དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་ཨུའི་སྐབས13པའི་ཚང་འཛོམས་གྲོས་ཚོགས་ཐེངས6པ་འཚོགས།

2023-02-10 22:26:19   |   162

རྩོམ་སྒྲིག  སངས་དོན།  ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཀྲུང་གུང་མཚོ་བྱང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས།ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་གསུང་བཤད་གནང་།

a.jpg

ཟླ2པའི་ཚེས10ཉིན། ཀྲུང་གུང་མཚོ་བྱང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུ་དང་དེ་བཞིན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ལ། 2022ལོའི་ཁུལ་ཡོངས་ཀྱི་བྱ་བར་ཕྱོགས་བསྡོམས་དང་མིག་སྔའི་དུས་བབ་ལ་དབྱེ་ཞིབ།  2023ལོའི་དཔལ་འབྱོར་དང་སྤྱི་ཚོགས་བྱ་བར་བཀོད་སྒྲིག་བྱས།

b.jpg

ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚབ་བྱས་ནས2022ལོའི་ལོ་འཁོར་མོའི་བྱ་བའི་སྙན་ཞུ་ཕུལ་ཞིང་། 2023ལོའི་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཀྲང་ཧྲིང་ཡོན་གྱིས2022ལོའི་དཔལ་འབྱོར་དང་སྤྱི་ཚོགས་བྱ་བར་ཕྱོགས་སྡོམ་བྱས་པ་དང་། 2023ལོའི་དཔལ་འབྱོར་དང་སྤྱི་ཚོགས་བྱ་བར་བཀོད་སྒྲིག་ཞིབ་ཕྲ་བྱས། ཁུལ་ཨུའི་རྒྱུན་ཨུ་དབྱང་ཧེ་ལུང་དང་གཡུ་སྒྲོན་མཚོ། མགོན་པོ་ཚེ་བརྟན། ཝང་ཡུང་ཁྲང་། ཝང་ཀྲུང་དབྱི། མ་ཁྲེང་ཧྥང་། ཨ་ཁྱུང་། སིན་ཞུག་ཙུང་། སངས་འབུམ་བཅས་ཚོགས་འདུར་ཕེབས་པ་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་དཔལ་རྒྱལ་བཀྲ་ཤིས་ཚོགས་འདུར་ཞུགས།

ཚོགས་འདུའི་ཐོག2022ལོའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་བྱ་བར་ཁས་ལེན་གང་ལེགས་གནང་ལ། 2022ལོར་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་མཛུབ་སྟོན་བླང་བྱ་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། ཏང་གི་ཚོགས་ཆེན་ཉི་ཤུ་བ་འཚོགས་པར་བསུ་བ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱ་རྒྱུ་དེ་དོན་ཆེན་དུ་བརྩིས་ནས་དམ་འཛིན་བྱས་ལ།  ཕྱོགས་ཡོངས་ནས་རིམས་ནད་འགོག་སྡོམ་ཐུབ་པ་དང་དཔལ་འབྱོར་བརྟན་པོ་ཡོང་བ།  འཕེལ་རྒྱས་བདེ་འཇགས་ཡིན་པ་བཅས་ཀྱི་བླང་བྱ་གལ་ཆེན་དོན་འཁྱོལ་བྱས་ཏེ་རིམས་ནད་འགོག་རྒོལ་དང་ཉེན་ཁ་སྔོན་འགོག འབབ་འཕར་བརྟན་པོ། བདེ་འཇགས་འགན་ལེན། བརྟན་བརླིང་སྲུང་སྐྱོང་བཅས་བྱས་ཏེ་ཉམས་སད་ཐེག་ཐུབ་པའི་བྱ་བའི་སྤྱོད་ཚུལ་ཐོག་ནས་མཚོ་བྱང་གི་བྱ་བ་སོ་སོ་ཐོག་མཐའ་བར་གསུམ་དུ་ཁྱོན་ཡོངས་དང་མཉམ་དུ་མཉམ་འགུལ་དང་མཉམ་དུ་ཤུགས་བརྒྱབ་སྟེ་སྲ་བརྟན་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་དང་། རྒྱལ་ཁབ་བདེ་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཅས་བཏོད་ཡོད་ཅིང་།  ཁུལ་ཨུས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་མུ་མཐུད་དུ་བཏོད་དེ་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་སླར་གསོ་དང་འཕར་རྒྱུར་སྐུལ་འདེད་བཏང་བས་དམངས་འཚོ་འགན་ལེན་དང་ལེགས་སུ་ཕྱིན་ཞིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གསར་སྐྲུན་གཏིང་ཟབ་ཏུ་སྤེལ་བ་དང་། བདེ་འཇགས་མཚོ་བྱང་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་བ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་བསྣན་པ། ཏང་ལ་དོ་དམ་དང་ཏང་ནན་སྐྱོང་བཅས་བྱས་པས་ཁུལ་ཡོངས་ཀྱི་བྱ་གཞག་སོ་སོར་འཕེལ་རྒྱས་གསར་བ་དང་ཕན་འབྲས་གསར་བ་ཐོབ་ཡོད་པའི་ངོས་འཛིན་བྱས།         

