དེ་རིང་ནི2025ལོའི་ཟླ06པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་སྨོན་ལམ་མཐོན་པོའི་སྐྱེ་ཁམས་གནས་སྐོར་དང་གསར་བརྗེའི་ཉམས་ཞིབ་རྟེན་གཞིར་བརྟག་ཞིབ་གནང་།

2025-06-20 10:27:12   |   267

རྩོམ་སྒྲིག   སངས་དོན།    ཡོང་ཁུངས།  མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར་ཁང་།    བཤེར་འབེབས།   རིན་ཆེན་ཚེ་རིང་། 


ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་སྨོན་ལམ་མཐོན་པོའི་སྐྱེ་ཁམས་གནས་སྐོར་དང་གསར་བརྗེའི་ཉམས་ཞིབ་རྟེན་གཞིར་བརྟག་ཞིབ་གནང་སྐབས་སྨོན་ལམ་མཐོན་པོའི་ཐུན་མོང་མ་ཡིན་པའི་གསར་བརྗེ་དང་སྐྱེ་ཁམས་ཀྱི་ལེགས་ཆ་ཆེན་པོ་གཉིས་འདོན་སྤེལ་གང་ལེགས་བྱས་ཏེ། སྨོན་ལམ་མཐོན་པོའི་སྐྱེ་ཁམས་གནས་སྐོར་དང་གསར་བརྗེའི་ཉམས་ཞིབ་རྟེན་གཞི་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་བཏོད་པར་རམ་འདེགས་བྱེད་དགོས་པ་ནན་གྱིས་བསྟན།

02.jpg

ཤ་བོ་སྐྱབས་ཀྱིས་བསྟན་དོན། སྨོན་ལམ་མཐོན་པོ་དང་གསེར་དངུལ་ཐང་གི་མཐའ་སྐོར་དུ་མཁའ་དམག་མཐོ་འཕེན་མེ་སྒྱོགས་ཧྲི་ཤོག12དང་ཧྲི་ཤོག13། ཧྲི་ཤོག1བཅས་དང་། དེ་བཞིན་ས་གནམ་འཕུར་མདེལ་རུ་ཤོག8པའི་དམག་སྒར་བཅུ་གཉིས་པ་དང་། མཁའ་དམག་འཚོལ་ཞིབ་སྒྲོན་དམག་རུ་ཤོག6པའི་དམག་སྒར་གཉིས་པ། ལེ་ཏ་དམག་རང་ཚུགས་རུ་ཤོག35པའི་བརྒྱ་ཤོག་གསུམ་པ་སོགས་ཀྱི་དམག་དཔུང་ཁྱོན་བསྡོམས་མི་ཁྲི1.9ལྷག་ཙམ་བཅའ་སྡོད་བྱས་ནས་རྟེན་གཞིའི་མཁའ་ཟོན་སྲུང་སྐྱོང་གི་ལས་འགན་འཁུར་མྱོང་། དམག་སྤྱི་ཉེ་རུང་ཀྲེན་དང་། དམག་དཔོན་སུང་རེན་ཆུང་དང་ཁྲེན་ཧྲི་ཅུས། ཀྲང་ཨའེ་ཕིན། ཀྲའོ་ཨེར་ལུའུ། ཧན་ཞན་ཁྲུའུ། དེ་བཞིན་ཧྲའོ་ཅང་ལི་ཅུའེ་སོགས་སྔ་རྗེས་སུ་སྨོན་ལམ་མཐོན་པོ་དང་གསེར་དངུལ་ཐང་དུ་གཟིགས་ཞིབ་དང་ཁྲིད་སྟོན་གནང་བར་ཕེབས་མྱོང་བ་དང་། སྐུ་ངོ་མས་འགོག་སྲུང་བྱ་བར་བཀོད་སྒྲིག་གནང་བས་སྨོན་ལམ་མཐོན་པོར་གཞོམ་ཞིག་དཀའ་བའི་སྲུང་ཡོལ་བསྐྲུན་ཡོད་པ་དང་། "མདེལ་གཉིས་སྐར་གཅིག"ཞིབ་བཟོ་ལེགས་འགྲུབ་ཡོང་བར་བྱས་རྗེས་གལ་ཆེན་ཕུལ་ཡོད་ལ། དེ་ནི་ལོ་རྒྱུས་ཀྱི་དྲན་ཤེས་ཟབ་མོ་ཐེག་པའི་གསར་བརྗེའི་སློབ་གསོའི་རྟེན་གཞི་ཞིག་ཡིན། དེ་མིན་སྨོན་ལམ་མཐོན་པོའི་ས་བབ་ལེགས་པ་དང་སྐྱེ་ཁམས་ཁོར་ཡུག་མཛེས་པ། གནས་སྐོར་ཐོན་ཁུངས་ཐུན་མོང་མ་ཡིན་པ་དང་། མཚོ་དཔག་སྨི4024ཡོད་པའི་སྨོན་ལམ་མཐོན་པོའི་རི་རྩེ་ནི་མཚོ་སྔོན་པོ་དང་གསེར་དངུལ་ཐང་གི་གསར་བརྗེའི་རྩྭ་ཐང་གི་ཡུལ་ལྗོངས་ཡོངས་ལ་ཐུར་ལྟ་བྱེད་པའི་ལྗོངས་གཟིགས་གནས་ཡུལ་ཡག་ཤོས་དེ་ཡིན་ལ། སྤེན་མའི་མེ་ཏོག་དང་སྟག་མའི་མེ་ཏོག་ལྷམ་མེར་བཞད་པའི་ས་ཆ་ཞིག་ཡིན་པ་དང་། གནས་སྐོར་ཐོན་ཁུངས་གསར་སྤེལ་གྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད་པས། སྨོན་ལམ་མཐོན་པོའི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་དང་ས་ཁོངས། རིག་གནས་གནས་སྐོར་སོགས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། སྨོན་ལམ་མཐོན་པོའི་སྐྱེ་ཁམས་གནས་སྐོར་དང་གསར་བརྗེའི་ཉམས་ཞིབ་རྟེན་གཞི་འཛུགས་སྐྲུན་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་དགོས་ཟེར།

