དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གི་གནས་སྐོར་ས་ཚིགས2སྐར་ལྔ་རིམ་པའི་གྲོང་གསེབ་གནས་སྐོར་སྣེ་ལེན་ས་ཚིགས་སུ་འདེམས་ཐོན་བྱུང་འདུག

2023-02-09 16:55:11   |   478

རྩོམ་སྒྲིག   སངས་དོན།    འདོན་སྤྲོད།  མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།    བཤེར་འབེབས།  རིན་ཆེན་ཚེ་རིང་། 


        ཉེ་ཆར། མཚོ་སྔོན་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིང་གི་གཞུང་ཕྱོགས་དྲ་བས་སྤྱི་བསྒྲགས་བྱས་པ་ལྟར་ན། མིག་སྔར། མཚོ་སྔོན་ཞིང་ཆེན་གྱི་སྐར་ལྔ་རིམ་པའི་གྲོང་གསེབ་གནས་སྐོར་སྣེ་ལེན་ས་ཚིགས3གཏན་ཁེལ་བྱས་ཡོད། དེའི་ཁྲོད་། མཚོ་བྱང་ཁུལ་གྱི་མདོ་ལ་རྫོང་ཨ་རིག་ཚོ་བའི་སྤོར་འཚོ་རིག་གནས་འཚོ་བའི་རྟེན་གཞི་དང་ཆི་ཧྭ་ཅིན་ཤུག་མཁར་དམར་གནའ་མཁར་ས་ཚིགས་ཚུད་འདུག  འདི་ནི་རང་ཁུལ་གྱི་སྐར་ལྔ་རིམ་པའི་གྲོང་གསེབ་གནས་སྐོར་སྣེ་ལེན་ས་ཚིགས་ཐོག་མ་ཡིན།

ཨ་རིག་ཚོ་བའི་སྤོར་འཚོ་རིག་གནས་འཚོ་བའི་རྟེན་གཞི།

a.jpg

         ཨ་རིག་ཚོ་བའི་སྤོར་འཚོ་རིག་གནས་འཚོ་བའི་རྟེན་གཞི་དེ་མདོ་ལ་རྫོང་ཨ་རིག་ཡུལ་ཚོ་རུ་ཡོད། སའི་རྒྱ་ཁྱོན་ལ་མུའུ153དང་། སྤྱིའི་མ་དངུལ་བཏང་ཚད་སྒོར་ཁྲི2460ཡིན། འདི་རུ་འབྲོག་པའི་རིག་གནས་འཚོ་བར་ཉམས་ལེན་དང་ཕྱི་རོལ་སྒར་འདེབས་གནས་སྐོར་ཉམས་ལེན། ཆོས་ལུགས་ལོ་རྒྱུས་རིག་གནས་ཉམས་ལེན། མཐོ་སྒང་གི་སྲོག་ཆགས་དང་རྩི་ཤིང་ཉམས་ཞིབ། ཁྱད་ལྡན་ཞིམ་ཟས་རོལ་མྱོང་། སྒེར་སྐོར་དང་ཁང་འཁོར་གནས་སྒར། ཞིབ་འཇུག་སློབ་སྦྱོང་གནས་སྐོར་ཉམས་ལེན་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་ཡོད་ཅིང་། ཁྱོན་སྡོམ་བྱེད་ནུས་ཁུལ9ཡོད་ལ། གནས་སྐོར་མགྲོན་པོས་འབྲོག་པའི་ཐོན་སྐྱེད་འཚོ་བ་དང་། ཕུན་སུམ་ཚོགས་པའི་ཆོས་ལུགས་རིག་གནས་སོགས་ལ་དངོས་སུ་ཉམས་རོལ་ཐུབ།


