མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས29ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས། ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་བྱས།

2023-02-07 15:35:49   |   163

སྒྲིག་སྒྱུར།  སངས་དོན།     བཤེར་འབེབས།   རིན་ཆེན་ཚེ་རིང་། 


       ཟླ2པའི་ཚེས7ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་གཙོ་སྐྱོང་གནང་ནས་འཚོགས།  ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། མཚོ་བྱང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས།

a.jpg

      ཚོགས་འདུའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུ་ཡི་ཐུན་མོང་སློབ་སྦྱོང་ཚོགས་འདུ་ཐེངས་གཉིས་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའི་ཐུན་མོང་སློབ་སྦྱོང་ཚོགས་འདུ་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་ཐོབ་པའི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། མགྱོགས་མྱུར་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་དོན་སྙིང་གལ་ཆེན་དེ་རྒྱས་བཤད་གཏིང་ཟབ་གནང་ཡོད་ཅིང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཕྱོགས་ཡོངས་ནས་སྐྲུན་ཐུབ་པར་དམིགས་ནས་བླང་བྱ་ཁ་གསལ་བཏོན་ཡོད།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ“243”གྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་སྐྱོང་དང་། “མཚོ་བྱང་ལྔ”འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་གཞི་བཙུགས་ནས། བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་བ། འཕེལ་རྒྱས་ཀྱི་བྱེད་ཐབས་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་མཚོ་བྱང་གི་དོན་དངོས་དང་མཐུན་ལ་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་པ་དང་།  ཏང་གིས་དཔལ་འབྱོར་ལས་དོན་ལ་མགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་དུས་བཀག་ལྟར་རྒྱལ་ཁབ་ཀྱི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ལ་ཞིབ་འཇུག་དང་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱས་ཏེ།  ཁ་ཕྱོགས་དམ་འཛིན་ཡག་པོ་དང་ཁྱོན་ཡོངས་འཆར་འགོད་ཀྱིས་འཐབ་ཇུས་འདོན་པ། སྲིད་ཇུས་གཏན་འབེབས། དོན་འཁྱོལ་ལ་སྐུལ་འདེད་བཅས་བྱ་དགོས།  འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་དང་། འཕེལ་རྒྱས་ལ་གནོད་པའི་བསམ་བློའི་འགོག་རྐྱེན་མཐའ་གཅིག་ཏུ་སེལ་བ། ཁེ་ལས་ཀྱི་དཀའ་ངལ་དང་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ། ལས་བྱེད་པའི་སྤྱོད་ཚུལ་སྔར་བས་འགྱུར་ལྡོག་གཏོང་བ་བཅས་བྱས་ཏེ། ད་ལོའི་ལས་དོན་ལ་མགོ་ཡག་པོ་ཞིག་འཛུགས་པ་དང་གོམ་པ་ཡག་པོ་ཞིག་སྤོ་ཐུབ་པའི་འགན་ལེན་བྱེད་པར་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ཞེས་ནན་གྱིས་བསྟན།

b.jpg

       ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་ཚོགས་འདུ་དང་རྒྱལ་ཡོངས་ཀྱི་ལས་བྱེད་པ་རྒན་པ་ཅུའི་ཅུ་ཀྲང་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ།  ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། རིགས་པའི་གཞུང་ལུགས་གསར་གཏོད། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བཅས་ལ་དམ་འཛིན་ཡག་པོ་བྱས་ནས་མཁས་འདེམས་འཇོན་བསྐོ་དང་། རྨང་གཞི་བརྟན་པོར་གཏོང་བ། ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ“མཚོ་བྱང་ལྔའི”འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས་པ་བསྟན།  སེམས་ཤུགས་ཡོད་རྒུས་ལས་བྱེད་པ་རྒན་པའི་ལས་དོན་ཡག་པོ་བསྒྲུབས་ནས་བསམ་བློའི་ལས་དོན་དོན་ཐོག་ཏུ་འཁྱོལ་བ་དང་། འཚོ་བའི་ཐོབ་ཐང་གནད་ལ་འཁེལ་བ། རྩ་འཛུགས་ཀྱི་ཐུགས་ཁུར་དངོས་སར་འབྱོར་བ།  ནུས་པ་འདོན་སྤེལ་གྱི་ལས་སྟེགས་སྐྲུན་ཐུབ་པ་བཅས་བྱས་ཏེ། རྒྱ་ཆེའི་ལས་བྱེད་པ་རྒན་པས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་ལེགས་པའི་སྒོ་ནས་མཉམ་སྤྱོད་ཐུབ་པ་བྱེད་དགོས་ཞེས་ནན་གྱིས་བསྟན།