c.jpg

ཚང་འཛོམས་གྲོས་ཚོགས་ཐོག2022ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་བྱ་བར་ཕྱི་མིག་དང་ཕྱོགས་སྡོམ་བྱས་ལ།  རྙོག་འཛིང་དང་ཛ་དྲག་ཆེ་བའི་རིམས་ནད་དང་ས་ཡོམ། སེར་བ། ཆུ་ལོག་སོགས་རང་བྱུང་གནོད་འཚེ་དང་། དཀའ་ཚེགས་ཆེ་བའི་བཅོས་སྒྱུར་འཕེལ་རྒྱས་ཀྱི་ལས་འགན་བཅས་ལ་ཁ་གཏད་ནས་ཁུལ་ཨུས་བརྟན་ཐོག་ཡར་འཕེལ་དང་ནུས་ཤུགས་ཡོད་རྒུས་རང་བྱུང་གི་གནོད་འཚེ་དང་རིམས་ནད་ལ་ཁ་གཏད་བཅགས་པ་དང་། ས་ཁོངས་ཧྲིལ་བོའི་སྐྱེ་ཁམས་འཛུགས་སྐྱོང་ལ་སྐུལ་འདེད་དང་། ཁྱོན་ཡོངས་ནས་དཔལ་འབྱོར་གྱི་གཞོང་ཆེན་བརྟན་དུ་གཏོང་བ། ཁྱོན་ཡོངས་ནས་ཐོན་ལས་ཀྱི“གནས་བཞི”གཏོད་པ། ཁྱོན་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བ། དམངས་འཚོར་ཕན་འདོགས་པ་བཅས་བྱས་པས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་ཁེ་ལས་བརྟན་པོའི་ངང་སླར་གསོ་ཡོང་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་པར་བསྟན།    

ཚོགས་འདུའི་ཐོག་བྱ་བ་འདི་དག་ལ་སྐུལ་འདེད་དང་གྲུབ་འབྲས་ཐོབ་པ་ནི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་ཁྲིད་ཀྱི་འབྲས་བུ་དང་། ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་གནང་བའི་འབྲས་བུ། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་ཐུན་མོང་འབད་འཐབ་བྱས་པའི་འབྲས་བུ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་ལྷག་བསམ་རྣམ་དག་ངང་ལས་ཁུར་སྒྲུབ་པ་དང་དངོས་སྒྲུབ་དམ་འཛིན་བྱས་པའི་འབྲས་བུ་ཡིན་པར་བསྟན།