ཆི་ཧྭ་ཅིན་ཤུག་མཁར་དམར་གནའ་མཁར་ས་ཚིགས།

d.jpg

e.jpg

f.jpg

        ཆི་ཧྭ་ཅིན་ཤུག་མཁར་དམར་གནའ་མཁར་ས་ཚིགས་ནི་མཚོ་སྔོན་དང་ཀན་སུའུ་གནས་སྐོར་སྐོར་ལམ་ཆེན་པོའི་ལྷུ་ཚིགས་གལ་ཆེན་དང་མདོ་ལ་རིང་མོའི་རྩྭ་ཐང་གི་ཕུན་སུམ་ཚོགས་པའི་མི་ཆོས་རིག་གནས་དང་ཁོར་ཡུག་ཐོན་ཁུངས་ལ་བརྟེན་ནས། བཟའ་བཏུང་དང་ཞག་སྡོད། རྩྭ་ཐང་གི་དམངས་སྲོལ་གོམས་གཤིས། མི་རིགས་ཞབས་བྲོ། དམངས་སྲོལ་ཉམས་རོལ། རྟ་བཞོན་མདའ་འཕེན་སོགས་རོལ་རྩེད་རྣམ་གྲངས་གཞི་གཅིག་ཏུ་འདུས་པའི་ས་ཚིགས་ཤིག་ཡིན། དེ་རུ་ཁོར་སྲུང་ཤིང་ཁང་མགྲོན་ཤག30དང་། རྩྭ་ཐང་རས་གུར25དང་། ཕྱུགས་ལམ་སྨི1000དང་། རླངས་འཁོར་འཇོག་ས་སྨི་གྲུ་བཞི་མ3712བཅས་ཡོད། ས་ཚིགས་ཀྱི་ཟ་ཁང་ཆེན་མོའི་ནང་དུས་གཅིག་ཏུ་མགྲོན་པོ300སྣེ་ལེན་བྱེད་ཐུབ་ཅིང་། སྣེ་ལེན་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་ཡིན། གཙོ་བོ་གནས་སྐོར་མགྲོན་པོར་མི་རིགས་ཞབས་བྲོའི་སློབ་ཁྲིད་དང་། འོ་མ་འཇོ་བ། མར་བསྲུབས་པ། ཞོ་བསྙལ་བ། མི་རིགས་ཀྱི་རྒྱན་གོས་འཁྲབ་སྟོན་སོགས་ཀྱི་ཉམས་ལེན་རྣམ་གྲངས་དང་བོད་ཟས། ལུག་ཤ་བསྲེག་པ། རྒྱ་ཁོག མཚོ་སྔོན་སྡེར་བརྒྱད་སོགས་ཁྱད་ལྡན་ཟས་མཆོག་བཟའ་བཏུང་། དེ་བཞིན་རྟ་བཞོན་མདའ་འཕེན་དང་སྒེར་འཁོར་བཏང་ནས་སྒར་སྡོད་སོགས་རོལ་རྩེད་རྣམ་གྲངས་མཁོ་འདོན་བྱེད་བཞིན་ཡོད། གནས་སྐོར་བར་ཁ་གཏད་དེ་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་གནས་སྐོར་གྱི་ཐུན་མིན་ཉམས་ལེན་མཁོ་འདོན་བྱེད་ཐུབ།

        མིག་སྔའི་བར། རང་ཁུལ་དུ་ཁྱོན་སྡོམ་སྐར་རིམ་གྲོང་གསེབ་གནས་སྐོར་སྣེ་ལེན་ས་ཚིགས101(འཇུ་ལག་རྫོང་དུ33དང་། མདོ་ལ་རྫོང་དུ48དང་། རྐང་ཚ་རྫོང་དུ3 དང་། མདའ་བཞི་རྫོང་དུ17ཡོད)ཡོད་པ་དང་། དེའི་ནང་སྐར་ལྔ་རིམ་པ་ཅན2དང་། སྐར་བཞི་རིམ་པ་ཅན71དང་སྐར་གསུམ་རིམ་པ་ཅན28བཅས་ཡོད།


མཉམ་སྤྱོད།