དེ་རིང་ནི2025ལོའི་ཟླ06པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཚོགས་འདུ་འཚོགས་ནས《ཏང་ཀྲུང་དབྱང་གི་ཐབས་ཇུས་དང་གྲོས་དོན་མཐུན་སྦྱོར་སྒྲིག་གཞིའི་ལས་དོན་སྲོལ་ཡིག》ལ་གྲོས་ཞིབ་གནང་།

2025-06-30 14:41:35   |   64

སྒྲིག་སྒྱུར། ཀླུ་མཁར་རྒྱལ།   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་ཁང་།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཟླ6ཚེས30ཉིན་ཚོགས་འདུ་འཚོགས་ནས《ཏང་ཀྲུང་དབྱང་གི་ཐབས་ཇུས་དང་གྲོས་དོན་མཐུན་སྦྱོར་སྒྲིག་གཞིའི་ལས་དོན་སྲོལ་ཡིག》ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་གཙོ་སྐྱོང་གནང་། 

ཚོགས་འདུའི་ཐོག་བསྟན་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་གྲོས་དོན་མཐུན་སྦྱོར་སྒྲིག་གཞི་འཛུགས་རྒྱུ་ནི་ཏང་ཀྲུང་དབྱང་གིས་ལས་དོན་གནད་ཆེན་ལ་གཅིག་སྡུད་གཅིག་གྱུར་གྱིས་མགོ་ཁྲིད་བྱེད་པ་དང་ལས་འགན་གནད་ཆེན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན། 《ཏང་ཀྲུང་དབྱང་གི་ཐབས་ཇུས་དང་གྲོས་དོན་མཐུན་སྦྱོར་སྒྲིག་གཞིའི་སྲོལ་ཡིག》གཏན་འབེབས་བྱས་ནས་ཕྱིར་བཏོན་པར། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་གྲོས་དོན་མཐུན་སྦྱོར་སྒྲིག་གཞིའི་གསར་འཛུགས་དང་། འགན་འཁྲི། འཁོར་སྐྱོད་བཅས་སྔར་ལས་ཚད་ལྡན་དུ་གཏོང་བ་དང་། ལས་དོན་གནད་ཆེན་གྱི་རྩེ་རིམ་ཇུས་འགོད་དང་། གཅིག་གྱུར་མཐུན་སྦྱོར། སྤྱི་ཡོངས་སྐུལ་འདེད། འགན་ནུས་དོན་འཁྱོལ་ལ་སྐུལ་འདེད་བཅས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པར་དོན་སྙིང་གལ་ཆེན་ལྡན། 

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་གྲོས་དོན་མཐུན་སྦྱོར་སྒྲིག་གཞིས་འགན་འཁྲིའི་ངེས་གནས་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ། དོན་ཆེན་དོན་གཉེར་དང་། དོན་ཆེན་གྲོས་སྡུར། དོན་ཆེན་དམ་འཛིན་བཅས་རྒྱུན་འཁྱོངས་བྱེད་པ་དང་། ལས་དོན་གནད་ཆེན་ལ་སྤྱི་འདོམས་དང་མཐུན་སྦྱོར་དེ་བས་ནུས་ལྡན་བྱས་ནས། སྤྱི་འདོམས་ཀྱིས་ཚབ་མི་བྱེད་པ་དང་ཚད་གཞིར་སོན་ཡང་གནས་ལས་མི་བརྒལ་བ་བྱེད་ཐུབ་དགོས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ། ཐབས་ཇུས་དང་གྲོས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་ནས་དོན་དངོས་དང་མཐུན་ཞིང་སྤྱོད་གོ་ཆོད་པའི་སྲིད་ཇུས་དང་བྱེད་ཐབས་འདོན་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་གང་ཐུབ་བྱས་ནས་ལས་ཀའི་དོན་འབྲས་བརྩོན་ལེན་བྱེད་དགོས།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།


མཉམ་སྤྱོད།