མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས20ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་ཟི་ལིང་དུ་སོང་ནས་རང་ཁུལ་གྱི་ལས་བྱེད་པ་རྒན་པའི་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་ལས་གཞིར་བརྟག་ཞིབ་མཛུབ་ཁྲིད་གནང་།

2023-02-05 08:46:47   |   171

རྩོམ་སྒྲིག  སངས་དོན།     ཡོང་ཁུངས། གངས་ལྗོངས་འཕྲིན་གསར། 


ཟླ2པའི་ཚེས4ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་འོས་མི་ཀྲང་ཧྲིང་ཡོན་ཟི་ལིང་གྲོང་ཁྱེར་དུ་སྐྱོད་དེ་རང་ཁུལ་གྱི་ལས་བྱེད་རྒན་པའི་ཞབས་ཞུའི་ལྟེ་གནས(ལས་བྱེད་ཤེས་ལྡན་མི་སྣའི་ཞབས་ཞུའི་ལྟེ་གནས)འཛུགས་སྐྲུན་ལས་གཞིར་བརྟག་ཞིབ་མཛུབ་ཁྲིད་གནང་ཞིང་། ཡུལ་དངོས་ནས་ལས་གཞི་འཛུགས་སྐྲུན་བྱས་ཚུལ་ལ་ཞིབ་བཤེར་རྒྱུས་ལོན་དང་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་གནས་ཚུལ་གྱི་སྙན་ཞུར་གསན་པ་དང་འབྲེལ་ལས་གཞི་བེད་སྤྱོད་དང་དོ་དམ་སོགས་ཀྱི་བྱ་བ་ཡག་པོར་སྒྲུབ་དགོས་པའི་ཐད་བླང་བྱ་བཏོན།

a.jpg

ཤ་བོ་སྐྱབས་ཀྱིས་བྱ་བའི་སྙན་ཞུར་ཉན་རྗེས། ལས་གཞི་འཛུགས་སྐྲུན་དང་དོ་དམ་བེད་སྤྱོད་བྱས་ཚུལ་ལ་ཁས་ལེན་གང་ལེགས་གནང་ཞིང་། ཉེ་བའི་ལོ་ཤས་རིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་པ་དང་མཚོ་སྐྱོར་ལས་བྱེད་པའི་ཞབས་ཞུ་དང་འགན་ལེན་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཚད་གཞི་དང་སྤུས་ཚད་མཐོ་བའི་སྒོ་ནས་བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཞིང་། ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ནས་འབྲེལ་ཡོད་བྱ་བ་བཀོད་སྒྲིག་ལ་སྐུལ་འདེད་བཏང་སྟེ་སེམས་ཤུགས་དང་རྔུལ་ཆུ་འབོར་ཆེན་བཏོན་ཡོད། ལས་གཞི་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་ཀྱིས་དམིགས་འབེན་དང་ལས་འགན་ལ་དམ་པོར་དམིགས་ཏེ་དུས་ཚོད་ཀྱི་མཚམས་ཚིགས་ཁོང་དུ་ཆུད་པར་བྱས་ནས། རིམས་ནད་འགོག་སྡོམ་སོགས་ཕྱི་ཡུལ་གྱི་རྒྱུ་རྐྱེན་ཁྱད་བསད་བྱས་ཏེ་དུས་བཀག་ལྟར“རྒྱུགས་ཤོག་སྤྲོད་པར”གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་བ་དང་། “སྤུས་ལེགས”བཟོ་བར་ཚོད་འཛིན་ནན་མོ་བྱས་པ། འགན་འཁྲི་དོན་འཁྱོལ་བྱས་ནས“དུས་བདེར”འགན་ལེན་བྱས་པས་སྔོན་དཔག་གི་ཕན་འབྲས་ཐོབ་ཡོད། ལས་གཞི་བསྐྲུན་པ་དེས་ལས་བྱེད་པ་རྒན་པའི“འཛུགས་སྐྲུན་གསུམ”ལ་སྐུལ་འདེད་བཏང་ནས། མཚོ་བྱང་ཁུལ་གྱི་ཟི་ལིང་དུ་སྡོད་པའི་ལས་བྱེད་པ་རྒན་པར་བྱེད་སྒོའི་གནས་མལ་བསྐྲུན་ཡོད་ལ། མཚོ་སྐྱོར་ལས་བྱེད་ཤེས་ལྡན་མི་སྣའི་སྡོད་གནས་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པར་མ་ཟད། ཚད་ལྡན་དོ་དམ་དང་ལམ་ལུགས་འཐུས་ཚང་། ཞབས་ཞུ་ལེགས་སྒྱུར་སོགས་ཀྱི་བྱ་བ་སྔར་བས་ཡག་པོ་སྒྲུབ་པར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད་པ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ལས་བྱེད་པ་རྒན་པ་དང་མཚོ་སྐྱོར་ལས་བྱེད་ཤེས་ལྡན་པར་ཐུགས་ཁུར་དང་གཅེས་སྐྱོང་བྱས་པ་མཚོན་ཡོད་ལ། ལས་བྱེད་པ་རྒན་པ་དང་མཚོ་སྐྱོར་ལས་བྱེད་ཤེས་ལྡན་པའི་ཐོབ་སྣང་དང་སྐྱིད་སྣང་ཡང་ངེས་པ་དོན་གྱིས་ཆེ་རུ་ཕྱིན་ཡོད་ལ། གོམ་སྟབས་རྗེས་མར་རྩ་འཛུགས་སྡེ་ཁག་གིས་སྣེ་ཁྲིད་དེ་འགན་འཁུར་བ་དང་ལས་ཡུན་ལྡོག་སྒྲིག་བྱེད་པ། བློ་རྩེ་གཅིག་སྒྲིམ་གྱིས་ཞབས་ཞུའི་ལྟེ་གནས་འཁོར་སྤྱོད་ཡག་པོ་བྱེད་པ། གསར་གཏོད་བྱེད་ཐབས་སྔར་བས་མང་པོ་འཚོལ་ཞིབ་བྱེད་པ། ལས་སྟེགས་ཀྱི་གཞི་རྟེན་སྔར་བས་མང་བོ་སྐྲུན་པ། ཞབས་ཞུའི་སྟོབས་ཤུགས་གཅིག་སྡུད་བྱེད་པ། ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་ཞབས་ཞུ་འགན་ལེན་གྱི་བྱ་བ་སྔར་བས་གནད་སྨིན་དང་ཞིབ་ཚགས་ངང་ཡག་པོ་བསྒྲུབས་ནས་རྒྱ་ཆེའི་ལས་བྱེད་རྒན་པ་དང་མཚོ་སྐྱོར་ལས་བྱེད་ཤེས་ལྡན་མི་སྣས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་བས་ལེགས་པའི་སྒོ་ནས་མཉམ་སྤྱོད་ཐུབ་པ་བྱས་ཏེ་བློ་བདེ་སེམས་བདེ་དང་དྲོ་སྐྱིད་ལྡན་པར་བྱེད་དགོས། ཁུལ་ཐད་གཏོགས་དང་རྫོང་བཞི། ཞིང་ར་གཅིག་བཅས་ཀྱིས་ཞབས་ཞུའི་ལྟེ་གནས་བེད་སྤྱོད་གང་ལེགས་དང་རྒྱབ་སྐྱོར་བྱེད་དགོས་ལ། ཟི་ལིང་དུ་གཉེར་དགོས་པའི་ཚོགས་འདུའི་བྱ་བ་དང་སྲིད་དོན་བྱེད་སྒོ་ཚང་མ་དེ་གར་གཅིག་སྡུད་བྱས་ཏེ་གོང་རིམ་ལས་ཁུངས་དང་ཧྲན་ཏུང་ཞིང་ཆེན་ལ་འབྲེལ་བ་བྱེད་པའི་སྦྲེལ་ཟམ་ལྟ་བུར་འགྱུར་བར་བྱེད་དགོས་པར་བསྟན།