03.jpg

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། སྨོན་ལམ་མཐོན་པོའི་གསར་སྤེལ་འཛུགས་སྐྲུན་དང་མཚོ་སྔོན་པོའི་སྐྱེ་ཁམས་ཐོན་ཁུངས་ཀྱི་དུས་བཞིའི་བེད་སྤྱོད་ཐབས་ལམ་ཟུང་འབྲེལ་བྱས་ཏེ་རིམ་པ་མཐོ་བའི་སྒོ་ནས་རྐང་བགྲོད་དང་རི་འཛེག བྱེས་བགྲོད། གངས་ཤུད་སོགས་ཕྱི་རོལ་གྱི་ལུས་རྩལ་ཐོན་ལས་གཏོད་རྒྱུའི་ཇུས་འགོད་བྱེད་པ་དང་། ལྷག་པར་སྨོན་ལམ་མཐོན་པོའི་འཛུལ་སྒོ་ནས་ཝ་མདོ་ཉག་གའི་བར་གྱི་སྤྱི་ལེ27གྱི་གནས་སྐོར་གཞུང་ལམ་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་དང་བེད་སྤྱོད་ཡག་པོ་བྱས་ཏེ་ཞིང་ཆེན་ལུས་རྩལ་ཅུས་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་རྒྱལ་ནང་གི་འཕྲུལ་རྟའི་བྱེས་བགྲོད་འགྲན་སྡུར་དང་། ལམ་ཐག་ཕྱེད་ཀའི་མ་ལ་སུང་འགྲན་སྡུར། རི་ཁུལ་གྱི་ལྕགས་རྟའི་འགྲན་སྡུར། མཚོ་སྐོར་ལྕགས་རྟའི་འགྲན་སྡུར་སོགས་ལུས་རྩལ་འགྲན་ཚོགས་ཀྱི་བྱེད་སྒོ་སྤེལ་བ་དང་སྒྲུབ་འགན་འཁུར་རྒྱུ་དང་། ད་ལོར"དམག་དཔོན་གདུང་ལ་བསྐྱར་བསྐྱོད་བྱེད། སྨོན་ལམ་མཐོན་པོའི་ཕ་རོལ་བརྒལ"ཞེས་པའི་བྱེས་བགྲོད་དཔའ་བོའི་ཚོགས་འདུ་དང་། རྡུལ་ཕྲན་མཁར་སྨོན་ལམ་མཐོན་པོའི་རི་འཛེག་ཚོགས་ཆེན། སྨོན་ལམ་མཐོན་པོའི་ལམ་ཐག་ཕྱེད་ཀའི་མ་ལ་སུང་འགྲན་ཚོགས། མཚོ་སྔོན་གྱི་ལིང་གྱོ་རྒྱའི་རྟ་རྒྱུག་འགྲན་སྡུར་སོགས་ཀྱི་འགྲན་དོན་བྱེད་སྒོ་ཇུས་འགོད་དང་ལེགས་པར་སྤེལ་ཏེ་འགྲན་སྡུར་བྱེད་སྒོ་བརྒྱུད་ནས་ལྗོངས་ཁུལ་གྱི་མཚན་སྙན་གྲགས་དང་ཤུགས་རྐྱེན་མུ་མཐུད་མཐོར་འདེགས་སུ་བཏང་ནས"དམག་དཔོན་གདུང"འགྲན་སྡུར་གྱི་ལམ་ཐིག་དེ་སྨོན་ལམ་མཐོན་པོའི་ཆེས་མཛེས་པའི་མིང་བྱང་ཞིག་ཏུ་འགྱུར་དུ་འཇུག་དགོས་ཟེར།

