མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ03ཚེས29ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་སྲིད་གཞུང་གི་ཏང་ཙུའི་ཚོགས་འདུ་འཚོགས། ཀྲང་ཧྲེང་ཡོན་གྱིས་གཙོ་སྐྱོང་གནང་།

2023-02-07 10:45:59   |   145

སྒྲིག་སྒྱུར།  སངས་དོན།       བཤེར་འབེབས།  རིན་ཆེན་ཚེ་རིང་།


           ཟླ2པའི་ཚེས6ཉིན་གྱི་སྔ་དྲོ།  ཁུལ་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་དང་ཁུལ་དཔོན་འོས་མི་ཀྲང་ཧྲེང་ཡོན་གྱིས་གཙོ་སྐྱོང་གནང་ནས་ཁུལ་སྲིད་གཞུང་ཏང་ཙུའི་ཚོགས་འདུ་ཐེངས31པ་འཚོགས།  ཚོགས་འདིའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་པ་དང་། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། ཞིང་ཆེན་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ།  ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་དང་ཞིང་ཆེན་གྱི“ཚོགས་ཆེན་གཉིས”བཅས་ཀྱི་དགོངས་དོན་སློབ་སྦྱོང་བྱས་ནས་ཁུལ་ཨུའི་ལས་དོན་གྱི་བླང་བྱ་དོན་འཁྱོལ་དང་འབྲེལ་ཡོད་ལས་དོན་ལ་འཇུག་བྱས།

        ཚོགས་འདུས་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་ཐེངས30པའི་བཀོད་སྒྲིག་དོན་ཚན་ལས་སྒྲུབ་གནས་ཚུལ་བརྡ་ཁྱབ་བཏང་། ཚོགས་འདུས་བསྟན་དོན། སྲིད་གཞུང་གི་ཏང་ཙུའི་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུའི་སྟེང་ཁུལ་སྲིད་གཞུང་གི་ལས་དོན་ཁག་བཀོད་སྒྲིག་ཞིབ་ཕྲ་དང་ཁ་གསལ་བྱས་ཡོད།  ས་གནས་ཁག་དང་སྡེ་ཚན་ཁག་གིས་སྐུལ་འདེད་ནུས་ལྡན་བཏང་ནས་མཚོ་བྱང་གི་ལས་ཕྱོད་དང་མཚོ་བྱང་གི་མྱུར་ཚད་གང་ལེགས་མངོན་ཡོད། ལོ་གསར་བའི་ནང་། ཁུལ་སྲིད་གཞུང་ཁོངས་གཏོགས་ཀྱིས་སྤྱོད་ཚུལ་བཟང་པོ་མུ་མཐུད་དུ་རྒྱུན་འཁྱོངས་དང་དར་སྤེལ་བཏང་ནས་ཧུར་ཐག་གིས་མི་དམངས་བློ་ཡིད་ཚིམ་པའི་ཞབས་ཞུ་ཅན་གྱི་སྲིད་གཞུང་བསྐྲུན་དགོས་པར་བསྟན།

a.jpg

        ཚོགས་འདུས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དང་ཞིང་ཆེན་གྱི་སྐབས་བཅུ་བཞི་པའི་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལ་སློབ་སྦྱོང་བྱས། ཚོགས་འདུས་གོང་གི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ། དེ་བཞིན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སྔར་བས་ཞིབ་ཀློག་གཏིང་ཟབ་བྱེད་པ་དང་སྙིང་རུས་ལྷོད་མེད་ཀྱིས“སྤྱོད་ཚུལ་བཞི”ཡོ་བསྲང་དང་སྤྱོད་ཚུལ་གསར་པ་བཏོད་པ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

b.jpg

         ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2023ལོའི་དཔྱིད་གསར་དུས་ཆེན་གྱི་ལྷན་འཛོམས་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱས།  ཚོགས་འདུས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་འདས་ཟིན་པའི་ལོ་གཅིག་རིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་ཆེན་པོར་ཕྱོགས་ཡོངས་ནས་གོ་བ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་སྨོན་འདུན་བཟང་པོ། མངགས་བཅོལ་ནན་པོ་བཅས་ལ་གོ་བ་གཏིང་ཟབ་ལེན་པ། འབད་འབུངས་ཡར་བརྩོན་གྱི་རྣམ་འགྱུར་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སྐུལ་འདེད་གཏོང་བ། མངགས་བཅོལ་དེ་བསམ་པ་རྣམ་དག་གིས་ལས་འགན་སྒྲུབ་པ་དང་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་སྟོབས་ཤུགས་སུ་བསྒྱུར་ནས་ལས་རྣམ་གསར་བ་གཏོད་དགོས་པའི་བླང་བྱ་བཏོན།

