དེ་རིང་ནི2025ལོའི་ཟླ07པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ།

2025-06-30 15:43:59   |   90

སྒྲིག་སྒྱུར། ཀླུ་མཁར་རྒྱལ།   ཡོང་ཁུངས། བདེན་འཚོལ་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ7ཚེས1ཉིན་དཔར་དུ་བསྐྲུན་བྱའི《བདེན་འཚོལ》དུས་དེབ་འདོན་ཐེངས13པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ནི་ཀྲུང་གོའི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་སྐྲུན་བྱེད་པའི་ལྡོག་མེད་ཀྱི་འགྲོ་ལམ་ཡིན》ཞེས་པ་སྤེལ་རྒྱུ་ཡིན་ཞིང་། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི2016ལོའི་ཟླ10པ་ནས2025ལོའི་ཟླ4པའི་བར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་ཚན་བཏུས་རེད།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། སྟོབས་ཤུགས་ནི་མཐུན་སྒྲིལ་ལས་བྱུང་ཞིང་བདེ་སྐྱིད་ནི་འབད་འཐབ་ལས་བྱུང་བ་ཡིན། མཐུན་སྒྲིལ་འབད་འཐབ་བྱེད་ཐུབ་པའི་མི་རིགས་ལ་གཞི་ནས་མདུན་ལམ་ཡོད་པ་དང་། མཐུན་སྒྲིལ་འབད་འཐབ་བྱེད་ཐུབ་པའི་སྲིད་ཏང་གཞི་ནས་མི་ཕམ་པའི་གནས་སུ་ཀྲོང་ངེར་འགྲེང་ཐུབ། ཀྲུང་གོའི་མི་དམངས་ནི་མཐུན་སྒྲིལ་གྱི་སྙིང་སྟོབས་རླབས་པོ་ཆེ་དང་འབད་འཐབ་ཀྱི་སྙིང་སྟོབས་རླབས་པོ་ཆེ་ལྡན་པའི་མི་དམངས་ཤིག་ཡིན། ཏང་དང་མི་དམངས་ལ་ཐོབ་པའི་གྲུབ་འབྲས་ཡོད་དོ་ཅོག་ནི་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན་པ་དང་། མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ནི་ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱི་བསམ་པའི་མཚོན་རྟགས་མངོན་གསལ་དོད་ཤོས་ཡིན།

རྩོམ་ཡིག་ལས་བསྟན་དོན། འབད་འཐབ་དམིགས་ཚད་ཁ་གསལ་ཡོང་བར་དམིགས་ནས་གྲུབ་པའི་མཐུན་སྒྲིལ་ནི་གཞི་ནས་མཐུན་སྒྲིལ་བརྟན་ཤོས་ཡིན་པ་དང་། མཐུན་སྒྲིལ་དམ་ཟབ་ལ་བརྟེན་ནས་འབད་འཐབ་བྱེད་པ་ནི་གཞི་ནས་འབད་འཐབ་ནུས་ལྡན་ཡིན། འཐབ་ལམ་གསར་པའི་ཐོག་ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་སྔར་ལས་ལྷག་པ་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་ཀྱི་ཐུན་མོང་གི་བྱ་གཞག་ཡིན་ལ། ཉེན་ཁ་དང་འགྲན་སློང་གིས་བརྟས་པ་དང་དཀའ་སྤྱད་འབད་བརྩོན་བྱེད་དགོས་པའི་བྱ་གཞག་རླབས་པོ་ཆེ་ཞིག་ཀྱང་ཡིན་པས། ངེས་པར་དུ་མི་དམངས་ཡོངས་རྫོགས་ཀྱིས་མཉམ་དུ་ཟབ་ཞུགས་དང་། མཉམ་དུ་འཛུགས་སྐྲུན། མཉམ་དུ་ལོངས་སྤྱོད་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཡོངས་ལ་དམ་པོར་བརྟེན་ནས་ཕྱར་བ་གྲུ་འདེགས་དང་བྱ་གཞག་ཆེན་པོ་མཉམ་དུ་སྒྲུབ་དགོས། ངེས་པར་དུ་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེན་པོར་ཤུགས་བརྒྱབ་སྟེ། ཆེས་རྒྱ་ཆེ་བའི་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་མཐུན་སྒྲིལ་དང་། སྐུལ་སློང་བྱེད་ཐུབ་པའི་མཐུན་རྐྱེན་མཐའ་དག་སྐུལ་སློང་བྱས་ནས། ཐུན་མོང་ཐོག་འབད་འཐབ་བྱེད་པའི་སྟོབས་ཤུགས་གཅིག་སྒྲིལ་གང་ཐུབ་བྱེད་དགོས།

