མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས01ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཁུལ་སྲིད་གྲོས་ཀྱི་སྐབས་བཅོ་ལྔ་པའི་རྒྱུན་ཨུ་ཚོགས་འདུ་ཐེངས་བཅུ་གཅིག་པ་འཚོགས།

2023-02-10 17:34:39   |   133

སྒྲིག་སྒྱུར།  སངས་དོན།      བཤེར་འབེབས།  རིན་ཆེན་ཚེ་རིང་།


       ཟླ2ཚེས9ཉིན། ཁུལ་སྲིད་གྲོས་ཀྱི་སྐབས་བཅོ་ལྔ་པའི་རྒྱུན་ཨུ་ཚོགས་འདུ་ཐེངས་བཅུ་གཅིག་པ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཁུལ་སྲིད་གྲོས་རྒྱུན་ཨུ་ཁང་གི་ཁོངས་མི་ཚོགས་འདུར་ཞུགས་པ་དང་། ཁུལ་ཨུའི་རྒྱུན་ཨུ་དང་ཁུལ་དཔོན་གཞོན་པ་ཨ་ཁྱུང་གདན་ཞུས་ལྟར་ཚོགས་འདུར་ཞུགས། ཁུལ་ཨུའི་རྩ་འཛུགས་པུའི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་འབྲེལ་ཡོད་མི་དོན་དོན་ཚན་གསལ་བཤད་བྱས།

a.jpg

       ཚོགས་འདུའི་ཐོག   ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་། ཞིང་ཆེན་ཨུ་ལྷན་གྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཁུལ་སྲིད་གྲོས་ཀྱི་སྐབས་བཅོ་ལྔ་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན་གྱི་གྲོས་གཞི་བསྒྲུབས་ཚུལ་སྐོར་གྱི་ཁུལ་སྲིད་གཞུང་གི་བརྡ་ཁྱབ་ལ་གསན་ཞིང་། ཁུལ་སྲིད་གྲོས་ཀྱི་སྐབས་བཅོ་ལྔ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོག་རྒྱུའི་སྐོར་གྱི་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

b.jpg

       དཔལ་རྒྱལ་བཀྲ་ཤིས་ཀྱིས་བསྟན་དོན། ཁུལ་སྲིད་གྲོས་ཀྱི་སྐབས་བཅོ་ལྔ་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན་དུ།  ཁུལ་སྲིད་གཞུང་དང་དེ་བཞིན་འགན་སྒྲུབ་ལས་ཁུངས་ཀྱིས་ཚད་མཐོའི་མཐོང་ཆེན་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་པས་གྲོས་གཞི་ལས་སྒྲུབ་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གཅིག་ནི་སྲིད་གཞུང་གི་རྩ་འཛུགས་ནུས་ལྡན་ཡིན་པ། ཁུལ་སྲིད་གཞུང་གི་མགོ་ཁྲིད་གཙོ་བོ་དང་། སྲིད་གྲོས་བྱ་བར་འབྲེལ་གཏུགས་བྱེད་པའི་མགོ་ཁྲིད། ཁུལ་དཔོན་གཞོན་པ་བཅས་དངོས་སུ་གྲོས་གཞི་ལས་སྒྲུབ་བྱ་བར་ཞུགས་པ་དང་ལྟ་སྐུལ་བྱས་ཤིང་། ཁུལ་སྲིད་གཞུང་གཞུང་ལས་ཁང་གིས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་དང་། འགན་འཁྲི་ལས་བགོས་ནན་པོར་བཟུང་ནས་དུས་བཀག་ལྟར་ལྟ་སྐུལ་དང་བཀོད་གཏོང་བྱས།  ལས་སྒྲུབ་ལས་ཁུངས་ཀྱིས་ལས་སྒྲུབ་གོ་རིམ་ནན་པོ་དང་ལས་སྒྲུབ་ཕན་འབྲས་ལ་དོ་སྣང་བྱས་ཏེ། རིམ་པ་ཁག་གིས་མཐོང་ཆེན་དང་ལས་བགོས་འགན་འཁུར། མཉམ་འཛིན་སྤྱི་སྒྲུབ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ནས་སྲིད་གྲོས་ཀྱི་གྲོས་གཞི་ལས་སྒྲུབ་དེ་ལས་ཕྱོད་ཆེ་ཞིང་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། གཉིས་ནི་གྲོས་གཞི་ལས་སྒྲུབ་བྱས་པ་ཏན་ཏིག་ཡིན་པ། ཁུལ་སྲིད་གཞུང་གིས་གྲོས་གཞི་ལས་སྒྲུབ་ལ་སྣང་ཆེན་བྱས་པ་དང་། ལྟ་བཤེར་ལྟ་སྐུལ་ལམ་སྲོལ་འཐུས་ཚང་དུ་བཏང་བ། “སྒོ་ཕྱེ་ནས་སྒྲུབ་པ”དང“ཡུལ་དངོས་ནས་སྒྲུབ་པ”ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། ཨུ་ཡོན་གྱིས་ཡུལ་དངོས་ནས་གཟིགས་ཞིབ་བརྟག་ཞིབ་དང་བཞུགས་མོལ་གྲོས་བསྡུར། བསམ་འཆར་རྒྱ་ཁྱབ་ངང་ཉན་པ་རྒྱུན་རྣམ་ཅན་དུ་གྱུར་ཡོད་ལ། གྲོས་གཞི་ལས་སྒྲུབ་ཀྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་སྔར་བས་ལྡན་པར་བྱས་པས། ཨུ་ཡོན་གྱི་ཚད་མཐོའི་ཁས་ལེན་ཐོབ་ཡོད། གསུམ་ནི་གྲོས་གཞིའི་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ། ཁུལ་སྲིད་གྲོས་ཀྱི་སྐབས་བཅོ་ལྔ་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན་ཏུ་བཏོན་པའི་གྲོས་གཞི81ལས་གྲོས་གཞི33ཐོ་འགོད་བྱས་པ་དང་། བསམ་འཆར་དང་གྲོས་མགོ21ཡོད་པ་ཚང་མ་ཐག་གཅོད་བྱས་ཡོད། གྲོང་གསེབ་དར་རྒྱས་དང་དཔལ་འབྱོར་འཕེལ་རྒྱས། ཁོར་ཡུག་སྲུང་སྐྱོང་། དམངས་འཚོ་ལེགས་བཅོས་སོགས་དང་འབྲེལ་བ་ཡོད་པའི་གནད་དོན་ཁག་ཅིག་ཐག་གཅོད་ཅུང་ཡག་པོ་བྱུང་ཡོད།