c.jpg

         ཚོགས་འདུའི་སྟེང་ཙུང་ལི་ལི་ཁེ་ཆང་གིས་ཁྲོམ་རའི་ལྟ་སྐུལ་དོ་དམ་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས། ཚོགས་འདུས་བསྟན་དོན། ཁྲོམ་རའི་བྱེད་པོ་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་མང་ཚོགས་ཀྱི་ལས་ཞུགས་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་ནས་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་འགན་ལེན་གལ་ཆེན་ཞིག་ཡིན་པས།  ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ“གཡོ་འགུལ་མེད་པ་གཉིས”མཐའ་འཁྱོངས་བྱས་ཏེ། ཚད་མཐོའི་མཐོང་ཆེན་དང་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པར་བསྟན།  ཚོགས་འདུས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་མིག་སྔའི་དཔལ་འབྱོར་འཁོར་སྐྱོད་རྣམ་པར་དོ་ཁུར་ཆེན་པོ་བྱེད་པ་དང་། ཁུལ་ཡོངས་ཀྱིས་ཁེ་ལས་ལ་རོགས་སྐྱོར་བྱས་ནས་ཁེ་ལས་ལ་དྲོ་སྐྱིད་སྦྱིན་པའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ཁེ་ལས་ལ་དྲོ་སྐྱིད་སྦྱིན་པའི་སྲིད་ཇུས་ཁག་དུས་ཐོག་ཏུ་དོན་འཁྱོལ་ནན་པོ་བྱེད་པ་དང་། ཤེས་བྱའི་བདག་དབང་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཁྲོམ་རའི་བྱེད་པོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མཁོ་སྤྲོད་ཇུས་འདོན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན།

         ཚོགས་འདུའི་སྟེང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ཞིང་ཆེན་གྱི་སྐབས་བཅུ་བཞི་པའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ། ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་དགོངས་དོན་བཅས་ལ་སློབ་སྦྱོང་བྱས། ཚོགས་འདུས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཡག་པོ་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་རྒྱུན་རྣམ་ཅན་དང་སྣ་མང་ཅན་གྱི་སྒོ་ནས་སློབ་སྦྱོང་བྱས་ཏེ། ཚོགས་འདུའི་དགོངས་དོན་ཁྲོད་ནས་ཁ་ཕྱོགས་འཚོལ་བ་དང་། སྲིད་ཇུས་འཚོལ་བ། གནས་ཚད་གཏན་འཁེལ་བཅས་བྱས་ཏེ་རིམས་ནད་སྔོན་འགོག་དང་། ཉེན་ཁ་སེལ་བ། བདེ་འཇགས་འགན་ལེན། བརྟན་ལྷིང་སྲུང་སྐྱོང་། གསོན་ཤུགས་ལེགས་གཏོང་། འཕེལ་རྒྱས་ལ་སྐུལ་འདེད། དམངས་འཚོར་ཕན་པ་བཅས་ཀྱི་ལས་དོན་ཁག་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན།

d.jpg

          ཚོགས་འདུའི་སྟེང་བློ་མཐུན་ཁྲེན་ཀང་དང་ཝུའུ་ཞའོ་ཅུན་གྱིས་ཟླ1པའི་ཚེས31ཉིན་མཚོ་བྱང་དུ་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱས། ཚོགས་འདུས་ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་སློབ་སྦྱོང་དང་གོ་བ་ལེན་པའི་ཁྲོད་ཞིང་ཆེན་གྱི་གནས་ཚུལ་དང་ཁུལ་གྱི་གནས་ཚུལ་ལ་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་། ལས་ཀའི་བསམ་ཕྱོགས་དང་བྱེད་ཐབས་སྔར་བས་ཁ་གསལ་བཟོ་བ། ད་ལོའི་ལས་ཀའི་བསམ་ཕྱོགས་དང་། དམིགས་ཚད། བྱེད་ཐབས་བཅས་ཞིང་ཆེན་ཏང་ཨུའི་བླང་བྱ་དང་འཚམ་པ་དང་མཚོ་བྱང་གི་དོན་དངོས་དང་འཚམ་པར་བཅས་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་།  ཁུལ་ཨུ་བཅས་ལ་སྤུས་ཚད་མཐོ་བའི་གྲུབ་འབྲས་ཤིག་འབུལ་བར་བརྩོན་ལེན་བྱེད་དགོས།