ཀྲང་ཧྲིང་ཡོན་གྱིས་མཚོ་བྱང་ཁུལ་གྱི་ལས་བྱེད་རྒན་པའི་ཞབས་ཞུའི་ལྟེ་གནས(ལས་བྱེད་ཤེས་ལྡན་པའི་ཞབས་ཞུའི་ལྟེ་གནས)བེད་སྤྱོད་དོ་དམ་བྱ་བ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། ལས་བྱེད་རྒན་པའི་བྱ་གཞག་དང་རོགས་སྐྲུན་བྱ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཡིན། ལས་གཞི་འཛུགས་སྐྲུན་མགོ་ཁྲིད་ཚོ་ཆུང་གི་ཁོངས་གཏོགས་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་ལས་མཐོ་རུ་གཏོང་དགོས་ལ། བྱེད་ནུས་ཁང་པའི་བཀོད་པ་དང་ལེ་ལག་ཚང་བའི་སྒྲིག་བཀོད་སྒྲིག་ཆས། སྤྱི་ཡོངས་ཀྱི་མཛེས་བཟོའི་རྣམ་པ། སྟབས་བདེའི་སྒྲིག་ཆས་སྒྲིག་སྦྱོར་སོགས་ཀྱི་ཐད་སེམས་ཤུགས་གང་ཡོད་བཏོན་ནས་དཀའ་གནད་སེལ་བ་དང་དོན་བཟང་དངོས་སྒྲུབ་བྱ་དགོས་ལ། བྱ་བའི་ཚད་གཞི་དང་གོ་རིམ་ནན་མོ་བྱས་ནས་རྗེས་མཐུད་ཀྱི་རྒྱུ་ནོར་རྩིས་སྤྲོད་དང་ཞབས་ཞུ་དོ་དམ། མ་དངུལ་བེད་སྤྱོད། ལམ་སྲོལ་འཛུགས་སྐྱོང་སོགས་ཀྱི་བྱ་བ་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་ཚད་མཐོའི་བཟོ་སྐྲུན་དང་། སྤུས་ལེགས་བཟོ་སྐྲུན། སྤྱོད་གཙང་བཟོ་སྐྲུན་ཞིག་ངེས་པ་དོན་གྱིས་སྐྲུན་དགོས།

f.jpg

ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་། ཝང་ཀྲུང་དབྱི། མ་ཁྲེང་ཧྥང་། སུང་ཞིག་ཙུང་། ཞུ་ཡུང་ཀུང་། ལི་ཞུ་ཀྲེན། དབྱིན་མའོ་ཝུན། ལི་ཞང་ཏུང་། ཀརྨ་ཚེ་རིང་དང་། ཚོ་ཅི་ཆང་། ཧ་ཝུན་ཞུག དབྱང་ཏེ། མ་ཝུན་ཆོན་བཅས་དང་དེ་བཞིན་ཁུལ་སྲིད་གཞུང་གཞུང་ལས་ཁང་། ཁུལ་ཨུའི་ལས་བྱེད་རྒན་པ་ཅུས། ཁུལ་ཐད་གཏོགས་ལས་ཁུངས་བྱ་བའི་དོ་དམ་ཅུས། མཚོ་སྔོན་པོ་ཞིང་ར་སོགས་ལས་ཁུངས་དང་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་བརྟག་ཞིབ་ལ་ཕེབས་རོགས་གནང་།


མཉམ་སྤྱོད།