d.jpg

ཚང་འཛོམས་གྲོས་ཚོགས་ཐོག་ད་ལོའི་བྱ་བའི་སྤྱིའི་བླང་བྱ་བཏོན་པ་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། “འདུ་ཤེས་བཞི”ཆེར་གཏོང་དང“གདེང་ཚོད་བཞི”སྲ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱེད་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་ལྟར། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱི་འདོམས་རྒྱུན་འཁྱོངས་དང་། ཆ་ཚང་ཞིང་འཕྱུགས་པ་མེད་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། རང་འགུལ་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་ཞབས་ཞུ་དང་མཉམ་འདྲེས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་པ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་སྔར་ལས་གཅིག་གྱུར་འཆར་འགོད་ལེགས་པར་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དེ་ལས་ཡག་པོ་བྱས་ནས“243”གྱི་འཕེལ་རྒྱས་ཀྱི་རྣམ་པ་མགྱོགས་མྱུར་བསྐྲུན་ཏེ་ནུས་ཤུགས་ཡོད་རྒུས་མཚོ་བྱང་ལྔ་འཛུགས་སྐྲུན་བྱེད་པ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བཅས་ཕྱོགས་གསུམ་ཐད་ནས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པར་བརྩོན་ལེན་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་དྲུག་སྐྲུན་པའི་མཚོ་བྱང་གི་ལེའུ་ཞིག་གཏོད་རྒྱུའི་བརྩོན་ལེན་བྱེད་དགོས་པའི་བླང་བྱ་བཏོན། 

e.jpg

ཚོགས་འདུའི་ཐོག ད་ལོའི་བྱ་བ་ཏན་ཏིག་ངང་ཡག་པོ་སྒྲུབ་པར་ཕྱོགས་ལྔའི་ཐད་ཀྱི་བྱ་བ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། གཅིག་ནས་ཐོན་ལས་ཀྱི“གནས་བཞི”གཏན་འཁེལ་བྱས་ཏེ་འབྱོར་ཕྱུག་ལྡན་པའི་མཚོ་བྱང་ཧུར་ཐག་སྒོས་བསྐྲུན་དགོས། “གཅིག་ཅན་དྲུག”གི་སྐྱེ་ཁམས་ཕྱུགས་ལས་ཀྱི་ལེ་ལག་ཚང་བའི་བཟོ་སྐྲུན་གྱིས་སྐུལ་ཁྲིད་བྱས་ཏེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་སྣེ་ཁྲིད་ཁུལ་ནུས་ཤུགས་ཡོད་རྒུས་གཏོད་དགོས། ཞིང་ཆེན་ཡོངས་ཀྱི་ཆན་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་གསུམ་པ་བསྐྲུན་རྒྱུ་དམིགས་ཚད་དུ་བྱས་ནས་ནུས་ཤུགས་ཡོད་རྒུས་ནུས་རྒྱུ་གཙང་མའི་ཐོན་སྐྱེད་བེད་སྤྱོད་ཁུལ་གཏོད་དགོས། “123”Aརིམ་པའི་མཛེས་ལྗོངས་ཁུལ་གཏོད་རྒྱུ་གོ་སྐབས་སུ་བྱས་ཏེ་མཐོན་པོ་སྒང་གསར་བརྗེའི་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་ལ་གཙོ་གནད་ཐོག་དམ་འཛིན་བྱས་ནས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་ནུས་ཤུགས་ཡོད་རྒུས་གཏོད་དགོས། མཚོ་སྔོན་གྱི་མདེལ་གཉིས་སྐར་གཅིག་སློབ་གླིང་སྣེ་ཁྲིད་བྱེད་པ་དང་མཚོ་བྱང་ལས་རིགས་སློབ་གྲྭའི་ཚད་གཞི་མཐོ་རུ་གཏོང་རྒྱུ་གོ་སྐབས་སུ་བྱས་ཏེ་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཁུལ་གཏོད་དགོས། གཉིས་ནས་རིག་གནས་ཀྱི་སྣེ་ཁྲིད་ལ་མཐོང་ཆེན་བྱས་ཏེ་དཔལ་ཡོན་ལྡན་པའི་མཚོ་བྱང་ཧུར་ཐག་སྒོས་བསྐྲུན་དགོས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་ནུབ་ལམ་དམག་དཔུང་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་སྐལ་བཟང་དང་ལེན་ཧྥུའུ་ཀྲང་སོགས་དཔེ་བཟང་གི་སྟོབས་ཤུགས་འདོན་སྤེལ་ཡག་པོ་བྱས་ནས་མཚོ་བྱང་དེ་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་ཕུགས་བསམ་དད་སེམས་སློབ་གསོའི་གཡུལ་ས་གཙོ་བོར་ཧུར་ཐག་འགྱུར་བར་བྱེད་དགོས། གསུམ་ནས་མཐའ་ཚད་ཀྱི་བསམ་བློ་བརྟན་པོར་བཙུགས་ཏེ་འཆམ་མཐུན་མཚོ་བྱང་ཧུར་ཐག་གིས་བསྐྲུན་དགོས། ནུབ་མཚོ་ཅུན་དང་ཡུང་ཨན་གནའ་གྲོང་། མཁར་དམར་གནའ་གྲོང་སོགས་གནའ་གྲོང་གི་རྗེས་ཤུལ་དང་རིག་གནས་ཤུལ་བཞག་འདང་ངེས་སྤྱད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོ་ཤུགས་ཆེར་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་དམ་འཛིན་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཉེན་ཁ་སྔོན་འགོག་དང་སེལ་ཐབས་ཏན་ཏིག་བྱས་ཏེ་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་བྱང་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས། བཞི་ནས་སྐྱེ་ཁམས་ཀྱི་བཙན་ས་སྐྲུན་ནས་མཛེས་སྡུག་ལྡན་པའི་མཚོ་བྱང་འཛུགས་སྐྲུན་ཧུར་ཐག་བྱེད་དགོས། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་གི་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོར་རྒྱག་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་མདོ་ལ་རི་བོ་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གཉིས་མཚོ་བྱང་གི་གསེར་གྱི་མིང་བྱང་དུ་བསྒྱུར་དགོས། ལྔ་ནས་དམངས་འཚོའི་བདེ་སྐྱིད་ཆེ་རུ་བཏང་ནས་བདེ་སྐྱིད་ལྡན་པའི་མཚོ་བྱང་ཧུར་ཐག་གིས་བསྐྲུན་དགོས། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་བཏང་ནས་ཁུལ་མི་དམངས་སྨན་ཁང་གཉིས་པས་རིམ་གསུམ་ཁ་པའི་སྨན་ཁང་སོགས་གཙོ་གནད་བཟོ་སྐྲུན་ལ་སྐུལ་ཁྲིད་བྱས་ཏེ་སྤྱི་བའི་ཞབས་ཞུ་མཉམ་སྐྲུན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་རིམས་ནད་འགོག་སྡོམ་རྒྱུན་མཐུད་ཡག་པོ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་ནན་གྱིས་བསྟན།

