དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གུང་གཞོན་མདོ་ལ་རྫོང་ཨུས“མེ་ཏོག་དམར་པོའི་བདེ་ཐང་སྲུང་སྐྱོང་འཆར་གཞིའི”དངོས་ཟོག་ཞལ་འདེབས་མཛད་སྒོ་སྤེལ།

2023-02-08 14:56:21   |   845

རྩོམ་སྒྲིག  སངས་དོན།   ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


        ཉེ་ཆར།  གུང་གཞོན་མདོ་ལ་རྫོང་ཨུས་མཚོ་སྔོན་ལན་ཐེན་སྤྱི་ཕན་བྱ་གཞག་འཕེལ་རྒྱས་སྐུལ་སྤེལ་ལྟེ་གནས་དང་མཉམ་དུ“མེ་ཏོག་དམར་པོ་བདེ་ཐང་སྲུང་སྐྱོང་འཆར་གཞིའི”དངོས་ཟོག་ཞལ་འདེབས་མཛད་སྒོ་སྤེལ་ཞིང་། དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་གཞི་རྩའི་རིམས་འགོག་དངོས་ཟོག་གི་དགོས་མཁོ་དང་གཟུགས་པོའི་བདེ་ཐང་ལ་འགན་ལེན་ཏན་ཏིག་བྱས།

༡.png

        ཞལ་འདེབས་མཛད་སྒོའི་སྟེང་། གཅིག་སྡུད་འགྲེམ་གཏོང་དང་སྒོ་བཅར་ཞབས་ཕྱི་སོགས་ཀྱི་བྱེད་ཐབས་སྤྱད་དེ་རྫོང་ཡོངས་ཀྱི་སྡེ་ཁུལ5དང་། འཕྲོད་བསྟེན་ཁང11ལ་རིན་མེད་ངང་རིམས་འགོག་བདེ་ཐང་ཁུག་མ400དང་། དབྱང་བཟོ་འཕྲུལ་ཆས11དང་། ཁྲག་དབྱང་ཡོ་ཆས22དང་། དབྱང་རྔུབ་སྦུ་གུ550བཅས་ཞལ་འདེབས་ཕུལ་ནས་་ཏང་དང་སྲིད་གཞུང་གི་ཐུགས་ཁུར་མི་དམངས་མང་ཚོགས་ཀྱི་ལག་ཏུ་འཕྲོད་པར་བྱས་ཤིང་། གཞི་རིམ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རིམས་འགོག་གི་དགོས་མཁོ་ཐག་གཅོད་བྱས།

༢.jpg

       ད་དུང་། ལས་བྱེད་མི་སྣ་རྩ་འཛུགས་གྱིས་རིམས་ནད་འགོག་སྡོམ་གྱི་འབྲེལ་ཡོད་ཤེས་བྱ་དྲིལ་སྒྲོག་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱི་རང་ངོས་ཀྱི་དོགས་ཟོན་འདུ་ཤེས་སྔར་བས་ཇེ་ཟབ་ཏུ་བཏང་བ་མ་ཟད། ཚན་རིག་དང་མཐུན་པར་འགོག་སྡོམ་བྱ་རྒྱུར་ཁྲིད་སྟོན་གང་ལེགས་བྱས། དེ་དང་ཆབས་ཅིག འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་དོན་མི་སྣས་རྒན་རྒོན་ཚོགས་སྤྱིའི་གཟུགས་པོའི་གནས་ཚུལ་དངོས་ལ་གཞིགས་ནས་ཁོང་ཚོར་དབྱང་བཟོ་འཕྲུལ་ཆས་དང་ཁྲག་དབྱང་ཡོ་ཆས་སྤྱད་དེ་བདེ་ཐང་བརྟག་བཤེར་གྱི་བྱ་འགུལ་སྤེལ་ནས་མང་ཚོགས་ལ་ཕན་བདེ་གང་ལེགས་སྐྲུན།


མཉམ་སྤྱོད།