c.jpg

       ཚོགས་འདུའི་ཐོག་ཞིང་ཆེན་ཏང་ཨུའི་གྲོང་གསེབ་དང་འབྲོག་ཁུལ་གྱི་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ནན་ཏན་གྱིས་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ།  ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུ་བཅས་ཀྱི“ཡིག་ཆ་ཨང་དང་པོ”ལ་ཞིབ་བསྡུར་བྱེད་པ་དང་། ས་གནས་དེ་ག་དང་སྡེ་ཚན་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རེ་རེ་བཞིན་ཞིབ་ཚགས་ངང་གསེད་བཀྲོལ་བྱེད་པ། དོན་ཚན་རེ་རེ་བཞིན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱས་ནས་ཁུལ་ཡོངས་ཀྱི“ཞིང་གསུམ”ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།  སྟོབས་ཤུགས་དང་དུས་ཚོད་གཅིག་སྡུད་དང་། དྲིལ་བསྒྲགས་བྱེད་སྟངས་དང་བྱེད་ཐབས་གསར་གཏོད། ཏན་ཏིག་གིས“ཡིག་ཆ་ཨང་དང་པོ་”བསྒྲགས་བཤད་དང་“སྣང་ཆེན་གཅིག་དང་བརྟན་ལྷིང་གཉིས། སྐུལ་འདེད་གསུམ། ཁག་ཐེག་བཞི”ཡི་བྱེད་སྒོ་སྤེལ་པ་དང་། བྱེད་སྒོར་ཕན་འབྲས་ལྡན་པར་འགན་ལེན་བྱེད་དགོས། “1+10”སོགས་གཞི་རིམ་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ལས་ཀའི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ཏེ། ཐོན་ལས་འཕེལ་རྒྱས་དང་རོང་འབྲོག་པའི་ལས་ཞུགས་ལས་གཏོད། ཐོན་འཕར་འབབ་འཕར་སོགས་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་དགོས། རོང་འབྲོག་ཁུལ་གྱི་འཕེལ་རྒྱས་ལ་འཕྲད་པའི་དཀའ་གནད་གསར་པ་སེལ་གང་ཐུབ་བྱེད་པ་དང་རོང་འབྲོག་མང་ཚོགས་ཀྱི་དངོས་ཡོད་དཀའ་ངལ་མཐུན་སྦྱོར་ངང་ཐག་གཅོད་བྱེད་དགོས།

d.jpg

        ཚོགས་འདུའི་ཐོག་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས(རྒྱས་འཛོམས)ཚོགས་འདུ་ཐེངས་དྲུག་པ་དང་།  ཁུལ་སྒྲིག་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ཁུལ་གྱི་སྐབས་བཅོ་ལྔ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་བཞི་པ། དེ་བཞིན་ཁུལ་སྲིད་གྲོས་ཀྱི་སྐབས་བཅོ་ལྔ་པའི་ཚོགས་འདུ་ཐེངས་གསུམ་པའི་འབྲེལ་ཡོད་ཡིག་ཆར་ཞིབ་འཇུག་དང་གྲོས་ཞིབ་བྱས། 

        ཚོགས་འདུའི་ཐོག    ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས(རྒྱས་འཛོམས)ཚོགས་འདུ་ཐེངས་དྲུག་པ་དེ་ཟླ2པའི་ཚེས10ཉིན་འཚོག་རྒྱུའི་གཏན་འབེབས་བྱས།


མཉམ་སྤྱོད།