          ཚོགས་འདུས་རྩ་དོན་ཐོག་ཁུལ་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་ཁུལ་ཨུའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་དང་། ཁུལ་སྲིད་གཞུང་གིས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་ཚོགས་འདུ་ཐེངས་བཞི་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྩིས་ཡོད་པའི་སྲིད་གཞུང་གི་ལས་དོན་སྙན་ཞུ་དང་། འཆར་གཞིའི་འཆར་ཟིན། སྔོན་རྩིས་འཆར་ཟིན་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། གོ་རིམ་ལྟར་ཁུལ་ཨུ་དང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་དགོས་པའི་བླང་བྱ་བཏོན།

e.jpg

          ཚོགས་འདུས་ད་ལོ་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་འཐབ་ཇུས་ཀྱི་ངེས་ཤུགས་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ། སྐབས་རིམ་བྱུང་གི་ཁུལ་སྲིད་གཞུང་ཚན་ཁག་གི་ཧུར་བརྩོན་བཅོས་སྐྱོང་གི་རྐང་རྗེས་དེད་ནས་མུ་མཐུད་དུ་བློ་དཀར་སྲིད་གཞུང་དང་། ཁྲིམས་སྐྱོང་སྲིད་གཞུང་། འགན་འཁྲི་སྲིད་གཞུང་། ནུས་ཆེའི་སྲིད་གཞུང་། སྤྱོད་གཙང་སྲིད་གཞུང་། ཞབས་ཞུ་སྲིད་གཞུང་བཅས་མུ་མཐུད་དུ་བསྐྲུན་ནས་མགོ་འཛུགས་ས་དེ་བས་མཐོ་བའི་ཐོག་རྗེས་སྐྱོང་ཡག་པོ་བགྱིས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན། གཅིག་ནས“རྒྱལ་ཁབ་ཀྱི་དོན་ཆེན་”སེམས་ལ་བཅངས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང“དེ་བས་གལ་འགངས་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་དམ་འཛིན་ནན་པོ་བྱས་ཏེ་མཚོ་སྔོན་གྱི་སྐྱེ་ཁམས་དཔེ་སྟོན་གྱི་མཐོ་ས་གཏོད་ཆེད“རུ་དམག”ཡག་པོ་བྱེད་པ་དང“ཚོད་ལྟའི་ཞིང་ཁ”ཡག་པོ་འདེབས་དགོས།    གཉིས་ནས“ས་ཁུལ་བཞིའི་འཛུགས་སྐྲུན”གཏན་འཁེལ་བྱས་ཏེ་དེང་རབས་ཐོན་ལས་མ་ལག་ནུས་ཤུགས་ཡོད་རྒུས་འཛུགས་དགོས། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་དང་རྒྱལ་སྤྱིའི་སྣོད་བཅུད་གནས་སྐོར་བྱ་ཡུལ་གཏོད་པ་སོགས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། “ཐོན་རྫས་གསུམ་དང་ཚད་གཞི་གཅིག”གི་ཞིང་ལས་ཐོན་རྫས་ཁས་ལེན་ར་སྤྲོད་དང་“གཅིག་ཅན་དྲུག”གི་ཞིང་ཕྱུགས་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་ཧུར་ཐག་གིས་གསེར་དངུལ་ཐང་དང་རྡུལ་ཕྲན་གྲོང་གི་རྒྱལ་ཁབ་ཀྱི5Aརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་དང་མཚོ་བྱང་གི་རྒྱལ་ཁབ་རིམ་པའི་ས་ཁོངས་ཧྲིལ་པོའི་གནས་སྐོར་དཔེ་སྟོན་ཁུལ་གཏོད་རྒྱུར་སྐུལ་འདེད་ གཏོང་དགོས།  ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གསུམ་པ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་བཟོ་ལས་གླིང་ཁུལ་གྱི་ཐོན་ལས་ལེགས་སྒྲིག་དང་ལྗང་མདོག་གཏེར་ཁུལ་གྱི་འཛུགས་སྐྲུན་གོམ་ཁ་ཇེ་མགྱོགས་སུ་གཏོང་བ། བྱེད་ཐབས་སྣ་ཚོགས་སྤྱད་ནས་དངོས་གཞིའི་དཔལ་འབྱོར་དར་སྤེལ་གཏོང་དགོས། གསུམ་ནས“དམངས་འཚོའི་རྒྱུགས་ཤོག”ཡག་པོ་བྲིས་ནས་དམངས་འཚོའི་བདེ་སྐྱིད་ཕྱོགས་ཡོངས་ནས་ནུས་ལྡན་ངང་ཆེ་རུ་གཏོང་བ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་དམིགས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་མཐུན་སྦྱོར་བཀོད་སྒྲིག་དང་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། ཞིང་ཆེན་དང་པུའུ་ཡིས་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་མཉམ་སྐྲུན་བྱེད་པའི་གོ་སྐབས་ལ་དམིགས་ནས་གྲོང་ཁྱེར་གསར་སྒྱུར་གྱི་བྱ་སྤྱོད་ཤུགས་ཆེན་སྤེལ་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་རྣམ་པ་ལེགས་སུ་གཏོང་བ་དང་། གཞིས་ཁུལ་ཆུང་བ་དང་རྙིང་པ་ཕྱོགས་བསྡུས་བཅོས་སྐྱོང་། སློབ་གསོ་དང་རྒན་གསོ། རིག་གནས་བཅས་ཀྱི་ཞབས་ཞུ་མཁོ་སྤྲོད་སོགས་ཀྱི་རྣམ་གྲངས་ལག་བསྟར་གཏིང་ཟབ་བྱས་ཏེ། མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་གཏོང་དགོས། ཐུན་མོང་ཐོག་ཕྱུག་པོར་འགྱུར་བའི་དམིགས་འབེན་ལ་དམིགས་ནས་ལས་ཞུགས་བརྟན་པོ་ཡོང་བའི་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་དགོས། བཞི་ནས“དུས་བདེའི་མཚོ་སྔོན”དམ་འཛིན་བྱས་ནས་སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་གི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས“མི་རིགས་མཐུན་སྒྲིལ་ཡར་ཐོན+”མཉམ་འདྲེས་འཕེལ་རྒྱས་ཀྱི་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་། དུས་བདེའི་མཚོ་བྱང་དང་ཁྲིམས་སྐྱོང་མཚོ་བྱང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཧུར་ཐག་གིས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས།  