f.jpg

ཚོགས་འདུའི་ཐོག་རིམ་པ་སོ་སོའི་ཏང་ཨུས(ཏང་ཙུའུ)དུས་རབས་གསར་བའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཏང་ནན་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་དགོས་ལ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་ཨང་དང་པོར་བཞག་ནས་ཏང་གི་མགོ་ཁྲིད་དེ་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོ། ལྷུ་ཚིགས་སོ་སོ་བཅས་སུ་དོན་འཁྱོལ་ཏན་ཏིག་བྱ་དགོས། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཤུགས་ཆེ་རུ་གཏོང་བ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མུ་མཐུད་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱས་ཏེ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱ་རྒྱུར་ཤུགས་བསྣན་ཏེ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་མཚོ་བྱང་དུ་དོན་འཁྱོལ་དང་མཐའ་སྣེར་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་བསྣན་ནས་ཐིང་རིམ་པའི་མགོ་ཁྲིད་ཀྱིས“1+10”མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་གཞི་རིམ་དང་འབྲེལ་གཏུག་བྱེད་པའི་ལམ་ལུགས་རྒྱུན་མཐུད་དོན་འཁྱོལ་བྱེད་པ་དང་། ཞང་དང་གྲོང་རྡལ་གྱི“ཡོད་པ་བཅུ”ཡི་བཟོ་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།  “གཅིག་ཅན་དྲུག”གི་བྱེད་སྒོ་གཏིང་ཟབ་སྤེལ་ནས་གཞི་རིམ་གྱི་རྨང་གཞི་ཁྱོན་ཡོངས་ནས་བརྟན་དུ་གཏོང་དགོས།  ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་། མི་འདེམས་སྤྱོད་ཀྱི་ཡང་དག་པའི་ཁྲིད་ཕྱོགས་འཛུགས་པ། ལས་བྱེད་པས་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་པར་སྐུལ་ལྕག་གཏོང་བ་བཅས་བྱས་ཏེ་ཕུལ་བྱུང་ཤེས་ལྡན་མི་སྣ་མཚོ་བྱང་དུ་འཕེལ་རྒྱས་གཏོང་བར་བར་མཐོངས་ཡོད་པ་དང་བྱ་བ་སྒྲུབ་གནས་ཡོད་པར་བྱེད་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་བསྣན་ནས་ལས་བྱེད་པ་གཞུང་དྲང་དང་སྲིད་གཞུང་སྤྱོད་གཙང་། ཆབ་སྲིད་དྭངས་གསལ། སྤྱི་ཚོགས་དྭངས་གཙང་བཅས་ཀྱི་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་ཞིག་མུ་མཐུད་གཏོད་དགོས། དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་བསྣན་ནས་དམངས་ཆེན་དང་སྲིད་གཞུང་། སྲིད་གྲོས་བཅས་ཀྱི་བྱ་བར་རྒྱབ་སྐྱོར་བྱས་ཏེ་མང་ཚོགས་ཚོགས་པའི་རྩ་འཛུགས་བཅོས་སྒྱུར་དང་འཛུགས་སྐྱོང་གཏིང་ཟབ་ཏུ་བཏང་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས་པ་ནན་གྱིས་བསྟན།

g.jpg

ཚང་འཛོམས་གྲོས་ཚོགས་ཐོག ད་ལོར་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་ལ་རྩེ་གཅིག་ཏུ་དམིགས་ནས། བྱེད་ཕོད་པ་དང་སྒྲུབ་ཕོད་པ། གསར་གཏོད་བྱེད་ཕོད་པ། དོན་འཁྱོལ་དམ་འཛིན་བྱ་རྒྱུ་དེ་བྱ་བ་ཐམས་ཅད་ཀྱི“སྲོག་རྩ”རུ་འཛིན་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་དོན་འཁྱོལ་དམ་འཛིན་བྱེད་པ། ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བའི་ཐད་མུ་མཐུད་ཤུགས་རྒྱག་པ། སྤྱོད་ཚུལ་བསྒྱུར་བའི་ཐད་ཐབས་ཇུས་ངོ་མ་འདོན་པ། ལས་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་བའི་ཐད་ཕན་འབྲས་དངོས་ཐོན་པར་བྱེད་པ། གནད་དོན་ཐག་གཅོད་བྱེད་པའི་ཁྲོད་བྱ་གཞག་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཧུར་ཐག་གཏོང་བ། བྱ་གཞག་འཕེལ་རྒྱས་གཏོང་བའི་ཁྲོད་དཀའ་གནད་སེལ་བ། དམིགས་འབེན་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་དོན་འཁྱོལ་དམ་འཛིན་བྱས་ཏེ། གོམ་གང་མདུན་སྤོས་ཀྱིས་བྱ་བའི་མགོ་འཛུགས་ས་དང་ཤུགས་རྒྱག་ས་མ་ནོར་བར་འཚོལ་སྙེག་བྱས་ཏེ། ཟླ་རེར་འགྱུར་ལྡོག་ཡོད་པ་དང་དུས་ཚིགས་རེར་ཕན་འབྲས་ཐོན་པར་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་གྲུབ་འབྲས་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་ཀྱི་ཕན་འབྲས་ལ་དངོས་སུ་བསྒྱུར་དགོས། གྲུབ་འབྲས་ཁྲིད་སྟོན་དུ་བཟུང་ནས་དོན་འཁྱོལ་དམ་འཛིན་དང་དམིགས་འབེན་རེ་རེ་བཞིན་དབྱེ་ཞིབ། ལས་འགན་རེ་རེ་བཞིན་དོན་འཁྱོལ་བྱེད་པ། ལས་རིམ་རེ་རེ་བཞིན་སྐུལ་འདེད་བཅས་རྒྱུན་འཁྱོངས་བྱས་ཏེ། བཀོད་འདོམས་མཐུན་སྦྱོར་འཐབ་ཕྱོགས་དང་པོར་བྱེད་ཐུབ་པ་དང་། ལྟ་སྐུལ་དོན་འཁྱོལ་འཐབ་ཕྱོགས་དང་པོར་བྱེད་ཐུབ་པ། གནད་དོན་ཐག་གཅོད་འཐབ་ཕྱོགས་དང་པོར་བྱེད་ཐུབ་པ་བཅས་བྱས་ཏེ། དངོས་སྒྲུབ་སྐབས་ཀྱི་བྱ་བ་སོ་སོ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་བླང་བྱ་བཏོན།