རྩོམ་ཡིག་ལས་བསྟན་དོན། བདེ་སྐྱིད་ཚང་མ་ནི་འབད་འཐབ་བྱས་ནས་བྱུང་བ་དང་། འབད་འཐབ་བྱེད་པ་ནི་མ་གཞི་ནས་བདེ་སྐྱིད་ཅིག་ཡིན། མི་རིགས་བསྐྱར་དར་གྱི་འགན་འཁྲི་དེ་འབད་འཐབ་ལ་བརྟེན་ནས་མངོན་འགྱུར་བྱེད་དགོས་པ་དང་། མི་ཚེའི་ཕུགས་བསམ་གྱི་རླུང་གཡོར་ནི་འབད་འཐབ་ལ་བརྟེན་ནས་མདུན་དུ་སྐྱོད་པར་བྱེད་དགོས། འབད་འཐབ་བྱ་རྒྱུ་ནི་དཀའ་ཚེགས་ཆེ་བ་དང་། དུས་ཡུན་རིང་བ། ཀྱག་ཀྱོག་ཆེ་བ་བཅས་ཡིན་པས། ངེས་པར་དུ་དཀའ་ཚེགས་སྔར་ལས་ཆེ་བ་དང་དཀའ་སྤྱད་སྔར་ལས་ཆེ་བའི་འབད་བརྩོན་བྱ་རྒྱུའི་གྲ་སྒྲིག་བྱེད་དགོས། རང་རྒྱལ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་སུ་གནས་ཡོད་པ་དང་། བཅོས་སྒྱུར་དང་འཕེལ་རྒྱས་ནི་འགག་སྒྲོལ་དཀའ་བའི་དུས་རིམ་གལ་ཆེན་དུ་གནས་ཡོད་པས། མདུན་སྐྱོད་ཀྱི་བགྲོད་ལམ་ཐོག་ང་ཚོར་འཕྲད་པའི་འཐབ་རྩོད་གནད་ཆེན་ཉུང་མི་སྲིད། སྐོར་འགོག་དང་། བཀག་སྡོམ། གཉའ་གནོན་བཅས་ཀྱི་མདུན་དུ་ང་ཚོས་བདེན་ཡོད་ཞུམ་མེད་ཀྱིས་འཐབ་རྩོད་བྱེད་དགོས། ངེས་པར་དུ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། འཐབ་རྩོད་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པ་དང་། འཐབ་རྩོད་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱེད་པ་དང་། འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་འཇལ་བ་དང་། ཉེན་ཁ་ཆེན་པོ་འགོག་པ། འགོག་རྐྱེན་ཆེན་པོ་ཁྱད་གསོད། འགལ་བ་ཆེན་པོ་ཐག་གཅོད་བཅས་བྱས་ནས། དུས་རབས་གསར་པའི་འཐབ་རྩོད་རླབས་པོ་ཆེར་རྒྱལ་ཁ་གསར་པ་རྒྱུན་ཆད་མེད་པར་ལེན་དགོས།

རྩོམ་ཡིག་ལས་བསྟན་དོན། མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ནི་ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་སྐྲུན་བྱེད་པའི་ལྡོག་མེད་ཀྱི་འགྲོ་ལམ་ཡིན། ང་ཚོས་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་འོད་སྟོང་འབར་བའི་ལོ་རྒྱུས་གསར་སྐྲུན་བྱས་ཡོད་པས། ད་དུང་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གསར་དུ་སྐྲུན་དགོས། ཏང་གི་མགོ་ཁྲིད་འོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། དམངས་སེམས་གཅིག་སྒྲིལ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བཅས་བྱས་ན། ང་ཚོ་མདུན་སྐྱོད་ཀྱི་ལམ་བུའི་ཐོག་གི་དཀའ་ངལ་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་ཐུབ་ངེས་ཡིན།

(ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་གྱི་ཟླ6ཚེས30ཉིན་འབྱོར་བའི་གློག་འཕྲིན།)


མཉམ་སྤྱོད།