དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཨུའི་རོང་འབྲོག་ཁུལ་བྱ་བའི་ཚོགས་འདུ་འཚོགས། ཤ་བོ་སྐྱབས་ཀྱིས་གསུང་བཤད་གནང་། ཀྲང་ཧྲེང་ཡོན་གྱིས་གཙོ་སྐྱོང་མཛད།

2023-02-09 09:28:10   |   184

སྒྲིག་སྒྱུར། སངས་དོན།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


        ཟླ2པའི་ཚེས8ཉིན། ཁུལ་ཨུའི་རོང་འབྲོག་ཁུལ་བྱ་བའི་ཚོགས་འདུ་འཚོགས། ཚོགས་འདུའི་ཐོག“ཞིང་གསུམ”ལས་དོན་སྐོར་གྱི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་ནན་ཏན་བྱས་པ་དང་། ན་ནིང་གི་ཁུལ་ཡོངས་ཀྱི“ཞིང་གསུམ”ལས་དོན་ལ་སྤྱི་སྡོམ་དང་། ད་ལོའི་གཙོ་གནད་ལས་འགན་ལ་བཀོད་སྒྲིག་བྱས་པ་མ་ཟད། 2023ལོའི་ཁུལ་ཡོངས་ཀྱི་ལས་བྱེད་པ་མི་ཁྲི་གཞི་རིམ་སྐྱོད་པའི་བྱེད་སྒོ་ལ་བཀོད་སྒྲིག་བྱས།  ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་འོས་མི་ཀྲང་ཧྲེང་ཡོན་གྱིས་ཚོགས་འདུ་གཙོ་སྐྱོང་མཛད་ནས་གསུང་བཤད་གནང་།

a.jpg

        ཤ་བོ་སྐྱབས་ཀྱིས་བསྟན་དོན།  ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུས་གྲོང་གསེབ་དར་རྒྱས་དང་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་ཀྱི་གཙོ་གནད་བྱ་བའི་ལས་སྒྲུབ་ཇེ་མགྱོགས་སུ་གཏོང་བར་ཁྱོན་ཡོངས་ནས་བཀོད་སྒྲིག་ཞིབ་ཚགས་བྱས་ཡོད། ཞིང་ཆེན་ཏང་ཨུའི་གྲོང་གསེབ་དང་འབྲོག་ཁུལ་གྱི་ལས་དོན་ཚོགས་འདུས་ཞིང་ཆེན་ཡོངས་ཀྱི“ཞིང་གསུམ”ལས་དོན་ལ་དམིགས་ཚད་ལས་འགན་དང་གཙོ་རྒོལ་ཁ་ཕྱོགས་གསར་པ་བཏོན་ཡོད།  རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་དེ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས“ཞིང་གསུམ”ལས་དོན་གྱི་གལ་འགངས་ཆེ་བའི་རང་བཞིན་ལ་གོ་བ་གཏིང་ཟབ་བླངས་ཏེ། ཧུར་ཐག་གིས་ཁུལ་ཡོངས་ཀྱི“ཞིང་གསུམ”ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་བསྟན།

