19 16:22:33   |   133

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།  ཞིན་ཧྭ་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ6པའི་ཚེས19ཉིན་འབྱོར་བའི་གློག་འཕྲིན། ཚེས19ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀུའོ་ཅ་ཁུན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་དྲི་བར་ལན་འདེབས་སྐབས། མིག་སྔའི་བར། ཕྱི་འབྲེལ་པུ་དང་ཀྲུང་གོའི་དབྱི་རན་དང་དབྱི་སི་རལ་དུ་བཅའ་སྡོད་བྱས་པའི་གཞུང་ཚབ་ཁང་དང་མཐའ་འཁོར་འབྲེལ་ཡོད་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་གི་རྩ་འཛུགས་དང་མཐུན་སྦྱོར་འོག ཀྲུང་གོའི་སྤྱི་དམངས1600ལྷག་ཙམ་དབྱི་རན་ནས་བདེ་འཇགས་ངང་ཕྱིར་འཐེན་བྱས་པ་དང་། ཀྲུང་གོའི་སྤྱི་དམངས་བརྒྱ་ཕྲག་ལྷག་དབྱི་སི་རལ་ནས་ཕྱིར་འཐེན་བྱས་ཡོད། ཕྱི་འབྲེལ་པུ་དང་འབྲེལ་ཡོད་གཞུང་ཚབ་ཁང་གིས་ཀྲུང་གོའི་སྤྱི་དམངས་བདེ་འཇགས་ངང་གནས་སྤོ་དང་ཕྱིར་འཐེན་བྱ་རྒྱུར་མུ་མཐུད་དུ་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱ་རྒྱུ་ཡིན་བཤད་པ་རེད།


མཉམ་སྤྱོད།