དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་སྔོན་ཐོན་ཚོགས་པ15དང་སྔོན་ཐོན་མི་སྒེར129ལ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཟེངས་བསྟོད་བྱས།

2023-02-11 16:54:39   |   138

རྩོམ་སྒྲིག  སངས་དོན།  ཡོང་ཁུངས། གངས་ལྗོངས་འཕྲིན་གསར།  བཤེར་འབེབས།  རིན་ཆེན་ཚེ་རིང་། 


2023ལོའི་ཟླ2པའི་ཚེས9ཉིན། མཚོ་བྱང་ཁུལ་གྱི་སློབ་གསོ་བྱ་བའི་ཚོགས་ཆེན་ཐེངས་དྲུག་པ་རྒྱལ་ཁའི་ངང་འཚོགས་ཤིང་། ཚོགས་ཆེན་ཐོག་སྔོན་ཐོན་ཚོགས་པ15དང་། དཔེ་ཁྲིད་མི་སྐྱོང་གི་དཔེ་བཟང་མི་སྣ2། ཕུལ་བྱུང་འཛིན་བདག35། ཕུལ་བྱུང་ཀུན་སྤྱོད་ལས་སྒྲུབ་པ10། ཕུལ་བྱུང་དགེ་རྒན50། ཕུལ་བྱུང་སློབ་གསོའི་ལས་སྒྲུབ་པ22། ཕུལ་བྱུང་སློབ་གཙོ10བཅས་ལ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཟེངས་བསྟོད་བྱས།

གཟེངས་བསྟོད་བྱས་པའི་སྔོན་ཐོན་ཚོགས་པ་དང་སྔོན་ཐོན་མི་སྒེར་གྱིས་གཟི་བརྗིད་ལ་གཅེས་སྤྲས་དང་། ང་རྒྱལ་དང་འཚབ་འཚུབ་སྤོང་བ། འབད་བརྩོན་ལྷོད་མེད་ཀྱིས་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མ་འོངས་པའི་བྱ་བའི་ཁྲོད་སླར་ཡང་གྲུབ་འབྲས་བཟང་བོ་གཏོད་པ་དང་བྱས་རྗེས་གསར་བ་འཇོག་རྒྱུའི་རེ་བ་བཏོན་ལ། ཁུལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་སྒྲུབ་པས་སྔོན་ཐོན་མིག་དཔེར་བྱས་ཏེ་ཀུན་སྤྱོད་དང་མི་གཞི་སྐྱོང་བའི་ཐོག་མའི་བསམ་འདུན་མི་བརྗེད་པར་ཏང་གི་ཆེད་དུ་མི་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་འགན་འཁྲི་ཡིད་ལ་བརྟན་པོར་ངེས་ནས་བློ་སྦྱོང་ལ་བརྩི་བཀུར་དང་བློ་རྩེ་གཅིག་སྒྲིམ་གྱིས་མི་སྣ་གསོ་སྐྱོང་བྱེད་དགོས་ལ། “བཞི་ལྡན”དགེ་རྒན་ཡག་པོ་ཚད་གཞིར་བཟུང་ནས་སློབ་མའི་སྣེ་ཁྲིད་པ་ཡག་པོ་བྱེད་པ་དང་། ཆེད་ལས་ཤེས་བྱ་ཁོང་དུ་ཆུད་པ། ཀུན་སྤྱོད་གསོ་སྐྱོང་གཅིག་གྱུར་བྱེད་མཁན་ཞིག་བྱེད་པ། འབད་འབུངས་ཡར་བརྩོན་དང་བྱ་སྤྱོད་ལྷོད་གཡེང་མི་བྱེད་པར་དུས་རབས་གསར་བའི་མཚོ་བྱང་གི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་ཞིག་མཉམ་དུ་རྩོམ་དགོས་པའི་རེ་བ་བཏོན།


མཉམ་སྤྱོད།