01.jpg

ཤ་བོ་སྐྱབས་ཀྱིས་བླང་བྱ་བཏོན་དོན། ཝ་མདོ་ཉག་ག་ནས་དམག་དཔོན་གདུང་གི་ཞིང་སྡེའི་བགྲོད་ལམ་རིམ་སྤོར་ལེགས་སྒྱུར་ལས་གཞི་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་ནས་རླངས་འཁོར་འདུག་ས་དང་ལྗོངས་གཟིགས་སྟེགས་བུ། གནས་སྐོར་གསང་སྤྱོད་སོགས་འགྲིམ་འགྲུལ་གནས་སྐོར་མཉམ་འདྲེས་ཀྱི་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་ལག་བསྟར་བྱེད་དགོས། མདའ་བཞི་བུ་རྒོད་སྡེ་བ་ནས་སྨོན་ལམ་མཐོན་པོའི་བར་གྱི་གཞུང་ལམ་འགྲམ་གྱི་སྤེན་མའི་མེ་ཏོག་དང་སྟག་མའི་མེ་ཏོག་གི་ལྗོངས་གཟིགས་སྟེགས་བུ་སོགས་སྒྲིག་ཆས་འཛུགས་སྐྲུན་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་མདོག་ལྔའི“འཇའ་ཚོན”གྱི་མཚོན་ཐིག་ཇུས་བཟོ་བྱས་ཏེ་གཞུང་ལམ་གནས་སྐོར་ཞབས་ཞུའི་གཞི་རྒྱུ་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས། སྨོན་ལམ་མཐོན་པོའི་ལྗོངས་གཟིགས་ཤིང་ཟམ་དང་གནས་སྐོར་བའི་ཞབས་ཞུའི་ལྟེ་གནས། རླངས་འཁོར་འཇོག་ས་འཛུགས་སྐྲུན་སོགས་མགྱོགས་མྱུར་ལག་བསྟར་བྱས་ཏེ་ལུགས་མཐུན་སྒོས་གནམ་གྲུ་དང་མེ་སྒྱོགས་སོགས་མཚོན་ཆའི་དཔེ་དབྱིབས་འགྲེམས་སྟོན་བྱེད་པ་དང་། རི་རྩེ་དང་གཞུང་ལམ་འགྲམ་གཉིས་ཀྱི་རྩྭ་ཐང་རིས་ཁྲ་བཅོས་སྐྱོང་དང་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས་ཟེར།

04.jpg

ཁུལ་གྱི་མགོ་ཁྲིད་ཆན་གོ་ཆིན་དང་ཀྲང་ཐའོ། ཁྲང་ལིན། དེ་བཞིན་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་མདའ་བཞི་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་བརྟག་ཞིབ་ནང་ཞུགས་ཡོད།


མཉམ་སྤྱོད།