དེ་རིང་ནི2025ལོའི་ཟླ07པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་མདའ་བཞི་རྫོང་གི་གཙོ་གནད་དམངས་འཚོའི་ལས་གྲྭ་དང་ཁུལ་ཡོངས་ཀྱི་ཆུང་འབྲིང་སློབ་མའི་ལུས་རྩལ་འགྲན་ཚོགས་སྐབས་ལྔ་པའི་གྲ་སྒྲིག་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་རྟོག་ཞིབ་བྱས་པ།

2025-07-08 15:46:23   |   78

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ7པའི་ཚེས6ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མདའ་བཞི་རྫོང་གི་གཙོ་གནད་དམངས་འཚོའི་ལས་གྲྭ་དང་ཁུལ་ཡོངས་ཀྱི་ཆུང་འབྲིང་སློབ་མའི་ལུས་རྩལ་འགྲན་ཚོགས་སྐབས་ལྔ་པའི་གྲ་སྒྲིག་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་རྟོག་ཞིབ་བྱས། ཁོང་གིས་ནན་གྱིས་བསྟན་དོན། མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་ལ་དམིགས་པ་དང་། དུས་ཚོད་ཀྱི་མཚམས་ཚིགས་ལ་དམ་པོར་དམིགས་པ། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། བརྩེ་སེམས་ཟབ་མོ་བཅངས་ནས་དམངས་འཚོའི་བྱ་བ་དངོས་རྒྱུན་མཐུད་ངང་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་མང་ཚོགས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་སྨོན་རྒྱུན་ཆད་མེད་པར་སྐོང་དགོས་ཞེས་བསྟན།

1.png

ཁུལ་བོད་སྨན་ཁང་གི་སྡོད་བཅོས་སྒོ་བསྟེན་སྨན་བཅོས་ཐོག་ཁང་གི་ལས་སྒོའི་ཁང་པ་འཛུགས་སྐྲུན་རྣམ་གྲངས་དང་ཁུལ་བུ་བཅོལ་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས་ཀྱི་ཨར་ལས་བྱ་ཡུལ་དུ་ཤ་བོ་སྐྱབས་དང་བཅས་པས་རྣམ་གྲངས་ཀྱི་སྤྱིའི་བཀོད་པ་དང་ལས་གྲྭའི་འཕེལ་རིམ་གནས་ཚུལ་ལ་ལྟ་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་ཐོན་སྐྱེད་ཀྱི་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བྱེད་པ་དང་། འགན་འཁྲི་ཁག་ནན་དུ་གཏོང་བ། ཨར་ལས་འཕེལ་རིམ་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་ལས་གྲྭའི་འཛུགས་སྐྲུན་ཐད་ལས་འཛོལ་མེད་པ་དང་མངོན་མེད་རྐྱེན་ངན་མེད་པའི་འགན་ལེན་བྱེད་དགོས་ལ། རྣམ་གྲངས་ལས་གྲྭའི་སྤུས་ཚད་ཀྱི་འགག་སྒོ་དང་ཞིབ་བཤེར་རྩིས་ལེན་གྱི་འགག་སྒོ་ནན་པོར་སྲུང་ནས་འཛུགས་སྐྲུན་གྱི་མཇུག་བསྡུའི་ལས་དོན་ལ་སྤུས་ཚད་མཐོ་བ་དང་ཕན་ནུས་ཆེ་བའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། དུས་ཚོད་སྐར་ཆ་རེ་རེ་བརྩོན་ལེན་བྱས་ནས་གཉེར་སྐྱོང་གི་གྲ་སྒྲིག་ཡག་པོ་བྱས་ཏེ་དུས་བཀག་ལྟར་ལས་མཇུག་སྒྲིལ་ཏེ་སྤྱོད་ཐུབ་པའི་འགན་ལེན་བྱེད་པ་དང་ཆབས་ཅིག་བོད་སྨན་ཁང་གི་དུས་ཐེངས་གཉིས་པའི་རྒྱས་སྐྲུན་རྣམ་གྲངས་རེ་ཞུ་བྱེད་ཤུགས་ཆེ་རུ་གཏོང་དགོས། སློབ་གསོ་དང་དམངས་སྲིད་སོགས་སྡེ་ཚན་གྱིས་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། བུ་བཅོལ་ཞབས་ཞུའི་འཆར་འགོད་དང་སྨན་བཅོས་ཐོན་ཁུངས་སྤྱི་འདོམས་བྱས་ནས་ཁུལ་ཡོངས་ཀྱི་ཀུན་ཕན་བུ་བཅོལ་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བཤད།