          ཚོགས་འདུས་ནན་གྱིས་བསྟན་དོན།  མིག་སྔར། དུས་ཚིགས་དང་པོར“མགོ་ཡག་པོ་ཚུགས”རྒྱུར་དམ་པོར་དམིགས་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལ་ཞིབ་བསྡུར་བྱས་ཏེ་གཙོ་གནད་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་། སྔ་ཙམ་དམ་འཛིན་དང་དངོས་འཛིན་དངོས་སྒྲུབ། “མགོ་བརྩམས་མ་ཐག་གི”ལས་དོན་ཡག་པོ་སྒྲུབ་པའི་དམག་འཐབ་དྲག་པོ་དེ་མཐའ་གཅིག་ཏུ་ཡག་པོ་བརྒྱབ་ནས་ལོ་ཧྲིལ་པོའི་ལས་དོན་ལ་མགོ་ཡག་པོ་འཛུགས་པ་དང་། དཔལ་འབྱོར་གྱི་འཁོར་རྒྱུགས་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བྱས་ཏེ། “243”གྱི་འཕེལ་རྒྱས་ཀྱི་རྣམ་པ་འཛུགས་སྐྱོང་དང“མཚོ་བྱང་ལྔ”འཛུགས་སྐྲུན་ལ་སྲིད་གཞུང་སྡེ་ཁག་གི་བྱས་རྗེས་སྐྲུན་དགོས་པ་ནན་གྱིས་བསྟན།

       ཚོགས་འདུས་ད་དུང་དོན་ཚན་གཞན་དག་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས།


མཉམ་སྤྱོད།