མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས26ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་གཉིས་ཀྱིས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད།

2023-02-05 08:30:59   |   116

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།


ཟླ2པའི་ཚེས3ཉིན་གྱི་ཕྱི་དྲོར། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་གཉིས་ཀྱིས《འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》ལ་བདེ་བླག་ངང་མིང་རྟགས་བཀོད་པ་དང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཞིང་ཆེན་འགྲིམ་འགྲུལ་མ་རྐང་སྟངས་འཛིན་སྡེ་ཚོགས་ཀྱི་ཏང་ཨུའི་ཧྲུའུ་ཅིའམ་ལས་འཛིན་པ་ཐའོ་ཡུང་ལི་གན་རྒྱ་འཇོག་པའི་མཛད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཕུལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་འོས་མི་ཀྲང་ཧྲིང་ཡོན་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་མཛད་སྒོར་ཞུགས།

a.jpg

ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཀྱིས་སྔ་ཕྱི་བར་གསུམ་དུ་མཚོ་བྱང་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཐེངས་འདིའི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དེ་ནི་ཕྱོགས་གཉིས་པོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བ་དང་དེ་བཞིན་ཞིང་ཆེན་ཡོངས་ཀྱི“ཚོགས་ཆེན་གཉིས”ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། ཧྲུའུ་ཅི་ཁྲིན་ཀང་དང་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མཚོ་བྱང་ལ་བརྟག་ཞིབ་བྱས་པའི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། གསར་གཏོད་སྒོ་འབྱེད་དང་གཉིས་ཕན་མཉམ་ལས། ཟུང་ཕན་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པར་བསྟན་པ་དང་། ཉེ་བའི་ལོ་ཤས་རིང་། མཚོ་བྱང་གིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཀྱི“བཙན་ས”དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་པ་དང་ཞབས་ཞུ་བསྒྲུབས་ཤིང་། ཚོང་འགུགས་མ་འདྲེན་གྱི“སྲོག་རྩ”མངོན་གསལ་ཡོང་བ་དང་ལས་གཞི་འཛུགས་སྐྲུན་གྱི“འགག་རྩར”དམ་འཛིན་བྱེད་པ།  སྒུལ་ནུས་བརྗེ་སྒྱུར་དང་ལས་གཞི་འཛུགས་སྐྲུན་གཞི་གཅིག་ཏུ་ཤུགས་རྒྱག་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རྨང་གཞི་བརྟན་པོ་དང་ནུས་པ་ཆེ་རུ་གཏོང་བ། ཕུགས་ལ་ཕན་པ་བཅས་ཀྱི་ལས་གཞི་གལ་ཆེན་ཁག་ཅིག་གི་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་། ལྷག་པར་དུ་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་རིམ་བཞིན་ལས་མགོ་ཚུགས་པ་ནས་འཛུགས་སྐྲུན། ལས་མཇུག་སྒྲིལ་བ་ནས་གསོག་འཇོག་བཅས་བར་འཁོར་རྒྱུག་བཟང་པོ་ཞིག་ཆགས་པར་བྱས་ཡོད་ལ།《འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》གྱི་གན་རྒྱ་བཞག་པ་དེ་མཚོ་བྱང་ཁུལ་དང་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་མགོ་འཛུགས་ས་ཡག་པོ་ཞིག་ཡིན་ལ། མཚོ་བྱང་གིས་ཐེངས་འདིའི་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཀྱི་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་གཞི་འཛུགས་སྐྲུན་ལ་སྤུས་ལེགས་ཀྱི་ཞབས་ཞུ་དང་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱ་རྒྱུ་ཡིན། འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཀྱིས་ལས་རིགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་འདོན་སྤེལ་བྱས་ཏེ་གོང་འོག་གི་ཁེ་ལས་ཁག་ཅིག་མཚོ་བྱང་དུ་མ་འཇོག་ལས་གཏོད་དང་འཕེལ་རྒྱས་དོན་གཉེར་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་ཐུན་མོང་ཐོག་གསར་གཏོད་ཀྱི་བྱས་རྗེས་འཇོག་རྒྱུའི་རེ་བ་ཡོད་པ་ནན་གྱིས་བསྟན།

b.jpg

ཐའོ་ཡུང་ལི་ཡིས་དུས་ཡུན་རིང་པོའི་ནང་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་། དེ་བཞིན་ཁུལ་གྱི་རིམ་པ་དང་སྡེ་ཁག་སོ་སོས་འགྲིམ་འགྲུལ་བཟོ་སྐྲུན་གྱི་ལས་གཞི་འཛུགས་སྐྲུན་ལ་དོ་ཁུར་ཤུགས་ཆེན་བྱས་ནས་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཀྱི་འཕེལ་རྒྱས་ལ་སེམས་ཁུར་ཆེན་པོ་བྱས་ཏེ་ལས་གཞི་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་སོགས་ཀྱི་ཐད་རྒྱབ་སྐྱོར་དང་རོགས་རམ་ནུས་ལྡན་བྱས་ནས་མཉམ་ལས་འཕེལ་རྒྱས་ཀྱི་འབྲེལ་བ་ཧ་ཅང་ཡག་པོ་བཙུགས་ཡོད། མ་འོངས་པའི་མཉམ་ལས་ནང་། འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཀྱིས་མ་དངུལ་དང་ལག་རྩལ། དོ་དམ། དེ་བཞིན་འགྲིམ་འགྲུལ་ཡོངས་ཀྱི་ཐོན་ལས་སྦྲེལ་ཐག་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། མཚོ་བྱང་ཁུལ་གྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར། སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པ། ལྗང་མདོག་ཐོན་ལས་མཐུན་སྦྱོར་ཚན་རིག་དང་མཐུན་པའི་འཕེལ་རྒྱས་བཅས་ལ་ཞབས་འདེགས་ཧུར་ཐག་ཞུ་བ་དང་འབྲེལ་དེའི་ནང་ཟབ་ཞུགས་བྱས་ཏེ“མཚོ་བྱང་ལྔ”སྐྲུན་ཆེད་འགྲིམ་འགྲུལ་མ་རྐང་སྟངས་འཛིན་གྱི་ནུས་པ་འདོན་སྤེལ་བྱས་ནས་མཚོ་བྱང་ཁུལ་གྱིས་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་དཔེ་སྟོན་ཁུལ་གཏོད་རྒྱུ་དང་མཚོ་བྱང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མཚོ་བྱང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་རམ་འདེགས་བྱེད་རྒྱུ་ཡིན་པར་བསྟན།

c.jpg

ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་དང་། ཁུལ་དཔོན་གཞོན་པ་དབྱིན་མའོ་ཝུན། ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་སྤྱི་གཉེར་བ་ལིས་ཅི་ཧྲིན། སྤྱི་གཉེར་བ་གཞོན་པ་ཁྲིན་ཀྲུང་ཡུས་དང་ཝང་ཀང་། སྤྱི་ཁྱབ་བཟོ་སྐྲུན་པ་ཆེན་མོ་ཝང་དབྱི་བཅས་དང་དེ་བཞིན་ཕྱོགས་གཉིས་ཀྱི་འབྲེལ་ཡོད་ལས་ཁུངས་དང་སྡེ་ཁག་གི་འགན་འཁུར་བ་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས།


མཉམ་སྤྱོད།