དེ་རིང་ནི2025ལོའི་ཟླ05པའི་ཚེས02ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་གྲོང་ཚོ5མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་གནས་སྐོར་གཙོ་གནད་སྡེ་བར་བདམས་འདུག

2023-02-08 10:21:19   |   346

སྒྲིག་སྒྱུར།  སངས་དོན།     བཤེར་འབེབས།  རིན་ཆེན་ཚེ་རིང་། 


      ཉེ་ཆར།   ཞིང་ཆེན་རིག་གནས་གནས་སྐོར་ཐིང་གིས་རྒྱལ་ཡོངས་ཀྱི་གྲོང་གསེབ་གནས་སྐོར་གཙོ་གནད་གྲོང་ཚོ་ཁག་བཞི་པའི་མིང་ཐོ་དང་ཞིང་ཆེན་རིམ་པའི་གྲོང་གསེབ་གནས་སྐོར་གྱི་གཙོ་གནད་གྲོང་ཚོའི་མིང་ཐོ་ཁག་གསུམ་པ་ཁྱབ་བསྒྲགས་བྱས་པ་ལྟར་ན།  རང་ཁུལ་གྱི་མདའ་བཞི་རྫོང་ཝ་འཇོག་ཡུལ་ཚོའི་མདའ་བཞི་གྲོང་ཚོ་རྒྱལ་ཁབ་རིམ་པའི་གྲོང་གསེབ་གནས་སྐོར་གཙོ་གནད་གྲོང་ཚོའི་ནང་བཅུག་པ་དང་། མདོ་ལ་རྫོང་བཙུན་མོ་གཞོང་གྲོང་རྡལ་ར་གདོང་གྲོང་ཚོ།  ཨ་རིག་ཡུལ་ཚོ་འགྲན་ནག་གྲོང་ཚོ། འཇུ་ལག་རྫོང་ཤར་ཐང་གྲོང་རྡལ་གྱི་དགོན་ལུང་གྲོང་ཚོ། སེམས་ཉིད་ཡུལ་ཚོའི་དར་ལུང་གྲོང་ཚོ།  མདའ་བཞི་རྫོང་གསེར་ཐང་ཡུལ་ཚོའི་ཧའེ་ཏུང་གྲོང་ཚོ་བཅས་ཞིང་ཆེན་རིམ་པའི་གྲོང་གསེབ་གནས་སྐོར་གཙོ་གནད་གྲོང་ཚོར་ནང་བཅུག་འདུག   2022ལོའི་ཟླ12པའི་བར་དུ།  མཚོ་བྱང་ཁུལ་དུ་རྒྱལ་ཁབ་རིམ་པའི་གྲོང་གསེབ་གནས་སྐོར་གཙོ་གནད་གྲོང་ཚོ་ཁག5ཡོད་ཅིང་།  ཞིང་ཆེན་རིམ་པའི་གྲོང་གསེབ་གནས་སྐོར་གཙོ་གནད་གྲོང་ཚོ29ཡོད། བདམས་ཐོན་བྱུང་བའི་གཙོ་གནད་གྲོང་ཚོས་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་། རིག་གནས་ཀྱི་ནང་དོན་ཟབ་མོ། མཛེས་སྡུག་ལྡན་པའི་འཚོ་སྡོད་ཁོར་ཡུག  འཐུས་སྒོ་ཚང་བའི་རྨང་གཞིའི་སྒྲིག་བཀོད།  དཔེ་སྟོན་སྣེ་ཁྲིད་རང་བཞིན་བཅས་ལ་བརྟེན་ནས་ས་གནས་དེ་གའི་མང་ཚོགས་ལས་ཞུགས་ལ་སྐུལ་ཁྲིད་དང་། རོང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བ། གྲོང་གསེབ་གནས་སྐོར་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།

a.jpg

མདོ་ལ་རྫོང་བཙུན་མོ་གཞོང་གྲོང་རྡལ་ར་གདོང་གྲོང་ཚོ།

b.jpg

མདོ་ལ་རྫོང་ཨ་རིག་ཡུལ་ཚོའི་འགྲན་ནག་སྡེ་བ།

c.png

འཇུ་ལག་རྫོང་ཤར་ཐང་གྲོང་རྡལ་དགོན་ལུང་གྲོང་ཚོ།

d.jpg

འཇུ་ལག་རྫོང་སེམས་ཉིད་ཡུལ་ཚོའི་དར་ལུང་གྲོང་ཚོ།

༡.jpg

མདའ་བཞི་རྫོང་གསེར་ཐང་ཡུལ་ཚོའི་ཧའེ་ཏུང་གྲོང་ཚོ།

རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གྲོང་གསེབ་གནས་སྐོར་གཙོ་གནད་གྲོང་ཚོ་བསྐྲུན་རྒྱུ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། རིག་གནས་དང་གནས་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད།  ཉེ་བའི་ལོ་ཤས་རིང་། གྲོང་གསེབ་ཀྱི་གནས་སྐོར་ཁྲོམ་རའི་གཞི་ཁྱོན་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་། ཐོན་ལས་འབྲེལ་ཐག་རྒྱུན་ཆད་མེད་པར་རྒྱང་སྲིང་བྱེད་པ།  ཕྱོགས་བསྡུས་སྐུལ་ཁྲིད་ཀྱི་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ནས་གྲོང་གསེབ་དར་རྒྱས་ཀྱི་སྒུལ་ནུས་གསར་པ་ཞིག་ཏུ་གྱུར་ཡོད། གཙོ་གནད་གྲོང་ཚོ་གསར་པ་ཁག་གཅིག་གིས་ས་གནས་དེ་གའི་རིག་གནས་ཁྱད་ཆོས་དང་ཐོན་ལས་ཀྱི་རྨང་གཞིར་གཞི་ཚུགས་པ་དང་། གྲོང་གསེབ་ཀྱི་གནས་སྐོར་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རིག་གནས་དང་གནས་སྐོར་མཉམ་འདྲེས་དང་། ཐོན་ལས་མཉམ་འདྲེས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་བཅས་ལ་སྐུལ་ཁྲིད་བྱས་ཡོད་ཅིང་། རོང་འབྲོག་པས་གྲོང་གསེབ་ཀྱི་གནས་སྐོར་འཕེལ་རྒྱས་ཆེན་པོ་བྱུང་བར་བརྟེན་ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་དང་། སྐྱེ་ཁམས་རོལ་མྱོང་། ལུས་གསོ།  རང་བྱུང་ཉམས་ལེན་སོགས་ཁྱད་ཆོས་མི་འདྲ་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་འཕེལ་རྒྱས་བཏང་ནས་གྲོང་གསེབ་ཀྱི་གནས་སྐོར་ཁྱད་ལྡན་གྲོང་ཚོ་ཁག་ཅིག་གསར་བཏོད་བྱས་ཡོད།


མཉམ་སྤྱོད།