མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས20ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་གིས་རྒྱ་ལོ་བཅོ་ལྔའི་རིག་གནས་བྱེད་སྒོ་སྤེལ།

2023-02-05 18:58:24   |   163

རྩོམ་སྒྲིག   སངས་དོན།      ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།


མཚོ་བྱང་ཁུལ་གྱིས2023ལོའི“དཔྱིད་གསར་བསུ། བཅོ་ལྔ་སྤྲོ། བསྐལ་བཟང་སྨོན།”ཞེས་པའི་ཕྲེང་བསྟར་རིག་གནས་བྱེད་སྒོའི་སྐོར་སྐྱོད་འཁྲབ་སྟོན་གྱི་ཟུར་བྲིས།

ཟླ2པའི་ཚེས5ཉིན་ཏེ་ལུགས་རྙིང་གི་ཟླ1པོའི་ཚེས15ཉིན། ནུབ་མཚོ་གྲོང་རྡལ་དུ་མི་ཚོགས་ཀྱིས་རབ་ཏུ་ཁེངས་ཤིང་འཁྲུག་ཆ་ཧ་ཅང་དོད་པོ་ལྡན་ཞིང་།  མཚོ་བྱང་ཁུལ་གྱིས2023ལོའི“དཔྱིད་གསར་བསུ། བཅོ་ལྔ་སྤྲོ། བསྐལ་བཟང་སྨོན།”ཞེས་པའི་ཕྲེང་བསྟར་རིག་གནས་བྱེད་སྒོའི་སྐོར་སྐྱོད་འཁྲབ་སྟོན་གནས་འདིར་གཟབ་རྒྱས་ངང་སྤེལ་མགོ་བརྩམས་ལ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་བྱེད་སྒོ་དངོས་སུ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་འོས་མི་ཀྲང་ཧྲིང་ཡོན་དང་ཁུལ་དུ་ཡོད་པའི་ཁུལ་རིམ་པའི་མགོ་ཁྲིད་ལས་བྱེད་པ་དང་ནུབ་མཚོ་གྲོང་རྡལ་གྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་དགའ་དགའ་སྤྲོ་སྤྲོས་སྐོར་སྐྱོད་འཁྲབ་སྟོན་ལ་བལྟས།

a.png

b.jpg

c.jpg

        ཐོག་མར་འཁྲབ་སྟོན་བྱེད་མཁན་ནི་ནུབ་མཚོ་གྲོང་རྡལ་གྱི་ལྕགས་རྟ་ཞོན་མཁན་གྱི་རུ་ཁག་ཡིན་ལ།  མདའ་འཕེན་མཐུན་ཚོགས་ཀྱི་མདའ་བ་རྣམས་དེའི་རྗེས་སུ་འབྲངས་ནས་ཀི་སྒྲ་སྒྲོག་པ་དང་སྐད་གསེང་མཐོན་པོས་མཛེས་སྡུག་ལྡན་པའི་འཚོ་བ་རོལ་བར་སྨོན་འདུན་ཞུས། རྩྭ་ཐང་གི་རྟ་བ་བརྒྱ་ལྷག་གིས་ལག་ཏུ་རྒྱལ་དར་བཟུང་ནས་མཚོ་བྱང་རྩྭ་ཐང་གི་བུ་བུ་མོ་ཚོས་ཐུན་མོང་ཐོག་དུས་རབས་གསར་བར་རྟེན་འབྲེལ་ཞུས་པ་དང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་བསམ་པའི་ཉམས་འགྱུར་མངོན་པར་བྱས།

d.jpg

e.jpg

f.jpg

        ཚོགས་འཆམ་འཁྲབ་པ་དང་ཤིང་རྐང་སོང་བས་དམངས་སྲོལ་གྱི་འཁྲབ་སྟོན་ལ་རྣམ་པ་གསར་པ་ཞིག་མངོན།  ཡོས་ལོའི་ལོ་སར་གྱི་ཚེས་བཅོ་ལྔའི་དུས་ཆེན་སྐབས། མཚོ་བྱང་གི་ས་གཞི་ཆེན་མོར་གློག་སྒྲོན་གྱིས་ཁེངས་པ་དང་མཐོ་སྒང་གི་རིགས་སོ་སོའི་བུ་དང་བུ་མོ་ཚོས་དགའ་སྤྲོའི་གླུ་ལེན་གར་རྩེད་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བར་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟར། དུས་རབས་གསར་བའི་རྒྱང་སྐྱོད་ལམ་བུའི་ཐོག་བརྗིད་ཉམས་ཀྱི་རྣམ་པ་མངོན། ཚོགས་འཆམ་རུ་ཁག་རྦ་རླབས་འཕྱུར་བ་བཞིན་ཡོང་བ་དང་། གཞས་བྲོ་དང་སེང་གེ་རྩེ་བ།  རྒྱལ་སྲས་གླེན་པ། ཨ་ནེ་ཚོ་སྟུག་སོགས་ཕོ་མོ་རྒན་གཞོན་ཚང་མ་འཁྲབ་སྟོན་དུ་ཞུགས་ནས། ལོ་སར་ཚེས་བཅོ་ལྔའི་དུས་ཆེན་དགའ་བས་བསུས། ཁྲོམ་གཞུང་འཁྲུག་ཆ་དོད་པ་དང་། མཚོ་བྱང་གི་རིགས་སོ་སོའི་བུ་དང་བུ་མོ་ཚོས་སྙིང་སྟོབས་ཆེར་སྐྱེད་ཀྱིས་ལོ་སར་གྱི་དུས་ཆེན་མཉམ་དུ་རོལ།

