དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་དཀོན་ལོ་གོང་མ་སྡེ་བའི“དཔྱིད་གསར་ལ་རྟེན་འབྲེལ་དང་དམངས་འཚོར་ཕན་བདེ་བསྐྲུན་པའི”ཕྲེང་བསྟར་བྱེད་སྒོ་སྤེལ།

2023-02-09 09:48:54   |   194

རྩོམ་སྒྲིག  སངས་དོན།   འདོན་སྤྲོད།  རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


       དཔྱིད་གསར་དུས་ཆེན་རིང་། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ་དང་། མང་ཚོགས་ཀྱི་བསམ་པའི་དཔལ་ཡོན་དང་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད།  རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བས“2023ལོའི་དཔྱིད་གསར་དུས་ཆེན་ལ“དམངས་འཚོར་ཕན་བདེ་བསྐྲུན་པའི”མང་ཚོགས་རང་བཞིན་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ།

༡.png

         རིག་རྩལ་འཁྲབ་སྟོན་ལ་བརྟེན་ནས་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ། སྡེ་བ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་རིག་གནས་བྱེད་སྒོར་ཞུགས་པའི་ཧུར་སེམས་ལ་སྐུལ་སློང་གང་ལེགས་བྱས་ཤིང་། “དཀྱིལ་སྙིང་གཅིག་དང་རུ་དཔུང་ལྔའི”རིག་གནས་དྲིལ་སྒྲོག་རུ་ཁག་གི་ནུས་པ་འདོན་སྤེལ་བྱས་ཏེ་ཞབས་བྲོ་དང་། གླུ་དབྱངས། དམངས་གཞས། རྒྱན་གོས་འགྲེམས་སྟོན། སྐོར་བྲོ་སོགས་རིག་རྩལ་ལེ་ཚན་ལ་བརྟེན་ནས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྔར་བས་དར་སྤེལ་བཏང་སྟེ་རྒྱ་ཆེའི་མང་ཚོགས་ལ་སྲོལ་རྒྱུན་གྱི་དུས་ཆེན་ཉམས་སུ་མྱོང་བ་དང་སྲོལ་རྒྱུན་གྱི་དུས་ཆེན་དང་ལེན་བྱེད་པ། སྲོལ་རྒྱུན་གྱི་དུས་ཆེན་ལ་དུངས་ཞེན་ཡོད་པ་བཅས་བྱེད་པར་ཁྲིད་སྟོན་བྱས་ནས་དཀོན་ལོ་གོང་མ་སྡེ་བའི་ཉམས་འགྱུར་གསར་བ་དང་རྣམ་པ་གསར་བ་ཁྱོན་ཡོངས་ནས་མངོན་ཡོད་པར་བྱས།

༢.jpg

        ཐོན་རྫས་ལ་བརྟེན་ནས་ཐོན་ཁུངས་ཀྱི་དགེ་མཚན་མངོན་པར་བྱེད་པ། ལེགས་འགྲུབ་བྱུང་བའི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དངོས་སྦྱོང་རྟེན་གཞི་དང་དེང་རབས་ཚན་རྩལ་འདེབས་གསོ་རྟེན་གནས། དཀོན་ལོ་གོང་མ་སྡེ་བའི་མི་རིགས་གྲོང་ཚོ། འཆར་གཞི་ལྟར་འཛུགས་གྲབས་ཡོད་པའི་ནས་ཀྱི་སྦི་རག་ལས་སྣོན་ཁང་སོགས་ལ་བརྟེན་ནས་མར་དང་། རྩམ་པ། སྐམས་ཤ   སྣུམ། ཕྱུར་བ། བོད་ལྭ། མ་ཎི་རྡོ་བརྐོས། ནོར་ཁུལ། འོ་མའི་ཆང་རག་སོགས་ཐོན་རྫས་འགྲེམས་སྟོན་བྱས་ནས་ས་ཁོངས་རིག་གནས་འབུར་དུ་ཐོན་པར་བྱས་ཤིང་། ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ། གྲོང་གསེབ་གནས་སྐོར་གྱི་ལམ་ཐིག་རྩེ་གྲ་གསར་བཟོ་བྱེད་པར་རྨང་གཞི་བརྟན་པོ་བཏིངས།

