དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་ཚོགས་བགོས་གྲོས་བསྡུར་ཞུགས་ནས་འདི་ལྟར་བསྟན་འདུག

2023-02-11 18:35:49   |   150

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།  བཤེར་འབེབས།  རིན་ཆེན་ཚེ་རིང་། 


 b.jpg

    ཟླ2པའི་ཚེས10ཉིན།  ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཚོགས་བགོས་གྲོས་བསྡུར་ནང་ཞུགས་སྐབས་བསྟན་དོན། འཇུ་ལག་གི་འགྲིམ་འགྲུལ་ས་བབ་དང་ཐོན་ཁུངས་ཀྱི་དགེ་མཚན་བེད་སྤྱོད་གང་ལེགས་བྱས་ཏེ། ཞིབ་འཇུག་འཆར་འགོད་ནན་ཏན་དང་། རང་འགུལ་ངང་ཁྱོན་ཡོངས་དང་མཉམ་འདྲེས་བྱས་ནས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གསར་འཛུགས་དང་། སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། གྲོང་གསེབ་དར་སྤེལ་གཏོང་བར་སྐུལ་འདེད་བྱེད་པ། མང་ཚོགས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ་བཅས་ཀྱི་ཐད་འབད་བརྩོན་ཧུར་ཐག་བྱས་ཏེ། འཇུ་ལག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཞིག་ཆགས་པར་བྱེད་དགོས་པ་བསྟན།

