དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་དུ་དྲོད་ཚད་མར་ཆག་པའམ་ཁ་བ་འབབ་པའི་གནམ་གཤིས་འབྱུང་རྒྱུ་རེད།

2023-02-11 16:58:20   |   113

རྩོམ་སྒྲིག  སངས་དོན།  ཡོང་ཁུངས། གངས་ལྗོངས་འཕྲིན་གསར།  བཤེར་འབེབས།  རིན་ཆེན་ཚེ་རིང་། 


གཅིག གནམ་གཤིས་སྔོན་བརྡ།

བྱང་ཕྱོགས་ཀྱི་ཅུང་ཆེ་བའི་མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཐེབས་ཏེ། སྔོན་དཔག་བྱས་པ་ལྟར་ན་ཟླ2པའི་ཚེས12ཉིན་ནས་ཟླ2པའི་ཚེས13ཉིན་བར་མཚོ་བྱང་ཁུལ་དུ་དྲོད་ཚད་མར་ཆག་པའམ་ཁ་བ་འབབ་པའི་གནམ་གཤིས་འབྱུང་རྒྱུ་ཡིན་ཞིང་། ཁ་བ་འབབ་པའི་དུས་ནི་ཚེས12ཉིན་གྱི་དགོང་མོ་ནས་ཚེས13ཉིན་གྱི་ཉིན་མོ་བར་ཡིན་ལ། རིམ་རྩིས་བྱས་ན་ཁ་བ་འབབ་ཚད1~5mmདང་ཁངས་གསོག་ཐེབས་ཚད1~3cmབར་སླེབས་རྒྱུ་རེད། རིམ་རྩིས་བྱས་ན་དྲོད་ཚད་མཐོ་ཤོས6~8℃བར་མར་ཆག་རྒྱུ་ཡིན་པ་དང་། ས་ཁུལ་ཁ་ཤས་སུ་ཏུའུ10℃ཡན་ལ་སླེབས་རྒྱུ་རེད།  ཐེངས་འདིའི་གནམ་གཤིས་བརྒྱུད་རིམ་མཇུག་སྒྲིལ་རྗེས་ཁུལ་ཡོངས་ཀྱི་དྲོད་ཚད་རིམ་བཞིན་འཕར་རྒྱུ་རེད།    

ཞིབ་ཕྲའི་གནམ་གཤིས་སྔོན་བརྡ་གཤམ་ལྟར།

ཟླ2པའི་ཚེས12ཉིན། ཁུལ་ཡོངས་སུ་ཁ་བ་ཆུང་ཆུང་འབབ་རྒྱུ་ཡིན་ལ། དྲོད་ཚད6~8℃བར་མར་ཆག་རྒྱུ་རེད། 

ཟླ2པའི་ཚེས13ཉིན། ཁུལ་ཡོངས་སུ་ཁ་བ་ཆུང་ཆུང་འབབ་པའམ་སྤྲིན་མང་རྒྱུ་ཡིན་ལ། དྲོད་ཚད2~4℃བར་མར་ཆག་རྒྱུ་རེད། 

གཉིས།    ཤུགས་རྐྱེན་དང་དོ་ཁུར།     

གཅིག དྲོད་ཚད་མར་ཆག་ནས་ཆམ་པ་དང་དབུགས་ལམ་གྱི་འགོས་ནད་ཕོག་སླ་བས་སྤྱི་དམངས་ཀྱིས་གྲང་འགོག་དྲོད་སྲུང་ལ་དོ་སྣང་བྱེད་དགོས།     

གཉིས། ཁངས་གསོག་ཐེབས་པ་དང་ལམ་དུ་དར་ཆགས་ནས་དཔྱིད་གསར་སྐྱེལ་འདྲེན་དང་འགྲིམ་འགྲུལ་སྐྱེལ་འདྲེན་ལ་ཤུགས་རྐྱེན་ངན་པ་ཐེབས་པར་སྔོན་འགོག་བྱེད་དགོས།     

སྔོན་དཔག་བྱས་པ་ལྟར་ན་ཟླ2པའི་ཚེས11ཉིན་གྱི་ཆུ་ཚོད15ནས་ཚེས13ཉིན་གྱི་ཆུ་ཚོད15བར་མདའ་བཞི་རྫོང་དང་འཇུ་ལག་རྫོང་། མདོ་ལ་རྫོང་། རྐང་ཚ་རྫོང་བཅས་ལ་གྲང་རྒྱུན་དང་ཁ་བ་ཆུང་ཆུང་འབབ་པའི་གནམ་གཤིས་འབྱུང་རྒྱུ་ཡིན་ཞིང་། དྲོད་ཚད8℃ཡན་མར་ཆག་རྒྱུ་ཡིན་པ་དང་ཆ་སྙོམས་རླུང་ཤུགས་རིམ་པ5~6བར་སླེབས་རྒྱུ་རེད། དྲོད་ཚད་མར་ཆག་ནས་ཁ་བ་བབས་པའི་གནམ་གཤིས་ཀྱིས་ཞིང་ཕྱུགས་ལས་ཐོན་སྐྱེད་དང་གཞུང་ལམ་འགྲིམ་འགྲུལ། གྲོང་ཁྱེར་དང་གྲོང་རྡལ་འཁོར་སྐྱོད། སྤྱི་དམངས་ཀྱི་བདེ་ཐང་བཅས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པས་དོགས་ཟོན་བྱ་དགོས།  


མཉམ་སྤྱོད།