༣.jpg

       སྨན་བཅོས་ཞབས་ཞུར་བརྟེན་ནས་བདེ་ཐང་གི་སྲུང་རགས་བརྟན་པོ་བཟོ་བ། སྡེ་བ་རིམ་པའི་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་རྣམ་པ་ཁྱོན་ཡོངས་ནས་ཇེ་ལེགས་སུ་བཏང་སྟེ་བདེ་ཐང་བློ་འདྲི་དང་སྨན་སྟེར་བ་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། མང་ཚོགས་ལ་བདེ་ཐང་གི་ཤེས་བྱ་དྲིལ་སྒྲོག་བྱས་ཤིང་། མང་ཚོགས་ཀྱི་ནད་རིགས་རྒྱུས་ལོན་དང་ངོས་འཛིན་ཇེ་མཐོར་བཏང་།  སྡེ་མིར་བདེ་ཐང་གི་འདུ་ཤེས་ཆགས་པར་བྱེད་པ་དང་བདེ་ཐང་གི་བྱ་སྤྱོད་གསོ་སྐྱོང་བྱེད་པ། བདེ་ཐང་གི་བྱང་ཚད་ཇེ་མཐོར་གཏོང་བ་བཅས་ལ་ཁྲིད་སྟོན་བྱས། དེ་དང་ཆབས་ཅིག   ཡུལ་དངོས་ནས་སྨན་རིན་མི་དགོས་པའི་བརྟག་བཅོས་བྱེད་སྒོ་སྤེལ་ནས་རྒྱུན་མཐོང་ནད་དང་གཅོང་ནད་དུས་ཐོག་ཏུ་སྨན་བཅོས་ཐུབ་པ་བྱས།

       སྲིད་ཇུས་སྒྲོག་འགྲེལ་ལ་བརྟེན་ནས་ཞབས་ཕྱིའི་འདུ་ཤེས་འབུར་དུ་ཐོན་པར་བྱེད་པ།  ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱིས་སེམས་ཁུར་དང་དོ་སྣང་། སྣང་ཆེན་བྱེད་པའི་གནད་དོན་དེ་གཙོ་བོར་བཟུང་ནས་སྡོད་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། མཁར་གྲོང་དང་གྲོང་གསེབ་ཀྱི་སྤྱི་ཚོགས་རོགས་སྐྱོབ་མ་ལག་སྤྱི་འདོམས་བྱེད་པ། མ་མཐའི་འཚོ་བའི་འགན་ལེན་གྱི་ཞིབ་མཆན་འགོད་པ་དང་དོན་འཁྱོལ་ནན་པོ་བྱེད་པ། སྤྱི་ཚོགས་རོགས་སྐྱོབ་ཀྱི་མཐའ་ཚད་ལས་དོན་ཡག་པོ་བསྒྲུབས་ཤིང་།  མ་མཐའི་འཚོ་བའི་འགན་ལེན་དང་རྒན་གསོ། སྨན་བཅོས། འཆར་ལྡན་བུ་སྐྱེ། སློབ་གསོ། ལས་ཞུགས་སོགས་ཀྱི་ལས་བྱེད་མི་སྣས་སྲིད་ཇུས་གསལ་འགྲེལ་ཞིབ་ཕྲ་བྱས་པས། ཉམས་ཞན་ལ་རོགས་སྐྱོར་ཡོད་པ་དང་། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ་བཅས་བྱས་ནས་རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་བདེ་སྐྱིད་སྟོན་གྲངས་ཇེ་མཐོར་བཏང་།


མཉམ་སྤྱོད།