        དཔལ་རྒྱལ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། རིམ་པ་ཁག་གི་སྲིད་གྲོས་རྩ་འཛུགས་དང་རྒྱུན་ཨུས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། ལག་བསྟར་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱ་རྒྱུ་དེ་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ་མ་ཟད།  སྲིད་གྲོས་ལས་དོན་ཁྲོད་ལག་བསྟར་དོན་འཁྱོལ་བྱས་ཏེ། མཉམ་དུ་ཇུས་འགོད་དང་ལག་བསྟར་བྱས་ཡོད། དུས་བབ་གསར་པ་དང་ལས་འགན་གསར་པ། བླང་བྱ་གསར་པ་བཅས་དང་རྒྱུན་ཆད་མེད་པར་འཚམ་པ་བྱས་ཏེ། སྔ་ཙམ་ཇུས་འགོད་དང་མིག་སྔའི་ལས་དོན་ཁག་ནན་ཏན་ངང་ཡག་པོ་བསྒྲུབས་ནས་ཁུལ་དང་རྫོང་གི་སྲིད་གྲོས་ལས་དོན་ལ་ད་ཡོད་ཀྱི་རྨང་གཞིའི་ཐོག་ཡར་རྒྱས་གསར་པ་དང་། བྱས་རྗེས་གསར་པ། བཀྲག་མདངས་གསར་པ་བཅས་ཡོང་གང་ཐུབ་བྱེད་དགོས་པར་བསྟན།

c.jpg

       དཔལ་རྒྱལ་བཀྲ་ཤིས་ཀྱིས་ཁུལ་སྲིད་གྲོས་ཀྱི་སྐབས་བཅོ་ལྔ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོག་ཉེར་ཡོད་པས། ཨུ་ཡོན་ཡོངས་ཀྱིས་ཁུལ་ཡོངས་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ནས་བརྟག་ཞིབ་གཏིང་ཟབ་བྱེད་པ་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་རྒྱ་ཁྱབ་ངང་བསྡུ་ལེན་བྱེད་པ། གྲོས་མོལ་སྲིད་གླེང་གི་ཁ་ཕྱོགས་དང་གཙོ་གནད་དམ་འཛིན་ཡང་དག་བྱེད་པ། ཐབས་འདོན་ཇུས་འདོན་ཧུར་ཐག་བཅས་བྱས་ཏེ།  ཚོགས་འདུའི་གྲོས་གཞི་དང་གཏམ་བཤད་གྲ་སྒྲིག་ཞིབ་ཚགས་བྱེད་དགོས་པའི་བླང་བྱ་བཏོན།  དུས་མཚུངས་སུ། ཚོགས་འདུའི་རིང་གི་རྩ་འཛུགས་ཞབས་ཞུའི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་ཁུལ་ཨུའི་ཡང་དག་པའི་མགོ་ཁྲིད་འོག  ཚོགས་འདུའི་གནས་སྐབས་ཏང་ཙུའུ་དང་གྲ་སྒྲིག་མགོ་ཁྲིད་ཚོགས་ཆུང་གི་གཅིག་གྱུར་མཐུན་སྦྱོར་འོག   རང་འགན་རང་སྒྲུབ་དང་གཞོགས་འདེགས་དམ་ཟབ་བྱེད་པ། རྒྱུན་ཨུ་སོ་སོས་སྣེ་ཁྲིད་དེ་ཚོགས་འདུར་ཞུགས་པ་དང་། སྣེ་ཁྲིད་དེ་གྲོས་གཞི་འབྲི་བ་དང་འབུལ་བ། སྣེ་ཁྲིད་དེ་སྙན་ཞུ་ཁག་ལ་གྲོས་ཞིབ་ཡག་པོ་བྱེད་པ། སྣེ་ཁྲིད་དེ་ཚོགས་འདུའི་སྒྲིག་ཁྲིམས་བརྩི་སྲུང་ཞུ་བ་བཅས་བྱས་ཏེ། དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་དང་སེམས་ཤུགས་གཅིག་སྒྲིལ་གྱིས་ཁུལ་སྲིད་གྲོས་ཀྱི་སྐབས་བཅོ་ལྔ་པའི་ཚོགས་འདུ་ཐེངས་གསུམ་པ་དེ་མཐུན་སྒྲིལ་དང་དམངས་གཙོ། ཡར་བརྩོན་གྱི་ཚོགས་ཆེན་ཞིག་ཏུ་འཚོགས་དགོས་པའི་བླང་བྱ་བཏོན།


མཉམ་སྤྱོད།