མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ03ཚེས28ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས།

2023-02-04 11:14:36   |   140

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།  གངས་ལྗོངས་འཕྲིན་གསར། 


མཚོ་བྱང་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས། ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་།

a.jpg

ཟླ2པའི་ཚེས3ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། མཚོ་བྱང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་དང་འབྲེལ་ཡོད་དོན་ཚན་ལ་གྲོས་ཞིབ་བྱས།

ཚོགས་འདུའི་ཐོག་ཀྲུང་དབྱང་སྒྲིག་ཨུའི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཞིང་ཆེན་སྐབས་བཅུ་བཞི་བའི་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། དུས་རབས་གསར་བའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་བཅས་བྱས་ཏེ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་འཁྱོལ་ཡག་པོ་བྱེད་དགོས་ལ། ཆབ་སྲིད་ཀྱི་ལྟ་སྐུལ་དང་སྐོར་ཞིབ་ལ་གནད་སྨིན་སྐུལ་འདེད་བཏང་ནས་ལས་གནས་དང་ཁྱབ་ཁོངས། བྱ་བ་དང་ལྷུ་ཚིགས་གཙོ་བོའི་ལྟ་སྐུལ་ཞིབ་བཤེར་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པ། བློ་བརྟན་འགྱུར་མེད་ངང་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་བཅས་བྱས་ཏེ་རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་མཐའ་གཅིག་ཏུ་སྐུལ་འདེད་གཏོང་དགོས། སྒྲིག་བཤེར་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཁུལ་དང་རྫོང་། ཞང་བཅས་ཀྱི་ལྟ་སྐུལ་སྒྲིག་བསྟར་ཁྲིམས་འཛིན་གཞི་གཅིག་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་འཚོལ་ཞིབ་བྱས་ཏེ་ཞང་དང་གྲོང་རྡལ་གྱི་སྒྲིག་ཨུའི“ཅན་གསུམ”འཛུགས་སྐྱོང་གི་ནུས་པ་དང་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་དགོས་པ་ནན་གྱིས་བསྟན། 

b.jpg

ཚོགས་འདུའི་ཐོག་རྒྱལ་ཡོངས་དྲིལ་སྒྲོག་པུའི་པུའུ་ཀྲང་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་མིག་སྔའི་དྲིལ་སྒྲོག་བསམ་བློའི་བྱ་བར་འཕྲད་པའི་དུས་བབ་ལ་ངོས་འཛིན་གཏིང་ཟབ་དང་ཁོང་དུ་ཆུད་པ་བྱས་ནས། ཁུལ་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་རིག་གནས་ཀྱི་གཙོ་གནད་བྱ་བ་སོ་སོ་འཆར་འགོད་དང་བཀོད་སྒྲིག་ཡག་པོ་བྱེད་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་རིགས་པའི་གཞུང་ལུགས་དྲིལ་སྒྲོག་དང་གསར་འགྱུར་དྲིལ་སྒྲོག རིག་རྩལ་དྲིལ་སྒྲོག སྤྱི་ཚོགས་དྲིལ་སྒྲོག་བཅས་ཡག་པོ་བྱེད་པ། སྤྱི་སྟེགས་སོགས་སྨྱན་སྦྱོར་གསར་བ་བེད་སྤྱོད་གང་ལེགས་བྱས་ཏེ“མཚོ་བྱང་ལྔ”འཛུགས་སྐྲུན་བྱེད་པར་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས། འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་ཤུགས་བསྣན་ནས་དྲ་རྒྱའི་བར་སྟོང་ལ་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བ། གྲོས་མོལ་དང་ཞིབ་འཇུག་བརྡར་གཅོད་བཅས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་དོ་དམ་བྱེད་ཐུབ་པ་དང་དོ་དམ་ཡག་པོ་བྱེད་ཐུབ་པའི་འགན་ལེན་བྱས་ཏེ་ཞི་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་ཅིག་གཏོད་དགོས། རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཚོགས་འདུའི་དགོངས་དོན་གྱི་ངོ་བོ་དང་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་གཏིང་ཟབ་བླངས་ནས་ཁུལ་བཙུགས་ནས་ལོ་ངོ70འཁོར་བའི་རྟེན་འབྲེལ་བྱེད་སྒོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འགྲེམས་སྟོན་བྱ་བ་ཏན་ཏིག་ངང་སྒྲུབ་དགོས་པ་དང་། ཏང་ཕྱིའི་འཐུས་ཚབ་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་པར་མཐོང་ཆེན་དང་། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་རྒྱལ་གཅེས་རིང་ལུགས་དང་དྲིན་ཚོར་སློབ་གསོར་ཤུགས་སྣོན་པ། སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་གཟུགས་བརྙན་བཟོ་སྐྲུན་ཧུར་ཐག་གཏོད་དགོས་པའི་བླང་བྱ་བཏོན།

ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་དང་ཞིང་ཆེན་གྱི“ཚོགས་ཆེན་གཉིས”ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་གཙོ་གནད་བྱ་བ་དང་ཞིང་ཆེན་གྱི“ཚོགས་ཆེན་གཉིས”ཀྱིས་ཁ་གསལ་བཟོས་པའི་དམིགས་ཚད་ལས་འགན་ལ་དམིགས་ཏེ་མཚོ་བྱང་གི་དོན་དངོས་ལ་ཟུང་འབྲེལ་དང་། འཕེལ་རྒྱས་ཀྱི་བསམ་ཕྱོགས་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ། བྱ་བའི་གཙོ་གནད་ཁ་གསལ་བཟོ་བ། དོན་འཁྱོལ་བྱེད་ཐབས་ལ་ཤུགས་སྣོན་པ་བཅས་བྱས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་མཚོ་བྱང་དུ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས། གཙོ་གནད་ལ་དམིགས་པ་དང་གནད་འགག་ལ་དམ་པོར་དམིགས་ཏེ་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁྲོད་ནས་ད་ལོའི་བྱ་བ་སོ་སོའི་འཇུག་སྒོ་དང་ཟུང་འབྲེལ་བྱེད་གནས། གསར་གཏོད་བྱེད་གནས་བཅས་གནད་ལ་འཁེལ་བར་འཚོལ་དགོས། བྱ་བའི་བསམ་ཕྱོགས་སྔར་བས་གསལ་བོར་བཟོས་ནས་ད་ལོའི་བྱ་བའི་བསམ་ཕྱོགས་དང་ཐབས་ཇུས་དེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་བྱང་ལ་བཏོན་པའི་ངེས་གནས་བླང་བྱ་དང་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དོན་དངོས་དང་མཐུན་པའི་འགན་ལེན་བྱེད་དགོས། སྲིད་ཇུས་དང་ལས་གཞིའི་གོ་སྐབས་དམ་འཛིན་བྱས་ཏེ་འཕྲལ་མར་འགུལ་སྐྱོད་སྤེལ་ནས་ཞིང་ཆེན་ཐད་གཏོགས་ཐིན་དང་ཅུས་ལ་བསམ་ཕྱོགས་དང་བྱ་ཐབས། ལས་གཞི་བཅས་ཀྱི་ཐད་འབྲེལ་གཏུག་དང་སྙན་ཞུ་ཡག་པོ་བྱས་ཏེ་གནད་སྨིན་སྦྲེལ་མཐུད་སྲིད་ཇུས་དང་ལས་གཞི་དོན་འཁྱོལ་བྱེད་དགོས་པ་ནན་གྱིས་བསྟན། 