2.jpg

ནུབ་མཚོ་གྲོང་རྡལ་བདེ་སྐྱིད་ཁྱིམ་གཞིས་ཀྱི་གཞིས་ཁུལ་རྙིང་པའི་ལེ་ལག་ཚང་བའི་ཞོར་གཏོགས་ལས་གྲྭའི་རིམ་སྤོར་སྒྱུར་བཀོད་དང་མཚོ་སྔོན་པོའི་ཆུ་ཁ་རྒྱས་ཁུལ་གྱི་གནོད་འཚེ་ཕོག་པའི་ཞིང་འབྲོག་པའི་གནས་སྤོས་ཡུལ་མིའི་རྣམ་གྲངས་ཀྱི་ཨར་ལས་བྱ་ཡུལ་དུ་ཤ་བོ་སྐྱབས་དང་བཅས་པས་རྣམ་གྲངས་ཀྱི་འཆར་འགོད་ཇུས་འགོད་དང་། བྱེད་ནུས་བཀོད་པ་དང་དེ་བཞིན་བཀོད་སྒྲིག་ལས་དོན་སོགས་ཀྱི་གནས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་གནང་། ཁོང་གིས་བསྟན་དོན། གཞིས་ཁུལ་རྙིང་པའི་ལེ་ལག་ཚང་བའི་ཞོར་གཏོགས་ལས་གྲྭའི་རིམ་སྤོར་སྒྱུར་བཀོད་དང་ཆུས་བསྣུབས་ཁུལ་གྱི་གནོད་འཚེ་ཕོག་པའི་ཞིང་འབྲོག་པའི་གནས་སྤོས་རྣམ་གྲངས་ནི་མང་ཚོགས་ཀྱི་བདེ་རྩར་ཐུག་ཅིང་ཁེ་ཕན་དང་འབྲེལ་བ་ཡོད་པའི་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་ཡིན་ལ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ཏུ་བསྟར་བའི་ལག་ལེན་གལ་ཆེན་ཞིག་ཀྱང་ཡིན། ཨར་སྐྲུན་གྱི་དུས་ཚོད་ལེགས་པོ་དམ་འཛིན་བྱས་ནས་བདེ་སྐྱིད་གཞིས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞབས་ཞུའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་། ཆུ་མཁོ་འདོན་དང་། དྲོད་འདོན། བཙོག་འབུད་སོགས་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ། འགྲོ་ལམ་སྲ་འགྱུར་སྒྱུར་བཀོད་རིམ་སྤོར་ཡག་པོ་བཅས་བྱས་ནས་མང་ཚོགས་ལ་དེ་བས་སྐྱིད་སྣང་དོད་པ་དང་བློ་བདེའི་འཚོ་བའི་ཁོར་ཡུག་ཅིག་མཁོ་འདོན་བྱེད་དགོས། རྐང་ཚ་རྫོང་དང་གསེར་ཆེན་རྫོང་གི་བཀོད་སྒྲིག་ལས་ཀའི་ཉམས་མྱོང་ལ་གང་ལེགས་དཔེ་ལེན་བྱས་ཏེ། ཁུལ་དང་རྫོང་། ཡུལ་ཚོ་དང་གྲོང་ཚོ་བཅས་རིམ་བཞིའི་མཉམ་འགུལ་མཉམ་ཤུགས་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱས་ཏེ། གནས་སྤོས་མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་ལ་དམིགས་ནས་རྣམ་གྲངས་ཀྱི་ཨར་ལས་འཕེལ་རིམ་མགྱོགས་སུ་གཏོང་བ་དང་། གནས་སྤོས་བཀོད་སྒྲིག་གི་ལས་དོན་ཁག་སྤྱི་འདོམས་ཡག་པོ་བྱས་ནས་མང་ཚོགས་བློ་ཡིད་ཚིམ་པའི་བློ་བདེའི་ལས་གྲྭ་ཞིག་མཉམ་དུ་བསྐྲུན་དགོས་ཞེས་བཤད།