b.jpg

         ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ལེགས་ཆར་གཞི་ཚུགས་པ་དང་ཁྱད་ཆོས་འབུར་དུ་བཏོད་ནས་ནུས་ཤུགས་ཡོད་རྒུས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་སྣེ་ཁྲིད་ས་ཁུལ་གསར་འཛུགས་བྱེད་དགོས། མཚོ་བྱང་གི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལེགས་ཆ་དང་ཐུན་མོང་མ་ཡིན་པའི་ཐོན་ཁུངས་རིགས་སྣ། རྔམ་མཐུག་པའི་རྨང་གཞིའི་དགེ་མཚན་ལ་བརྟེན་ནས་གྲངས་འབོར་བརྟན་བརླིང་ངང་གནས་གཞི་འཛུགས་སྐྲུན་དང་ངོ་བོ་གཞན་བསྒྱུར་གྱིས་གྲུབ་ཆ་གཙོ་བོ་བརྟན་པོར་བཟོ་བ། སྤུས་ཚད་ཇེ་མཐོར་བཏང་ནས་ཕན་འབྲས་ཇེ་མང་གཏོང་བ། འབྲེལ་ཐག་དམ་དུ་སྦྲེལ་ནས་བྱེད་སྟངས་སྒྱུར་བཅོས་བྱེད་པ། གསར་སྤེལ་གཙིགས་སུ་བཟུང་ནས་འཕེལ་རྒྱས་ཡར་སྐུལ་བྱེད་པ། ཕྱི་གཏོང་ཆེ་རུ་བཏང་ནས་ཁྲོམ་ར་རྒྱ་སྐྱེད་གཏོང་བ་སོགས་གཙོ་གནད་ལས་འགན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ཡུལ་ཚོ་དང་གྲོང་རྡལ་སོ་སོས་“ཡོད་པ་བཅུ”ཡི་བྱེད་སྒོ་གཏིང་ཟབ་སྤེལ་བ། རྫོང་ཁག་གིས“གཅིག་ཅན་བདུན” གྱི་རྨང་གཞིའི་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བ་དང་།  བོད་ལུག་མགོ་གྲངས་ཁྲི་གཅིག་དང་གནག་ཕྱུགས་མགོ་གྲངས་ཁྲི་གཅིག་གི་གཞི་ཁྱོན་གསོ་སྤེལ་གནས་གཞི་གསར་འཛུགས་བྱེད་པ། ཁྱིམ་ཚང་བཟོ་གྲྭ་དང་ལག་ཤེས་ལས་ཤག   གྲོང་གསེབ་ལས་གྲྭ་སྐོར་ཅིག་གསོ་སྐྱོང་བྱེད་པ། ཞིང་ཕྱུགས་ལས་ཐོན་ལས་ཀྱི་འགག་རྩའི་ལག་རྩལ་མཐིལ་བརྟོལ་བྱས་ཏེ། ནུས་ཤུགས་ཅི་ཡོད་ཀྱིས་ཞིང་ཕྱུགས་ཐོན་རྫས་ཀྱི་ཁྲོམ་ར་རྒྱ་སྐྱེད་གཏོང་དགོས། གཙོ་གནད་འབུར་དུ་བཏོད་པ་དང་ཞན་ཆ་ཁ་གསབ་བྱས་ཏེ། གྲོང་གསེབ་དར་སྤེལ་གྱི་རྣམ་པ་གསར་འཛུགས་བྱེད་དགོས། “མཐའ་ཚད་སྲུང་བའི”གནད་དོན་ལ་དམིགས་ནས་འབྲུ་རིགས་བདེ་འཇགས་དང་གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་གི་མཐའ་ཚད་བརྟན་སྲུང་བྱེད་པ། “ཡུལ་ཟོག་ཁྱད་ལྡན་ཐོན་རྫས”ལ་དམིགས་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། དམངས་སྲོལ་ཁྱིམ་ཚང་མགྲོན་ཁང་དང་བཟའ་བཏུང་། གྲོང་གསེབ་གནས་སྐོར་རྒྱ་ཆེར་སྤེལ་བར་རྒྱབ་སྐྱོར་བྱེད་པ། “ཕྱུག་འགྱུར་ཐུབ་པར”དམིགས་ནས་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་ནས་རོང་འབྲོག་པར་འབབ་འཕར་བརྟན་པོ་ཡོང་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ།  “དེང་རབས་ཅན་”ལ་དམིགས་པ་ནས་ཁྱད་ཆོས་མངོན་པར་དོད་པ་དང་འཆར་འགོད་ལ་སྣང་ཆེན་བྱེད་པ། རྨང་གཞི་ལེགས་བསྒྱུར་བཅས་བྱས་ཏེ། གྲོང་གསེབ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། “རྨང་གཞི་བརྟན་པོར་གཏོང་བར”དམིགས་ནས“པད་མའི་ཉམས་མྱོང”སློབ་སྦྱོང་དང་ཁྱབ་གདལ་གཏོང་བ་དང་། གྲོང་གསེབ་བཅོས་སྐྱོང་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱེད་དགོས།  “གསོན་ཤུགས་འཕེལ་བར”དམིགས་ནས་རོང་འབྲོག་ཁུལ་གྱི་ཕྱོགས་བསྡུས་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་སྔར་བས་འཕེལ་བ་བྱེད་དགོས།  སེམས་ཤུགས་གཅིག་སྒྲིལ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་“ཞིང་གསུམ”ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འགན་ལེན་བརྟན་པོ་བྱེད་དགོས། རིམ་པ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་དང་། རྒྱུ་རྐྱེན་གཙོ་བོའི་མ་འཇོག་འགན་ལེན་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རོང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། རྒྱ་ཆེའི་རོང་འབྲོག་མང་ཚོགས་རང་རྟོགས་ངང་གྲོང་གསེབ་དར་རྒྱས་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ནང་ཞུགས་པའི་ཧུར་སེམས་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྔར་བས་སྐུལ་སློང་བྱེད་དགོས།