ཚོགས་འདུའི་ཐོག་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མཚོ་བྱང་དུ་བརྟག་ཞིབ་བཞུགས་མོལ་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་ལོ་སར་བ་ནས་མཚོ་བྱང་ཁུལ་དུ་བྱ་བར་བརྟག་ཞིབ་མཛུབ་ཁྲིད་དང་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་ཞིབ་བྱས་པ་དེས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་བྱང་གི་བྱ་བར་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་ཟབ་མོ་གནང་བ་མཚོན་ཡོད་ལ། ཧྲུའུ་ཅི་ཁྲིན་ཀང་དང་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱི་གསུང་བཤད་ནང་མཚོ་བྱང་གི་བྱ་བར་ཁས་ལེན་གང་ལེགས་གནང་བར་མ་ཟད། མཚོ་བྱང་གི་བྱ་བའི་ཁྱད་ཆོས་ལ་རྩོད་སྒྲུབ་ཀྱིས་དབྱེ་ཞིབ་གནང་བ་དང་། སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་མཚོ་བྱང་གི་མ་འོངས་པའི་འཕེལ་རྒྱས་ཀྱི་གཙོ་གནད་དང་འགག་རྩ་གསལ་སྟོན་གནང་ཡོད་པས་ང་ཚོས་ད་ལོ་དང་མ་འོངས་པའི་དུས་སྐབས་ཤིག་རིང་གི་བྱ་བར་ཇུས་འགོད་དང་སྐུལ་འདེད་གཏོང་རྒྱུར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐུགས་ཁུར་དང་གཅེས་སྐྱོང་ལ་བློ་རྩེ་གཅིག་སྒྲིམ་གྱིས་ཉམས་ལེན་བྱས་ཏེ་ཡིད་ཆེས་སྔར་བས་ཆེ་རུ་གཏོང་བ་དང་ངར་ཤུགས་གཅིག་སྒྲིལ་བྱས་ནས། མངོན་སུམ་གྱི་གྲུབ་འབྲས་གསར་བར་བརྟེན་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་སྤུས་ཚད་མཐོ་བའི་རྒྱུགས་ཤོག་ཅིག་འབུལ་དགོས་ལ། མགྱོགས་མྱུར་ངང་བརྒྱུད་སྒྲོག་སློབ་སྦྱོང་སྒྲིག་འཛུགས་དང་། རྩ་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་བཅས་བྱས་ཏེ། གཅིག་བསྡུས་སློབ་སྦྱོང་དང་ཆེད་དོན་གསོ་སྦྱོང་། རིགས་པའི་གཞུང་ལུགས་ཞིབ་བསྡུར་སོགས་ཀྱི་བྱེད་ཐབས་སྤྱད་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་བྱང་ལ་བཅོལ་བའི་རེ་བ་ཆེན་པོ་དང་། རིམ་པ་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་གནང་བའི་བྱམས་སྐྱོང་། མ་འོངས་པའི་འཕེལ་རྒྱས་ལ་བཅངས་པའི་མངགས་བཅོལ་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། གསུང་བཤད་ཀྱི་དགོངས་དོན་དེ་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཁུལ་གྱི“ཚོགས་ཆེན་གཉིས”ཀྱི་བཀོད་སྒྲིག་ནང་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་བསམ་བློ་དང་བྱ་སྤྱོད་དེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས་པའི་བླང་བྱ་བཏོན།

c.jpg

ཚོགས་འདུའི་ཐོག་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་དགོན་ལུང་རྫོང་བ་ཡན་སྡེ་བར་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་དང་ཟི་ལིང་གྲོང་ཁྱེར་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ལེན་པ། ལག་བསྟར་ཡག་པོ་བཅས་བྱེད་དགོས། ཞིང་ཆེན་ནང་ཁུལ་གྱི་སློབ་ཆེན་དང་ཚན་ཞིབ་ཁང་དང་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་ནུབ་ལམ་དམག་དཔུང་གི་གསར་བརྗེའི་གཞི་རྒྱུ་སྔོག་འདོན་རྒྱུན་འཛིན་དང་སྲུང་སྐྱོབ་བེད་སྤྱོད་ཀྱི་བྱ་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་རྡུལ་ཕྲན་མཚོན་ཆ་ཞིབ་བཟོ་རྟེན་གཞི་དང་པོའི་གནས་རྙིང་དུ་བརྟག་ཞིབ་གནང་སྐབས་བཏོན་པའི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། རིག་དངོས་སྲུང་སྐྱོབ་ཀྱི་ཁྲིམས་སྲོལ་ལ་བརྩི་སྲུང་ནན་མོ་ཞུ་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཚན་རིག་དང་མཐུན་ཞིང་ལུགས་མཐུན་སྒོས་རྟེན་གཞིའི་གནས་རྙིང་གི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་གཏོང་དགོས་པ་ནན་གྱིས་བསྟན། 

