མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས20ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་གྱི་སློབ་གསོ་བྱ་བའི་ཚོགས་ཆེན་ཐེངས་དྲུག་པ་འཚོགས།

2023-02-10 08:51:02   |   435

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།    བཤེར་འབེབས།  རིན་ཆེན་ཚེ་རིང་།


         a.jpg

       ཟླ2པའི་ཚེས9ཉིན། མཚོ་བྱང་ཁུལ་གྱི་སློབ་གསོ་བྱ་བའི་ཚོགས་ཆེན་ཐེངས་དྲུག་པ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཀྲང་ཧྲིང་ཡོན་གྱིས་སྙན་ཞུ་ཕུལ། ཞིང་ཆེན་སློབ་གསོ་ཐིང་གི་ཏང་ཙུའུ་ཡི་ཁོངས་མིའམ་ཐིང་ཀྲང་གཞོན་པ་དབྱང་ཧའོ་རན་ཚོགས་འདུར་ཕེབས་ནས་མཛུབ་སྟོན་གནང་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅིའམ་ཀྲུའུ་རིན་འོས་མི་དབྱང་ཧེ་ལུང་གིས་གཟེངས་བསྟོད་གཏན་འབེབས་སྒྲོག་འདོན་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲིས་ཚོགས་འདུ་གཙོ་སྐྱོང་གནང་།

