མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས15ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མདོ་ལ་རྫོང་ལ་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་དཔེ་སྟོན་རྫོང་གི་ཆོག་མཆན་ཐོབ།

2023-02-07 16:38:14   |   155

སྒྲིག་སྒྱུར།  སངས་དོན།    བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཉེ་ཆར། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱིས2021ལོ་ནས2025ལོ་བར་གྱི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་དཔེ་སྟོན་རྫོང(གྲོང་ཁྱེར་དང་ཆུས)ཁག་གཉིས་པའི་གཏན་འཁེལ་མིང་ཐོ་ཁྱབ་བསྒྲགས་བྱས་པ་ལྟར་ན།  མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་གྲོང་དབུས་ཆུས་དང་། ཟི་ལིང་གྲོང་ཁྱེར་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་། མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས། མཚོ་ཤར་གྲོང་ཁྱེར་མེན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་། མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར།  མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་བཅས2021ལོར་ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱིས2021ལོ་ནས2025ལོ་བར་གྱི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་དཔེ་སྟོན་རྫོང་ཁག་དང་པོར་གཏན་འཁེལ་བྱས་འདུག  

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་དཔེ་སྟོན་རྫོང(གྲོང་ཁྱེར་དང་ཆུས)གསར་འཛུགས་ཀྱི་གཏན་འཁེལ་ནི་ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱིས་གཞི་རིམ་གྱི་ཚན་རིག་ཁྱབ་གདལ་ལས་དོན་གྱི་ནུས་པ་ཆེ་རུ་གཏོང་བ་དང་།《དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་བྱ་སྤྱོད་འཆར་འགོད་རྩ་གནད(2021ལོ་ནས་2035ལོ་བར)》ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། རྒྱ་ཆེའི་ཚན་རྩལ་ལས་དོན་པ་དང་ཚན་རིག་ཁྱབ་གདལ་ལས་དོན་པར་མཐུན་སྒྲིལ་དང་སྣེ་ཁྲིད་བྱེད་པ། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བ། ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་མཐུན་སྦྱོར་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་དོན་ཞིག་རེད།

ད་ཐེངས་ཀྱི་ངོས་འཛིན་ལས་དོན་དེ་ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱིས་སྒྲིག་འཛུགས་བྱས་པ་དང་། རེ་ཞུ་ལས་ཁུངས་ཁག་གིས་སྔོན་ལ་ལོ་གཅིག་གི་གསར་འཛུགས་དུས་མཚམས་བརྒྱུད།  རྫོང་རིམ་པའི་རང་མོས་དཔྱད་འདེམས་དང་། གྲོང་ཁྱེར་རིམ་པའི་ཞིབ་བཤེར། ཞིང་ཆེན་རིམ་པའི་ཚན་རྩལ་མཐུན་ཚོགས་ཀྱིས་འོས་སྦྱོར། ཞིང་ཆེན་ལས་བརྒལ་ནས་ཟུར་བཤེར་བྱེད་པ། ཆེད་མཁས་པས་དཔྱད་མོལ་བྱེད་པ་སོགས་ཀྱི་གོ་རིམ་བརྒྱུད་མཐར་གཏན་འཁེལ་བྱས་པ་རེད།


མཉམ་སྤྱོད།