h.jpg

ཚང་འཛོམས་གྲོས་ཚོགས་ཀྱིས་ད་དུང་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་ཁུར་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ལ་དཔྱད་ཞིབ་བྱས་པ་དང་། 2022ལོའི་ལོ་འཁོར་མོའི་རྫོང་དང་ཁུལ་ཐད་གཏོགས་སྡེ་ཁག་གི་མགོ་ཁྲིད་ཚན་པ་དང་མགོ་ཁྲིད་ལས་བྱེད་པ་གཙོ་བོ། མགོ་ཁྲིད་ལས་བྱེད་པ་གཞོན་པ་བཅས་ཀྱི་བྱ་བའི་ཕན་འབྲས་ལ་གདེང་འཇོག་བྱས། 2022ལོའི་ལས་བྱེད་པ་འདེམས་སྒྲུག་བསྐོ་སྤྱོད་ཀྱི་བྱ་བ་དང་ལོ་འདིའི་ནང་འདེམས་སྒྲུག་བསྐོ་སྤྱོད་བྱས་པའི་མགོ་ཁྲིད་ལས་བྱེད་པར་དམངས་གཙོའི་དཔྱད་མོལ་བྱས།

l.jpg

ཚང་འཛོམས་གྲོས་ཚོགས་ཐོག ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ་ཞིང་ཆེན་ཏང་ཨུའི་ཡང་དག་པའི་མགོ་ཁྲིད་འོག ཡིད་ཆེས་བརྟན་པོ་དང་རང་འགན་གཙང་སྒྲུབ། དངོས་སྒྲུབ་དམ་འཛིན། འབད་འབུངས་ཡར་བརྩོན་བཅས་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་གཏོད་པར་འབད་འཐབ་ཧུར་ཐག་བྱེད་དགོས་པའི་འབོད་སྐུལ་བྱས། 

m.jpg

ཁུལ་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ཚོགས་འདུར་ཞུགས་ལ། ཁུལ་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་མིན་པའི་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཁོངས་མི། མཚོ་བྱང་ཡན་ལག་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན། ཁུལ་སྒྲིག་ཨུའི་རྒྱུན་ཨུ་དང་ཁུལ་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན། རྫོང་དང་ཞིང་ར་སོ་སོའི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་ཨུའི་སྡེ་ཁག་སོ་སོ་དང་ཁུལ་ཐད་གཏོགས་ལས་ཁུངས་སོ་སོའི་ཏང་ཙུའུ(ཏང་ཨུ)མང་ཚོགས་ཚོགས་པ་སོ་སོའི་ཏང་ཙུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་དམངས་ཆེན་དང་ཁུལ་སྲིད་གྲོས་ཀྱི་ཆེད་དོན་ཨུ་ལྷན་སོ་སོའི་ཀྲུའུ་རིན། ཞིང་ཆེན་དང་ཁུལ་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ཁག་ཅིག ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་གྱི་གསར་འགོད་པའི་ས་ཚིགས་ཀྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཟུར་ཞུགས་བྱས།


མཉམ་སྤྱོད།