b.jpg

        ཤ་བོ་སྐྱབས་ཀྱིས་ཉེ་བའི་ལོ་ཤས་རིང་མཚོ་བྱང་གི་སློབ་གསོའི་ཐད་འཕེལ་རྒྱས་ཆེན་པོ་ཕྱིན་ནས་མཚོ་བྱང་གི་སློབ་མས་ཆིང་ཧྭ་དང་པེ་ཅིང་སློབ་ཆེན་དུ་རྒྱུགས་འཕྲོད་མེད་པ་ནས་ཡོད་པར་ཐོད་བརྒལ་བྱུང་བས་དཀའ་སྤྱད་འབད་བརྩོན་བྱེད་མཁན་གྱི་རྒྱ་ཆེའི་འཐབ་ས་དང་པོའི་དགེ་རྒན་དང་སློབ་གསོའི་ལས་སྒྲུབ་པར་ཐུགས་རྗེ་ཆེ་ཞུས་ཤིང་། དུས་བབ་གསར་བའི་འོག ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་རྒྱུན་འཁྱོངས་བྱས་ནས་མི་གཞི་ཀུན་སྤྱོད་སྐྱོང་བའི་ལས་འགན་ལ་དམ་པོར་དམིགས་པ་དང་། སློབ་སྒྲུབ་ལམ་སྲོལ་ཇེ་ལེགས་སུ་གཏོང་བ། དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ། བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ། སློབ་སྒྲུབ་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ། ནུས་ཤུགས་ཡོད་རྒུས་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ་བཅས་བྱས་ནས་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་སློབ་གསོའི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ལ། སློབ་སྦྱོང་གཏིང་ཟབ་དང་འབད་བརྩོན་དངོས་སྒྲུབ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་སློབ་གསོའི་བྱ་བའི“ཆབ་སྲིད་ཀྱི་ཁྲིད་ཕྱོགས”སྟངས་འཛིན་ནན་མོ་བྱས་ནས“སུའི་ཆེད་དུ་མི་གསོ་སྐྱོང་དང་། མི་གང་ཞིག་གསོ་སྐྱོང་། ཇི་ལྟར་བྱས་ནས་མི་གསོ་སྐྱོང་བྱེད་པ”བཅས་ཀྱི་རྩ་བའི་རང་བཞིན་གྱི་གནད་དོན་ལ་དམ་པོར་དམིགས་ནས་ཆབ་སྲིད་ཀྱི་ཚད་གཞི་དང་ཆབ་སྲིད་ཀྱི་བླང་བྱ་དེ་སློབ་སྒྲུབ་སློབ་སྐྱོང་དང་དཔེ་ཁྲིད་མི་སྐྱོང་གི་བརྒྱུད་རིམ་ཧྲིལ་བོའི་ཕྱོགས་སོ་སོར་ཁྱབ་པར་བྱེད་པ་དང་། རང་ས་གནས་ཀྱི་གསར་བརྗེའི་ཐོན་ཁུངས་བེད་སྤྱད་དེ་དགེ་སློབ་ཀྱི་བསམ་བློའི་ཆབ་སྲིད་སློབ་གསོར་ཤུགས་སྣོན་དགོས་ཤིང་། སློབ་གསོའི་བྱ་བའི“དམིགས་ཚད་ཕྱོགས་སྟོན”ཁོང་དུ་བརྟན་པོ་ཆུད་པར་བྱས་ནས། བྱིས་སྙོར་དང་སློབ་ཆུང་། དམའ་འབྲིང་། མཐོ་འབྲིང་དཀྱུས་མ། འབྲིང་རིམ་ལས་རིགས་སློབ་གྲྭ་སོགས་བསླབ་རིམ་མི་འདྲ་བ་དང་རིགས་མི་འདྲ་བའི་སློབ་གསོའི་གསོ་སྐྱོང་དམིགས་ཚད་ཚན་རིག་དང་མཐུན་པའི་ངང་གཏན་འཁེལ་བྱས་ཏེ་སློབ་གསོ་གསོ་སྦྱོང་གི་རྒྱུན་མཐུད་རང་བཞིན་དང་བརྒྱུད་རིམ་རང་བཞིན། ཚན་རིག་རང་བཞིན་བཅས་ཆེ་རུ་གཏོང་དགོས་པ་དང་། སློབ་གསོའི་བྱ་བའི“གནད་དོན་ཁྲིད་ཕྱོགས”ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་གནད་དོན་ཐག་གཅོད་བྱེད་རིང་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། སྤུས་ཚད་དང་བདེ་འཇགས་ཕན་ཚུན་སྤྱི་འདོམས་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་སྤུས་ཚད་སློབ་གསོའི་ཐད་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་བ་དང་། སྣ་མང་ཅན་གྱི་སློབ་གཉེར་དང་ཁྱད་ལྡན་འཕེལ་རྒྱས་འཚོལ་ཞིབ་བྱེད་པ། སློབ་མའི་ཕྱོགས་བསྡུས་ནུས་པ་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱེད་པ་བཅས་བྱས་ནས་སློབ་མར་འོས་འཚམ་གྱི་སློབ་གསོ་མཁོ་འདོན་བྱེད་དགོས། སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་ཐད་བྱ་ཐབས་ནུས་ལྡན་སྤྱོད་པ་དང་སྤུས་ཚད་གདེང་འཇོག་གི་ལྟ་ཞིབ་ཚད་ལེན་མ་ལག་འཐུས་ཚང་དུ་བཏང་ནས་བྱེད་ཐབས་སྣ་མང་སྤྱད་དེ་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། སློབ་གྲྭའི་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཐད་བྱ་བ་དངོས་སྒྲུབ་པ་དང་སྡེ་ཁག་གི་འགན་ཁུར་འདོན་སྤེལ་གང་ལེགས་བྱས་ནས་ཁྲིམས་སྐྱོང་སློབ་གསོ་དང་། འགལ་ཟླ་དང་རྩོད་གཞི་གྲལ་བཤེར། སློབ་གྲྭ་དང་ཉེ་འཁོར་གྱི་བདེ་འཇགས་ཉེན་ཁའི་དཔྱད་དཔོག་དང་སྔོན་བརྡ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་འདུམ་འགྲིག་ལམ་སྲོལ་སོགས་ཀྱི་ཐད་མུ་མཐུད་ཤུགས་བསྣན་ནས་སློབ་གྲྭའི་བདེ་འཇགས་བརྟན་བརླིང་འགན་ལེན་བྱེད་དགོས། འདྲ་མཉམ་དང་སྤྱི་ཕན་ཕན་ཚུན་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་ཀྱིས་སློབ་གསོ་བཅོས་སྒྱུར་གྱི་གོ་སྐབས་ལ་དམ་པོར་དམིགས་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་ལེགས་སུ་བཏང་སྟེ་ཁུལ་དང་རྫོང་ནོར་སྲིད་ཀྱིས་སློབ་གསོར་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས། སློབ་གསོ་སློབ་ཁྲིད་ལེགས་སྒྱུར་དུས་སྐབས་ལ་དམ་པོར་དམིགས་པ་དང་སྐུལ་ལྕག་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དགེ་རྒན་གྱི་གསོལ་ཐང་མཐོ་རུ་ཤུགས་ཆེན་གཏོང་བ། དགེ་རྒན་གྱི་དཔེ་ཁྲིད་མི་སྐྱོང་གི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འཕེལ་བར་བྱེད་དགོས། བཅོས་སྒྱུར་དང་གསར་གཏོད་ཕན་ཚུན་རམ་འདེགས་བྱེད་པ་རྒྱུན་འཁྱོངས་ཀྱིས། མཐོ་རིམ་སློབ་ཞུགས་རྒྱུགས་ལེན་གྱི་སློབ་གསོ་བཅོས་སྒྱུར་བྱེད་ཐེངས་གསར་བའི་བླང་བྱར་དམིགས་ནས། སློབ་གསོ་སློབ་ཁྲིད་བྱེད་སྟངས་ལ་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་སློབ་མའི་ཁུར་བོ་ཡང་དུ་གཏོང་བ། སློབ་མ་སྒྲིག་འཛུགས་བྱས་ཏེ་རང་བྱུང་ཁམས་དང་ཉེ་བར་བཅར་བ། སློབ་སྐྱོར་དགེ་རྒན་དང་ཧྲན་ཏུང་གི་མཚོ་སྐྱོར་དགེ་རྒན་གྱི་སློབ་སྦྱོང་དང་འཚོ་བར་སེམས་ཁུར་ཡག་པོ་བྱེད་པ། མཚོ་སྔོན་དགེ་འོས་སློབ་ཆེན་དང་མཚོ་སྔོན་མི་རིགས་སློབ་ཆེན་སོགས་ཞིང་ཆེན་ནང་ཁུལ་གྱི་མཐོ་སློབ་དང་མཉམ་ལས་དམ་ཟབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མཚོ་བྱང་གི་སློབ་གསོའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་བསྣན་ནས་དཔྱད་ཞིབ་རྗེས་ལུས་ས་ཁུལ་ལ་ཁྱབ་བརྡ་བཏང་སྟེ་སྐྱོན་བརྗོད་བྱེད་པ་དང་སློབ་གསོ་བྱ་བའི་མཚོ་བྱང་གི་ཁྱད་ཆོས་ནུས་ཤུགས་ཡོད་རྒུས་གཏོད་དགོས། སློབ་གསོ་བྱ་བའི་ཨུ་ལྷན་གྱིས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་དགོས་པར་མ་ཟད། ཁོངས་མིའི་སྡེ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་སློབ་གསོ་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཞང་གྲོང་སོ་སོས“བླང་བྱ་བདུན”དོན་འཁྱོལ་ཡག་པོ་བྱས་ནས་སློབ་གསོའི་ཞབས་ཞུའི་ཞིབ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་སློབ་གསོ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་ནན་གྱིས་བསྟན།