a.jpg

     ཤ་བོ་སྐྱབས་ཀྱིས་འཇུ་ལག་ནི་དར་གོས་ཚོང་ལམ་ལྷོ་ལམ་གྱི་ལྷུ་ཚིགས་གལ་ཆེན་ཞིག་དང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་ལྟེ་བའི་གནས་སུ་ཆགས་ཡོད་ལ། ཁུལ་ཡོངས་ཀྱི་ས་ཁོངས་ནས་མིག་སྔར་མྱུར་བགྲོད་གཞུང་ལམ་དང་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་ཡོད་པའི་རྫོང་ཁག་ཁོ་ན་ཡིན། ཞིང་ཆེན་ཡོངས་ཀྱི་རྨ་ནུབ་དོག་ལམ་དང་ཤིན་ཅང་སྦྲེལ་བའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པས་ས་བབ་ཀྱི་ལེགས་ཆ་དང་། ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ལྡན་ལ། ངེས་པར་དུ་གོ་སྐབས་དམ་འཛིན་དང་གཙོ་གནད་ཐོ་བརྒལ་བྱས་ཏེ་འཇུ་ལག་གི་ཁྱོན་ཡོངས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་དགོས་པར་བསྟན། མིག་སྔའི་གཙོ་གནད་བྱ་བར་དམིགས་ནས་འཇུ་ལག་གིས་གནས་སྐོར་འཕེལ་རྒྱས་ཐད་མཉམ་སྡེབ་བྱེད་ཐབས་སྤྱོད་དགོས་པ་དང་། ལོག་དཀར་མེ་ཏོག་གི5Aརིམ་པའི་ལྗོངས་ཁུལ་གཏོད་རྒྱུ་ཁྲིད་སྟོན་དུ་བྱས་ནས་ཧུའུ་ཀྲུའུ་བྱང་རི་ནགས་རའི་ཉམས་མྱོང་ལ་སློབ་སྦྱོང་བྱེད་པ་དང་། སེམས་ཉིད་ནགས་ར་དང་འཇུ་ལག་ནགས་རའི་གནས་སྐོར་མཛེས་ལྗོངས་ཁུལ་གསར་སྤེལ་བྱ་རྒྱུར་ཞིབ་འཇུག་བྱས་ནས་ཇུས་འགོད་བྱེད་པ། གངས་དཀར་རི་བོའི་གངས་འཁྱགས་གནས་སྐོར་གཏོད་པ། མང་ཚོགས་ཀྱིས་ན་ཙི་འགག་དང་ཧྲི་ཐིག་འགག  དེ་བཞིན་མུ་རི་ཆུ་འབབ་ཡུལ་གྱི་སྒར་སྡོད་ཐོན་ལས་གསར་སྤེལ་བྱ་རྒྱུར་སྐུལ་ལྕག་ཧུར་ཐག་བྱེད་དགོས། གནས་སྐོར་དང་རིག་གནས་མཉམ་འདྲེས་གཏིང་ཟབ་ཡོང་བར་རྒྱུན་འཁྱོངས་སྐུལ་སྤེལ་བྱེད་དགོས། གངས་ལུང་བྲག་ཕུག་དང་ཡུང་ཨན་གནའ་མཁར། འཇུ་ལག་གནའ་མཁར། ཁེ་ཐུའུ་གནའ་མཁར་སོགས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་བེད་སྤྱོད་གང་ལེགས་བྱས་ཏེ། རྟ་རྒྱུག་དང་ལྕགས་རྟ། རྐང་ཐང་། མདའ་འཕེན་བཅས་འགྲན་སྡུར་བྱེད་སྒོ་ཁག་བཞི་ལེགས་པོར་བསྒྲུབ་དགོས། དཔའ་རིས་རྒྱན་གོས་དང་ཧུའེ་རིགས་ཀྱི་གསོལ་སྟོན་སོགས་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས། སྟོན་བསྡུའི་དུས་ཆེན་དང་མཛའ་གཞས་འདུ་ཚོགས་སོགས་བརྗོད་དོན་གཙོ་བོའི་རིག་གནས་བྱེད་སྒོ་སྤེལ་བ་དང་། འཇུ་ལག་གི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་ནུབ་ལམ་དམག་དཔུང་ལ་རོགས་རམ་བྱས་པའི་གཏམ་རྒྱུད་ཡག་པོར་བཤད་པ། ཧན་ཐའེ་ཡུལ་དམག་སོགས་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། ལྕགས་རི་རིང་བོའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཇུ་ལག་དུམ་བུའི་འགྲེམས་སྟོན་ལྟེ་གནས་བསྐྲུན་རྒྱུའི་གྲ་སྒྲིག་བྱེད་པ་དང་། འཇུ་ལག་གི་གནས་སྐོར་ཀྱི་སྤུས་ཀ་མཐོར་འདེགས་སུ་གཏོང་དགོས། གནས་སྐོར་དྲིལ་སྒྲོག་ལ་ཤུགས་བསྣན་ནས“དངུལ་གྱི་གཞོང་བར་གསེར་གྱི་མེ་ཏོག་བཞད། ལོག་དཀར་སྣུམ་ཆེན་ས་གཞི་ཡོངས་ལ་ཁྱབ”སོགས་རྫས་རྟགས་ཁྱབ་གདལ་གཏོང་དགོས།   ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ཐད་བྱ་ཐབས་དངོས་འདོན་པ་དང་། འཇུ་ལག་དེ་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་གསར་འཛུགས་བྱེད་པ་སྣེ་འདྲེན་བྱེད་པ། ཧུར་ཐག་གིས་གླིང་ཁུལ་དུ་ཁེ་ལས་ནང་འདྲེན་བྱེད་པ་དང་། གླིང་ཁུལ་གྱི་ཁེ་ལས་གཞན་སྒྱུར་དང་གླིང་ཁུལ་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་དགོས།  “གཅིག་ཅན་དྲུག”གི་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་དུ་དམ་འཛིན་ཡག་པོ་བྱེད་པ་དང་། ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་དགོས། བཟའ་བྱའི་ཤ་མོ་ཐོན་ལས་ཀྱི་སྤུས་འབོར་ཇེ་མཐོར་གཏོང་བའི་དུས་མཚུངས་སུ། གཞན་པའི་རྫོང་གསུམ་གྱི་འཕེལ་རྒྱས་ལ་མིག་དཔེ་དང་སྐུལ་ཁྲིད་བྱེད་དགོས། ཞིང་ལས་ས་ཁུལ་གྱི་ཁྱད་ལྡན་གསོ་སྤེལ་ལས་རིགས་གོང་འཕེལ་གཏོང་བར་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་། ཞི་མིན་ཐ་ཨར་དང་ཧུའུ་ལུག་ཐོན་ལས་དེ་གསོ་སྤེལ་བྲིན་ཚོང་ཁོ་ན་བྱེད་པ་ནས་རྒྱུད་བཟང་ཐོན་ལས་མཁོ་འདོན་བྱེད་པའི་ཕྱོགས་སུ་འགྱུར་བ་གཏོང་དགོས། ཧུར་ཐག་གིས་རྟའི་ཐོན་ལས་དང་གླ་རྩི་གསོ་སྤེལ་སོགས་གོང་འཕེལ་གཏོང་དགོས། སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་ཕྱི་ཕྱོགས་སུ་འོས་སྦྱོར་བྱ་རྒྱུར་ཤུགས་སྣོན་པ་དང་། ཀྲུང་གོ་འབྲུ་རིགས་སྡེ་ཚོགས་ཀྱི་འབྲེལ་ལམ་དང་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། ས་ཁོངས་ཀྱི་ལེགས་ཆར་བརྟེན་ནས་མཛོད་ཉར་གྱི་འཁྱག་སྦྲེལ་ཟོག་འགྲེམས་རྟེན་གཞི་འཛུགས་སྐྲུན་ཡག་པོ་བྱེད་པ་བཅས་བྱས་ཏེ།  འཇུ་ལག་གི་ཞིང་ཞོར་ཐོན་རྫས་དེ་ལས་མང་བ་ཟི་ལིང་སོགས་ཀྱི་ཁྲོམ་ར་ཆེ་གྲས་སུ་ཕྱིར་གཏོང་ཐུབ་པར་བརྩོན་ལེན་བྱེད་དགོས།  གྲོང་གསེབ་དར་སྤེལ་ལ་སྐུལ་སྤེལ་གཏོང་བའི་ཐད་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས། སྲོལ་རྒྱུན་སྡེ་བ་སྲུང་སྐྱོང་ལ་དམིགས་ནས་སྡེ་བ་འཛུགས་སྐྲུན་གྱི་ཁྱད་ཆོས་ཆེ་རུ་གཏོང་བ། ས་ལར་རིགས་ཀྱི་སྡོད་དམངས་ཀྱི་སྡོད་ཁང་འཛུགས་སྐྲུན་གྱི་ཉམས་མྱོང་སློབ་སྦྱོང་བྱས་ཏེ།   ད་ལོར“ཧུའེ་རིགས་ཁྱིམ་ཚང”གི་ཐོན་ལས་འབྲེལ་ཐག་ཐད་ཐོ་བརྒལ་ཡོང་ཐབས་བྱེད་དགོས་ལ།  འབྲུ་གུ་ཞང་སྟེ་གྱོ་སྡེ་བའི་དཔའ་རིས་བོད་རིགས་ཀྱི་དམངས་སྲོལ་རིག་གནས་ཚོམས་ཆེན་དང་རྒྱལ་མཁར་སོག་རིགས་ཞང་གི་ཁྱད་ལྡན་སྡེ་བ་གཏོད་རྒྱུར་ཐུགས་ཁུར་བྱེད་དགོས།  གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། གྲོང་གསེབ་དར་སྤེལ་གཏོང་བའི་མ་དངུལ་བེད་སྤྱོད་གང་ལེགས་བྱེད་པ། སྡེ་བའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་འཐེན་ཐུག་དཔལ་འབྱོར་མཐུན་ཚོགས་འཛུགས་པ་དང་། འཐེན་ཐུག་དཔལ་འབྱོར་ལ་རོགས་སྐྱོར་བྱ་རྒྱུ་དེ་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་འགྲོ་བར་སྐུལ་ཁྲིད་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་དགོས། དམངས་འཚོ་ལེགས་སུ་གཏོང་བའི་ཐད་མུ་མཐུད་དུ་ཤུགས་སྣོན་དགོས། འཇུ་ལག་གི་སློབ་གསོའི་བྱ་བར་དམ་འཛིན་ཡག་པོ་བྱེད་པ་དང་། ཁུལ་ཡོངས་ཀྱི་སློབ་གསོ་བྱ་བའི་ཚོགས་ཆེན་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ད་ཡོད་ཀྱི་ཆུ་ཚད་བརྟན་དུ་གཏོང་བ་དང་། ཆིང་ཧྭ་དང་པེ་ཅིང་སློབ་ཆེན་སོགས་སློབ་གྲྭ་གྲགས་ཅན་དུ་རྒྱུགས་སྤྲད་ནས་ཐོ་བརྒལ་གསར་བ་ཡོང་བར་བྱེད་པ་དང་། རྫོང་ཡོངས་ཀྱི་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུར་སྣེ་ཁྲིད་བྱེད་དགོས། ད་ཡོད་ཀྱི་སྨན་བཅོས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ་དང་ཁྱད་ལྡན་ཆེད་ལས་ཚན་ཁག་འཛུགས་སྐྱོང་ལ་ཤུགས་བསྣན་ནས། ཁུལ་མི་དམངས་སྨན་ཁང་གཉིས་པས་རིམ་གསུམ་ཁ་པའི་སྨན་ཁང་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། གཞི་རིམ་ལ་ཞབས་འདེགས་ཞུ་བའི་ཐད་སྤྱོད་ཚུལ་ལེགས་སུ་བཏང་སྟེ་ཁུལ་ཨུའི“1+10”ཡི་གཞི་རིམ་དང་འབྲེལ་བ་བྱེད་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལམ་སྲོལ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་རྫོང་ཨུས་ཞང་དང་གྲོང་རྡལ་གྱི“ཡོད་པ་བཅུ”ཡི་བཟོ་སྐྲུན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།  གཞི་རིམ་ཏང་འཛུགས་སྐྱོང་གི་ལྟ་སྦྱོང་སྒྲིག་འཛུགས་ཡག་པོ་བྱས་ཏེ། ཡུལ་ཚོ་དང་གྲོང་རྡལ་ཚང་མར་ཁྱབ་པར་བྱེད་དགོས། མཐའ་མཚམས་ས་ཁུལ་གྱི་ཡུལ་ཚོ་དང་གྲོང་རྡལ་ལ་མཉམ་འབྲེལ་བྱས་ཏེ། ཏང་ཀྲི་པུའུ་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་བརྗོད་དོན་བྱེད་སྒོ་ལེགས་པོར་སྤེལ་ནས་མཐའ་མཚམས་ས་ཁུལ་གྱི་བརྗེ་རེས་དང་འགྲོ་འོང་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན། 



མཉམ་སྤྱོད།