c.jpg

          ཀྲང་ཧྲེང་ཡོན་གྱིས་གསུང་བཤད་དང་གཙོ་སྐྱོང་གནང་སྐབས་ནན་གྱིས་བསྟན་དོན། ལངས་གནས་མཐོ་རུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འཐབ་ཇུས་བཀོད་སྒྲིག་ལ་དམིགས་ཏེ་དམིགས་ཚད་ཀྱི་ཁྲིད་སྟོན་དང་། གནད་དོན་གྱི་ཁྲིད་ཕྱོགས། གྲུབ་འབྲས་ཀྱི་སྟོན་ཕྱོགས་བཅས་མཐའ་འཁྱོངས་བྱས་ནས་ཞིང་ཕྱུགས་ལས་ཀྱི་ཐོན་འཕར་དང་ཕན་འབྲས་ཆེར་གཏོང་། རོང་འབྲོག་ཁུལ་ཞི་མཐུན་བརྟན་ལྷིང་། རོང་འབྲོག་མང་ཚོགས་རྒྱུན་མཐུད་འབབ་འཕར་བཅས་ཡོང་བའི་འགན་ལེན་བྱེད་དགོས།  འགག་རྩར་དམིགས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དང་ལོ་འཁོར་གྱི་དམིགས་ཚད་ལ་དམིགས་ནས་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བྱས་ཏེ། འདེགས་སྐྱོར་ནུས་ལྡན་དང་དོན་འཁྱོལ་ནུས་ལྡན་ཡོང་བའི་འགན་ལེན་དང་། ལས་དོན་དངོས་དང་བྲལ་བའི་ངོ་སྲུང་འདུ་འགོད་དང་སྲིད་སྐྱོང་བྱས་རྗེས་འདུ་འགོད་མཐའ་གཅིག་ཏུ་སྤེལ་མི་རུང་། འགན་ལེན་དང་དོན་འཁྱོལ་གྱི་དམ་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ། ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱི“ཞིང་གསུམ”ལས་དོན་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། འགན་འཁྲི་ཁྲག་ཏུ་འཁུར་བ་དང་ལས་འགན་ལག་ལེན་བསྟར་ཐུབ་པ་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱས་ཏེ། སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས་པར་བསྟན།   རོང་འབྲོག་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་ཡག་པོ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཞིང་ཕྱུགས་ལས་ཐོན་སྐྱེད་བཅས་ཕྱོགས་གཉིས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། ལས་བྱེད་པ་གཞི་རིམ་དུ་སྐྱོབ་པའི་བྱེད་སྒོ་དང“གོ་སྐབས་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”ཆེད་དོན་བྱ་སྤྱོད་ཆེན་པོ་དགུ་དང་ཟུང་འབྲེལ་བྱས་ཏེ། ཡིག་ཆ་ཨང་དང་པོའི་སྒྲོག་འགྲེལ་ཕྱོགས་ཡོངས་ནས་ཡག་པོ་བྱེད་དགོས། རྨོད་གྲབས་དཔྱིད་འདེབས་དང་། དཔྱིད་དུས་ལུ་གུའི་གསོ་སྐྱོང་། ཞིང་ཕྱུགས་ཐོན་རྫས་མཁོ་འདོན་དང་རིན་གོང་བརྟན་པོ་ཡོང་བ་བཅས་བྱས་ནས་ད་ལོའི་ཁུལ་ཡོངས་ཀྱི“ཞིང་གསུམ”ལས་དོན་ཡག་པོ་སྤེལ་ཐུབ་པ་དང་གོམ་སྟབས་ཡག་པོ་སྤོ་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན། 

d.jpg

         ཚོགས་འདུ་བརྙན་ཟློས་རྣམ་པའི་ཐོག་ནས་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི།  ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་གྱི་འོས་མི་དབྱང་ཧའེ་ལུང་གིས་ད་ལོའི་ལས་བྱེད་པ་མི་ཁྲི་གཞི་རིམ་དུ་སྐྱོད་པའི་བྱེད་སྒོ་བཀོད་སྒྲིག་བྱས། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་གིས2022ལོའི“ཞིང་གསུམ”ལས་དོན་ལ་སྤྱི་སྡོམ་བྱས་ཤིང་། ད་ལོའི་ལས་དོན་ལ་བཀོད་སྒྲིག་བྱས། འབྲེལ་ཡོད་ས་ཁུལ་དང་སྡེ་ཚན་གྱིས་ཡུལ་དངོས་དང་ཡིག་ཐོག་གི་གཏམ་བཤད་བྱས།  

         ཁུལ་གྱི་མགོ་ཁྲིད་རུང་ཧུང་ཀྲི་དང་དཔལ་རྒྱལ་བཀྲ་ཤིས། གཡུ་སྒྲོན་མཚོ། ཝང་ཡུང་ཁྲང་། ཨ་ཁྱུང་། སུང་ཞིག་ཙུང་། སངས་འབུམ། ཝང་ཞིང་ཧོས།  ཧ་ཝུན་ཞུག  ལུང་དབྱང་ཧྲེང་། ཁའེ་ཞའོ་ཆིང་། མ་ཝུན་ཆོན་བཅས་ཚོགས་འདུར་ཞུགས།


མཉམ་སྤྱོད།