c.jpg

       ཀྲང་ཧྲིང་ཡོན་གྱིས་སྙན་ཞུའི་ནང་ཉེ་བའི་ལོ་ཤས་རིང་གི་སློབ་གསོའི་བྱ་བར་ཕྱོགས་སྡོམ་བྱས་པ་དང་མིག་སྔའི་ཁུལ་ཡོངས་ཀྱི་སློབ་གསོའི་བྱ་བའི་ཐད་ལྷག་པའི་གནད་དོན་ལ་དབྱེ་ཞིབ་བྱས་ཤིང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་དེ་དམངས་འཚོའི་ལས་གཞི་ཆེ་ཤོས་སུ་བརྩིས་ནས། སློབ་གསོ་བཅོས་སྒྱུར་དང་འཕེལ་རྒྱས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། མི་དམངས་ཀྱི་བློ་ཡིད་ཚིམ་པའི་སྤུས་ལེགས་སློབ་གསོ་དང་འདྲ་མཉམ་སློབ་གསོ། སྣ་མང་ཅན་གྱི་སློབ་གསོ་བཅས་འཛུགས་སྐྱོང་ཧུར་ཐག་བྱ་དགོས། མི་དམངས་མང་ཚོགས་ཀྱི་སློབ་གསོའི་དགོས་མཁོ་ཟམ་མི་ཆད་པར་ཆེ་རུ་འགྲོ་བའི་གནད་དོན་ཐག་གཅོད་གང་ཐུབ་བྱས་ནས། མི་དམངས་མང་ཚོགས་ཀྱི་སློབ་གསོའི་ཁེ་དབང་འགན་ལེན་དང་མངོན་འགྱུར་བྱས་ཏེ་མི་དམངས་མང་ཚོགས་ཀྱི་སློབ་གསོའི་བདེ་སྐྱིད་སྟོན་གྲངས་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་དུས་སྐབས་གསར་བའི་རང་ཁུལ་གྱི་སློབ་གསོ་བྱ་བའི་བརྗོད་དོན་གཙོ་བོར་བརྩིས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་ལ་གཡོ་འགུལ་མི་གཏོང་བའི་འགན་ལེན་བྱེད་པ་དང་། ཀུན་སྤྱོད་དང་མི་གཞི་སྐྱོང་བའི་རྩ་བའི་ལས་འགན་རྒྱུན་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་ཧུར་ཐག་སྒོས་བསྐྲུན་དགོས། སྤུས་ཚད་མཐོ་བའི་ཆེད་ལས་རང་བཞིན་གྱི་དགེ་རྒན་དཔུང་སྡེ་ནུས་ཤུགས་ཡོད་རྒུས་གཏོད་པ་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་རིམ་པ་མཐོ་རུ་གཏོང་བར་སྐུལ་འདེད་ཤུགས་ཆེན་གཏོང་བ། སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་ཟབ་སྤེལ་བཅས་བྱས་ནས་སློབ་གྲྭའི་དགེ་སློབ་ཀྱི་བདེ་འཇགས་བརྟན་བརླིང་འགན་ལེན་བྱེད་པ་དང་། སྡེ་ཁག་གི་ལས་བགོས་མཉམ་སྒྲུབ་ལམ་སྲོལ་དོན་འཁྱོལ་དང་། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱ་བ་སྤེལ་ཤུགས་ཆེ་རུ་བཏང་ནས་མཚོ་བྱང་གི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

