དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་དམངས་ཆེན་སྐབས་བཅོ་ལྔ་པའི་རྒྱུན་ལས་ཚོགས་འདུ་ཐེངས་བཅུ་གཅིག་པ་འཚོགས།

2023-02-10 15:58:11   |   348

སྒྲིག་སྒྱུར། སངས་དོན།     བཤེར་འབེབས།  རིན་ཆེན་ཚེ་རིང་།


         ཟླ2ཚེས9ཉིན་གྱི་ཕྱི་དྲོ།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པ་འཚོགས། རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཞུས་ཡུང་ཀུང་དང་སུའུ་ཏུང་ཆུས། ལི་ཞུས་ཀྲེན། ཝང་ཤིན་ཧུའེ། དྲུང་ཡིག་ཆེན་མོ་མཱ་ཨན་དབྱི། དེ་བཞིན་ཨུ་ཡོན26ཚོགས་འདུར་ཞུགས་ཡོད་པས། ཁྲིམས་ཁེལ་གྱི་མི་གྲངས་དང་མཐུན། ཞུས་ཡུང་ཀུང་གིས་ཚོགས་འདུ་གཙོ་སྐྱོང་གནང་།

b.jpg

         ཚོགས་འདུས《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོའི་སྲོལ་ཡིག(འཆར་ཟིན)》བཟོ་བཅོས་བྱས་ཚུལ་དང་ཁུལ་དམངས་ཆེན་ལྟ་ཞིབ་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོའི་སྲོལ་ཡིག་བཟོ་བཅོས་(འཆར་ཟིན)》ཀྱི་ཞིབ་བཤེར་སྙན་ཞུ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་བཞི་བའི་ཐག་བཅད་(འཆར་ཟིན)ཐད་ཀྱི་གསལ་བཤད།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་བཞི་བའི་ཟུར་ཞུགས་མི་སྣའི་གྲོས་མགོ་མིང་ཐོ། གྲོས་མགོ་གྲོས་རིམ། ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་གྲོས་མགོ་མིང་ཐོ།  གྲོས་མགོ་གྲོས་རིམ། ། ཉིན་རེའི་གྲོས་མགོ་གྲོས་རིམ། ཀྲུའུ་ཞི་ཚོགས་པའི་གྲོས་མགོ་གྲོས་རིམ། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་གྲོས་མགོ་མིང་ཐོ། ལག་བསྟར་ཀྲུའུ་ཞིའི་གྲོས་མགོ་མིང་ཐོ། དྲུང་ཡིག་ཆེན་མོ་གཞོན་པའི་གྲོས་མགོ་མིང་ཐོ། རྒྱུན་ཨུ་ཁང་གི་བྱ་བའི་སྙན་ཞུ།(གྲོས་བསྡུར་མ་ཟིན)བཅས་ལ་ཉན་པ་དང་གྲོས་ཞིབ་བྱས།

a.jpg

        ཚོགས་འདུའི་ཐོག་འབྲེལ་ཡོད་མི་དོན་བསྐོ་འཐེན་གྱི་དོན་ཚན་ལ་གྲོས་འཆམ་བྱུང་།

       ཚོགས་འདུའི་ཐོག་ཀྲང་ཧྲིང་ཡོན་གྱིས་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཚབ་མའི་གོ་གནས་འཁུར་རྒྱུའི་ཐག་བཅད་པ་དང་།  མཱ་ཡུལ་ལྷའི་ཁུལ་འཕྲལ་སྡོམ་དོ་དམ་ཅུའི་ཅུ་ཀྲང་དང་། ཀོ་ཐོས་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གཞོན་པ་དང་། ཞིབ་དཔྱོད་ཨུ་ལྷན་གྱི་ཨུ་ཡོན། ཞིབ་དཔྱོད་པ་བཅས་ལ་བསྐོ་གཞག་བྱ་རྒྱུའི་ཐག་བཅད། ཤ་བོ་སྐྱབས་ཀྱི་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཚབ་མའི་གོ་གནས་དང་ཀྲང་ཡུས་ཧྥུའུ་ཡི་ཁུལ་འཕྲལ་སྡོམ་དོ་དམ་ཅུའི་ཅུ་ཀྲང་གི་གོ་གནས་འཐེན་རྒྱུའི་ཐག་བཅད།

c.jpg

d.jpg

        ཚོགས་འདུའི་ཐོག་གསར་དུ་བསྐོ་གཞག་བྱས་པའི་མི་སྣར་བསྐོ་གཞག་ཡི་གེ་སྤྲད་པ་དང་། གསར་དུ་བསྐོ་གཞག་བྱས་པའི་མི་སྣའི་རྩ་ཁྲིམས་དམ་འཇོག་མཛད་སྒོ་འཚོགས་པ་མ་ཟད། ཀྲང་ཧྲིང་ཡོན་གྱིས་དམ་བཅའ་བཞག

        ཚོགས་འདུའི་ཐོག《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནགས་ཚལ་དོ་དམ་སྲུང་སྐྱོང་སྲོལ་ཡིག》ལ་སློབ་སྦྱོང་བྱས།

        ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལི་ཤང་ཏུང་དང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཁའེ་ཞའོ་ཆིང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་མཱ་ཝུན་ཆོན། ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཁྲི་ཧྥང་ཅན། ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་དང་། ཁུལ་ཁྲིམས་འཛིན་ཅུ། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུ་བཅས་ཀྱི་འགན་འཁུར་མི་སྣ། དེ་བཞིན་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རིམ་པ་གཉིས་པའི་བརྟག་ཞིབ་པ་བཅས་ཚོགས་འདུར་ཟུར་ཞུགས་བྱས།


མཉམ་སྤྱོད།