མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས27ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཐོན་པོ་སྒང་གི་ལྕགས་ཟམ་འཛུགས་སྐྲུན་ལ་ཞིང་ཆེན་རིམ་པའི་ཞིབ་བཤེར་བྱས།

2023-02-06 17:13:57   |   90

སྒྲིག་སྒྱུར།  སངས་དོན།       བཤེར་འབེབས།  རིན་ཆེན་ཚེ་རིང་།


         མཚོ་བྱང་ཁུལ་འགྲིམ་འགྲུལ་ཅུ་ནས་རྒྱུས་ལོན་པ་ལྟར་ན། 《མཚོ་བྱང་གི་མཐོན་པོ་སྒང་སྐྱེ་ཁམས་གནས་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞིའི་འཆར་བཀོད་ཇུས་གཞི》ཁྲོད་ཀྱི་མཐོན་པོ་སྒང་སྐྱེ་ཁམས་གསར་བརྗེའི་སློབ་སྦྱོང་ཞིབ་འཇུག་རྟེན་གཞིའི་འགྲུལ་སྐྱེལ་ལྕགས་ཟམ་འཛུགས་སྐྲུན་ལས་གཞི་དེར། 2023ལོའི་ཟླ2པའི་ཚེས1ཉིན་མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གི་ཞིབ་བཤེར་རྩིས་ལེན་ཐོབ་འདུག
       《མཐོན་པོ་སྒང་སྐྱེ་ཁམས་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞིའི་འགྲུལ་སྐྱེལ་ལྕགས་ཟམ་འཛུགས་སྐྲུན་ས་ཆའི་ཚད་འཇལ་གནས་ཁེལ་སྙན་ཞུ》ནི་མཚོ་བྱང་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུ་དང་ཚད་འཇལ་ལས་ཁུངས་ཀྱིས་རྩད་ཞིབ་དང་ས་ཐིག་འཇལ་འབྲི་བྱས་པ་མ་ཟད། མདའ་བཞི་རྫོང་གི་རྒྱལ་ཁོངས་བརྟག་བཤེར་ཐེངས་གསུམ་པའི་གྲངས་གཞི་དང་། འཛུགས་སྐྲུན་ལས་གཞིའི་འབྲེལ་ཡོད་ཆོག་འཐུས་བརྒྱུད་རིམ་ལྟར་སྒྲིག་འབྲི་བྱས་པ་ཞིག་རེད། ཚད་འཇལ་གནས་འཁེལ་སྙན་ཞུར་ཞིབ་བཤེར་རྩིས་ལེན་བྱས་པ་དེས་མཐོན་པོ་སྒང་གི་སྐྱེ་ཁམས་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞིའི་འགྲུལ་སྐྱེལ་ལྕགས་ཟམ་འཛུགས་སྐྲུན་ལས་གྲྭའི་ས་མཚམས་དང་ས་ཆའི་བདག་དབང་ཁ་གསལ་བྱས་ཏེ། རྗེས་ཕྱོགས་ཀྱི་ས་ཆ་བཀོལ་སྤྱོད་ཞིབ་མཆན་དང་རྩྭ་ས་བཀོལ་སྤྱོད་འགྲོ་ལུགས་ལས་སྒྲུབ། ས་ཆ་བཀོལ་སྤྱོད་འགྲོ་ལུགས་ལས་སྒྲུབ་བཅས་ལ་ཚན་རིག་དང་མཐུན་ཞིང་ཡང་དག་པའི་གྲངས་གཞིའི་འདེགས་སྐྱོར་འདོན་སྤྲོད་བྱས་ཡོད་མ་ཟད། ལས་གཞི་བདེ་ལེགས་ངང་ལས་མགོ་རྩོམ་པར་ཁག་ཐེག་བྱས་ཡོད།


མཉམ་སྤྱོད།