d.jpg

       དབྱང་ཧའོ་རན་གྱིས་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ། སློབ་སྦྱོང་དང་བསམ་བློ་གཏིང་ཟབ་གཏོང་བ།  རང་འགུལ་ངང་ཧེ་བག་འཚོལ་བ། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ། ཤུགས་ཚད་སྔར་ལས་ཆེ་བ་དང་བྱེད་ཐབས་སྔར་ལས་ཏན་ཏིག་སྤྱད་དེ་རིམ་པ་གསར་བ་དང་ཆུ་ཚད་སྔར་ལས་མཐོ་བའི་ཐོག་སློབ་གསོ་འདྲ་མཉམ་སྒོས་སྐས་རིམ་གསར་བར་སླེབས་པར་བྱེད་དགོས། དེ་དང་ཆབས་ཅིག སློབ་ཁུལ་ལམ་ལུགས་དང་སྡེ་ཚོགས་ཅན་གྱི་སློབ་གཉེར་བྱེད་སྟངས་བཅོས་སྒྱུར་འཚོལ་ཞིབ་བྱས་ཏེ་སྣ་མང་ཅན་གྱི་སློབ་གཉེར་རྣམ་པ་འཚོལ་ཞིབ་བྱས་ནས་བཙུགས་ཏེ་མགྱོགས་མྱུར་སྒོས་སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་བསྐྲུན་ནས“དེང་རབས་ཅན་གྱི་མཚོ་སྔོན་གསར་བ་དྲུག”བསྐྲུན་ཆེད་དེ་ལས་ཆེ་བའི་ལེགས་སྐྱེས་གསར་བ་དབུལ་དགོས་པ་ནན་གྱིས་བསྟན།

e.png

        ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་ཚོགས་འདུའི་ཐོག་བཏོན་པའི“1+4”ཡིག་ཆའི་འཆར་ཟིན་གསལ་བཤད་བྱས་ལ། ཚོགས་འདུའི་ཐོག་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་ཚོགས་པ་དང་མི་སྒེར་ལ་གཟེངས་བསྟོད་བྱས་ཤིང་། བྱ་དགའ་ཐོབ་པའི་ཚོགས་པ་དང་མི་སྒེར་ཁག་ཅིག་གིས་ཚོགས་འདུའི་ཐོག་བརྗེ་རེས་གཏམ་བཤད་སྤེལ། 

f.jpg

       ཁུལ་གྱི་མགོ་ཁྲིད་པད་རྒྱལ་བཀྲ་ཤིས་དང་། གཡུ་སྒྲོན་མཚོ། ཝང་ཡུང་ཁྲང་། ཝང་ཀྲུང་དབྱི། མ་ཁྲིན་ཧྥང་། ཨ་ཁྱུང་། སིན་ཞུག་ཙུང་། སངས་འབུམ། ཞུས་ཡུང་ཀུང་། སུའུ་བདུན་ཅུ། ལི་ཞུ་ཀྲེན། ཝང་ཞིན་ཧོས། དབྱིན་མོ་ཝུན། ཀརྨ་ཚེ་རིང་། ཚོ་ཅི་ཆང་། ཁྲང་ལིན། པོ་ཀྲེང་ཆིང་། ལུང་ཡུང་ཧྲིན། ཞོ་རོས་ཞིན། མ་ཝུན་ཆོན། ཁའེ་ཞའོ་ཆིན་བཅས་ཚོགས་འདུར་ཕེབས་ལ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོ་དང་། ཁུལ་ཐད་གཏོགས་ལས་ཁུངས་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོ། རྫོང་སོ་སོའི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ལས་བགོས་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭའི(གླིང)སློབ་གཙོ་དང་། ཁུལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་ཚོགས་པ་དང་སྔོན་ཐོན་མི་སྒེར་ཚོགས་འདུར་ཞུགས།


མཉམ་སྤྱོད།