ཚོགས་འདུའི་ཐོག སྒྲིག་འཛུགས་ནན་ཏན་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུ་དང་གྲོང་གསེབ་བྱ་བའི་ཚོགས་འདུ། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས། ཞིང་ཆེན་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས། ཞིང་ཆེན་གྱི“ཚོགས་ཆེན་གཉིས”སོགས་ཚོགས་འདུ་གལ་ཆེན་རྒྱུན་མཐུད་དང་གཏིང་ཟབ་ངང་དམ་འཛིན་ལེགས་པོ་བྱ་དགོས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་མཚོ་བྱང་གི་བྱ་བར་བརྟག་དཔྱད་ཞིབ་འཇུག་དང་མཛུབ་སྟོན་བྱེད་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་བྱ་བ་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། གཅིག་གྱུར་བཀོད་སྒྲིག་དང་གཞི་གཅིག་ཏུ་དོན་འཁྱོལ་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས་ལ། ཐོན་ལས“གནས་བཞི”འཛུགས་སྐྲུན་ལ་དམ་པོར་དམིགས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། སྐྱེ་ཁམས་ཕྱུགས་ལས། ས་ཁོངས་ཧྲིལ་བོའི་ཡུལ་སྐོར། རིག་གནས་སྲུང་སྐྱོབ་རྒྱུན་འཛིན་སོགས་རྒྱལ་ཁབ་དང་ཞིང་ཆེན་གྱི་གཙོ་གནད་རྒྱབ་སྐྱོར་ཁྱབ་ཁོངས་ལ་དམིགས་ནས་ཇུས་འགོད་གཏིང་ཟབ་དང་བསམ་ཕྱོགས་གསལ་བོར་བཟོས་ཏེ། ད་ལོའི་བྱ་བར་གོམ་སྟབས་ཡག་པོ་ཞིག་སྤོ་ཐུབ་པའི་འགན་ལེན་བྱེད་དགོས། ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་དང་ཁུལ་གྱི“ཚོགས་ཆེན་གཉིས”སོགས་ཀྱི་ཚོགས་འདུ་གལ་ཆེན་རབ་དང་རིམ་པ་གྲ་སྒྲིག་ཧུར་ཐག་བྱས་ནས་ཚོགས་འདུ་སྣ་ཚོགས་དུས་བཀག་ལྟར་སྤུས་ཚད་མཐོ་བའི་ངང་འཚོག་རྒྱུའི་འགན་ལེན་བྱེད་དགོས། སྒྲིག་ཁྲིམས་ནན་སྲུང་དང་སྒྲིག་ལམ་དམ་ཞིང་དྲང་བོ་བྱ་དགོས་པ་དང་། ཁྱད་པར་དུ་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་དང་། སྣེ་ཁྲིད་མིག་དཔེ་བཏོན་ནས་སྒྲིག་ཁྲིམས་ཀྱི་གཏན་འབེབས་སོ་སོ་ལག་བསྟར་དཔེ་སྟོན་བྱ་དགོས། སྒྲིག་ལམ་གྱི་འདུ་ཤེས་དང་འགྲིག་ལམ་གྱི་འདུ་ཤེས་ཆེ་རུ་ཏན་ཏིག་བཏང་ནས་སྤྱོད་ཚུལ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་དོན་འཁྱོལ་དམ་འཛིན་གྱི་ནུས་པ་ཆེ་རུ་བཏང་སྟེ་སྤྱོད་ཚུལ་བཟང་པོར་བརྟེན་ནས་མགོ་ཡག་པོ་ཞིག་འཛུགས་རྒྱུར་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན།

ཚོགས་འདུའི་ཐོག《མཚོ་བྱང་ཁུལ་གྱི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་དེའི་ལག་བསྟར་ཞིབ་སྲོལ་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ཞིབ་ཕྲའི་བྱ་ཐབས》དང《མཐོན་པོ་སྒང་སྐྱེ་ཁམས་གསར་བརྗེ་ཞིབ་འཇུག་སློབ་སྦྱོང་རྟེན་གཞིའི་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་གཞི་དང་འབྲེལ་ཡོད་སྒྲིག་བཀོད་འཛུགས་སྐྲུན་ཇུས་གཞི》སོགས་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།


མཉམ་སྤྱོད།