k.jpg

l.jpg

m.jpg

n.jpg

n.jpg

o.jpg

p.jpg

         མི་རིགས་ཀྱི་རྒྱན་གོས་གྱོན་ཞིང་ཉམས་ལྡན་གྱི་གོམ་སྟབས་མདུན་དུ་སྤོ་ཞོར། ཁོ་ཚོས་དྭགས་གཙང་གི་ཁ་བཏགས་དང་བཀྲ་ཤིས་པའི་སྨོན་འདུན་ཁྱེར་ནས་དེ་གར་ཡོད་པའི་མི་ཚང་མར་སྨོན་འདུན་བཟང་པོ་ཞུས། ད་དུང་དམིགས་བསལ་ཁྱད་ཆོས་ལྡན་པའི་དམངས་ཁྲོད་སྐོར་བྲོ་འཁྲབ་ནས་ལོ་ལེགས་ཀྱི་དགའ་སྤྲོ་དང་དུས་ཆེན་གྱི་རྟེན་འབྲེལ། མེས་རྒྱལ་དར་རྒྱས་གོང་འཕེལ་དང་མི་དམངས་བདེ་སྡོད་ལས་བརྩོན་ཡོང་བའི་སྨོན་འདུན་ཞུས།

             ཤོག་སྦག་གི་སྒྲ་དང་འཁར་རྔའི་སྒྲ་དུས་གཅིག་ཏུ་གྲགས་པ་དང་ཆབས་ཅིག་ནུབ་མཚོ་གྲོང་རྡལ་འདི་ཉིད་སྤྲོ་སྣང་གི་ཞིང་ཁམས་ཞིག་ཏུ་གྱུར་ཡོད།

        “ང་ནུབ་མཚོ་རུ་ལོ་སུམ་ཅུ་ལྷག་ཙམ་བསྡད་མྱོང་། ད་ལོའི་ལོ་སར་བཅོ་ལྔ་ངོ་མ་འཁྲུག་ཆ་དོད་ཅིང་། འཁྲབ་སྟོན་གྱི་ལེ་ཚན་ཡང་ཧ་ཅང་ཡག་པོ་འདུག ང་ཚོ་ནུབ་མཚོ་གྲོང་རྡལ་དང་མདའ་བཞིའི་རིགས་སོ་སོའི་མང་ཚོགས་ལ་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་སྟོན་མོ་བཤམས་ཡོད”ཅེས་ལྟད་མོ་བ་ལྕམ་མོ་ལིག་ལགས་ཀྱིས་གསར་འགོད་པར་དེ་ལྟར་བཤད།

       སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་དེས་སྡོད་དམངས་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ནས་ལྟ་རུ་ཡོང་བས་རྣམ་པ་ཧ་ཅང་འཁྲུག་ཆ་དོད། མདའ་བཞི་རྫོང་གི་ཞང་དང་གྲོང་རྡལ་སོ་སོ་ནས་ཡོང་བའི་འཁྲབ་སྟོན་རུ་ཁག་གིས་གཟབ་མཆོར་ལེགས་པར་སྤྲས་ནས་ངོ་མཚར་ཆེ་བའི་སྲོལ་རྒྱུན་གྱི་ཚོགས་འཆམ་དང་། མི་རིགས་ཀྱི་ཞབས་བྲོ། གྱོན་ཆས་བཅས་འགྲེམས་སྟོན་བྱས་པ་ལས་མདའ་བཞིའི་རིགས་སོ་སོའི་མི་དམངས་ཀྱིས་དཔའ་ངར་ཆེར་བསྐྱེད་དང་། བློ་གཅིག་སེམས་གཅིག་གིས་འབད་འཐབ་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་མཉམ་དུ་སྐྲུན་པ་བཅས་ཀྱི་བསམ་པའི་ཉམས་འགྱུར་མངོན་ཡོད། བཟོ་ལྟ་གསར་རྐྱང་སྤྲས་ཤིང་ཚོན་མདངས་རྣམ་པར་བཀྲ་བའི་རླངས་འཁོར13གྱིས་ཁྲོམ་ལམ་དུ་སྐོར་གཡེང་བྱས་ནས་ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་ལོ་སར་གྱི་སྨོན་འདུན་ཞུས་པར་མ་ཟད། སྤྲོ་སྣང་དང་དགའ་སྤྲོ། འཆམ་མཐུན་བཅས་ཀྱི་དུས་ཆེན་གྱི་རྣམ་པ་ཞིག་ཀྱང་བཏོད་ཡོད།


མཉམ་སྤྱོད།