3.png

ནུབ་མཚོ་ལུས་རྩལ་ར་བར། ཤ་བོ་སྐྱབས་དང་བཅས་པས་ཁུལ་ཡོངས་ཀྱི་ཆུང་འབྲིང་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་སྔོན་སྦྱོང་ལ་བལྟས་པ་དང་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་གནས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་གནང་། ཁོང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། ཁུལ་ཡོངས་ཀྱི་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་ཞིང་ཆེན་ཡོངས་ཀྱི་འབྲིང་རྒྱུགས་ཁྲོད་མཚོ་བྱང་ཁུལ་མདུན་གྲལ་དུ་སླེབས་ཡོད། ཁུལ་རིག་གནས་གནས་སྐོར་ཅུ་ཡིས་ནུབ་མཚོ་ལུས་རྩལ་ར་བའི་སྟེགས་བུའི་ཉི་འགོག་གུར་གྱི་རྣམ་གྲངས་རེ་ཞུ་ཡག་པོ་བྱེད་དགོས་པ་དང་། ཁུལ་སློབ་གསོ་ཅུ་ཡིས་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་མཚོ་བྱང་ཁུལ་གྱི་ཆུང་འབྲིང་སློབ་མའི་ལུས་རྩལ་འགྲན་ཚོགས་སྐབས་ལྔ་པ་གྲ་སྒྲིག་ཡག་པོ་བྱས་ཏེ། ཁྱད་ཆོས་ལྡན་པ་དང་ཆུ་ཚད་ལྡན་པའི་སྒོ་ནས་གཉེར་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

4.png

དེའི་རིང་ཤ་བོ་སྐྱབས་དང་བཅས་པ་བོད་ཁྱིམ་ཡུལ་སྲོལ་གླིང་དང221རྟེན་གཞིའི་གནས་རྙིང་ཡན་ལག་བཟོ་གྲྭ་གསུམ་པར་སོང་སྟེ་བེད་མེད་རྒྱུ་ནོར་བསྐྱར་སྤྱོད་དང་ཡན་ལག་བཟོ་གྲྭའི་བདེ་འཇགས་སྲུང་སྐྱོང་གནས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་བྱས། གཅིག་ནས་ཁུལ་སྡོད་ཁང་འཛུགས་སྐྲུན་ཅུ་དང་། ལས་ཁུངས་ལས་དོན་ཅུ། རྒྱལ་ཁབ་མ་འཇོག་སྤྱི་གཉེར་སོགས་སྡེ་ཚན་གྱིས་ཆུ་དང་གློག་སོགས་རྒྱུ་རྐྱེན་གཙོ་བོའི་འགན་ལེན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་བོད་ཁྱིམ་ཡུལ་སྲོལ་གླིང་གི་འཁྲབ་སྟོན་ཚོམས་ཆེན་དང་། ཤིང་ཟམ། བརྐོས་བརྙན་ཚོམ། སྦྲ་གུར་བཅས་ཀྱི་ཉམས་གསོའི་མྱུར་ཚད་མགྱོགས་སུ་བཏང་ནས་བེད་མེད་རྒྱུ་ནོར་བསྐྱར་སྤྱོད་བྱེད་ཐུབ་པའི་འགན་ལེན་བྱེད་དགོས། གཉིས་ནས་ཁུལ་སྤྱི་བདེ་ཅུ་དང་རྒྱལ་ཁབ་མ་འཇོག་སྤྱི་གཉེར་གྱིས་ཡན་ལག་བཟོ་གྲྭ་གསུམ་པའི་ལྟ་སྐུལ་ཚོད་འཛིན་སྒྲིག་བཀོད་ཀྱི་དྲ་སྦྲེལ་དོན་འཁྱོལ་ཡག་པོ་བྱས་ནས་སློབ་མའི་མི་ལུས་བདེ་འཇགས་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱེད་དགོས་ཞེས་བླང་བྱ་བཏོན།

5.png

ཁུལ་གྱི་མགོ་ཁྲིད་ཀྲའོ་ཧའེ་ཕིང་དང་ཧྲེང་ཅེ། ཧན་ཧྲི་བཅས་དང་། མདའ་རྫོང་གི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་དེ་བཞིན་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་རྟོག་ཞིབ་ནང་ཞུགས་ཡོད།


མཉམ་སྤྱོད།