དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི“ཇ་ཡུན”གསར་འགྱུར།

2023-02-12 10:19:39   |   171

སྒྲིག་སྒྱུར།  སངས་དོན།  ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།  བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  •        ཞིང་ལས་གནས་ཚུལ་གྱི་བཀོད་གཏོང་གསར་ཤོས་ལྟར་ན། ད་ལོའི་དབྱར་དུས་ཀྱི་འབྲུ་སྣུམ་ཐོན་སྐྱེད་ཀྱི་རྨང་གཞི་ཅུང་ལེགས་པ་དང་། ཞིང་ལས་རྒྱུ་ཆ་མཁོ་སྤྲོད་འདང་ངེས་ཡོད་པ།  རྨོ་འདེབས་གྲ་སྒྲིག་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཞིང་། དཔྱིད་འདེབས་འབྲུ་རིགས་འདེབས་འདོད་རྒྱ་ཁྱོན་དེ་བརྟན་བརླིང་ཁྲོད་ཅུང་འཕར་སྣོན་བྱུང་ཡོད།

    a.jpg

  •        རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན13གྱིས་ཉེ་ཆར་བརྡ་ཐོ་བཏང་ནས། དཔྱིད་རྨོད་རྫས་ལུད་མཁོ་འདོན་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

  •        ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོའི་ལོ་མཇུག་ཏུ་སླེབས་སྐབས། རང་རྒྱལ་གྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་དུང་ཕྱུར1གི་སྐས་རིམ་ཆེན་པོར་སླེབས་ཡོད།

  •        ཚེས11ཉིན། དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་དང་མི་དམངས་དངུལ་ཁང་གིས《ཚོང་ལས་དངུལ་ཁང་གི་དངུལ་རྩའི་མ་རྩའི་ཉེན་ཁའི་རིགས་དབྱེའི་བྱ་ཐབས》ཁྱབ་བསྒྲགས་བྱས།

  •        ཚེས10ཉིན། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུ་ཡིས་ཀྲུང་ལུགས་སྨན་རྫས་ཐོ་འགོད་དོ་དམ་གྱི་ཆེད་དོན་གཏན་འབེབས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཀྲུང་ལུགས་སྨན་རྫས་ཞིབ་བཟོ་བྱེད་པའི་འབྲེལ་ཡོད་བླང་བྱ་སྔར་བས་ཞིབ་ཚགས་སུ་གཏོང་བ་དང་། ཀྲུང་ལུགས་སྨན་རྫས་གསར་པ་ཞིབ་བཟོ་དང་ཐོ་འགོད་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་རེད།

  •        ཚེས11ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་དོན་ཁང་གིས་དམངས་གཙོ་ཡར་སྐུལ་ཚོགས་པའི་དབང་འཛིན་ལས་ཁུངས་ཀྱིས་བཀག་འགོག་བྱས་པའི་དབང་གིས། ཀྲུང་གོའི་སྐམ་ས་ཆེ་མོའི་ཤིང་ཡུན་ཆོས་དཔོན་ལ་མྱ་ངན་ཞུ་བའི་འཐུས་མི་ཚོགས་པ་ཐའེ་ཝན་དུ་འགྲོ་ཐབས་བྲལ་བ་རེད།

    b.jpg

  •        ས་གནས་དེ་གའི་དུས་ཚོད་ཀྱི་ཚེས11ཉིན་གྱི14:30ཉིན་ཀྲུང་གོ་སྲིད་གཞུང་གིས་ཐུར་ཁེར་རོགས་སྐྱོར་བྱས་པའི་གེགས་སེལ་དངོས་ཟོག་དབྱི་སི་ཐན་པུར་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་བ་རེད།

  •        ཐུར་ཁེ་དང་སི་རི་ཡའི་སྲིད་གཞུང་། དེ་བཞིན་གེགས་སེལ་སྡེ་ཁག་གིས་ཡོངས་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན། ཚེས6ཉིན་གྱི་ཐུར་ཁེའི་ལྷོ་རྒྱུད་དུ་ས་ཡོམ་དྲག་པོ་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་མི་ཁྲི2.4ལྷག་ཙམ་རྐྱེན་ལམ་དུ་ཤོར་ཡོད་པ་རེད།

    c.jpg

  •        ས་གནས་དེ་གའི་དུས་ཚོད་ཀྱི་ཚེས10ཉིན། ཧ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐ་ནར་གཉེར་བའི2023ལོའི་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་པའི་རིམ་གསུམ་རྒྱང་མཆོང་གི་མཐའ་བསྡུར་ནང་། ཀྲུང་གོའི་བདམས་ཐོན་པ་ཧྥང་ཡའོ་ཆིང་གིས་སྨི17.20ཡི་གྲུབ་འབྲས་ཐོག་ནས་ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་རུ་ཁག་ལ་སྐབས་འདིའི་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་དང་པོ་བླངས་པ་རེད།

སྤྱི་ཚོགས།

  • དེ་རིང་ནས་ཚེས14ཉིན་བར། མཁའ་རླུང་ཅུང་གྲང་བའི་ཤུགས་རྐྱེན་ཐེབས་པའི་དབང་གིས་དབུས་ཤར་རྒྱུད་ཀྱི་ས་ཁུལ་མང་ཆེ་བར་ཧྲེ་ཧྲི་ཏུའུ4ནས་8བར་དྲོད་ཚད་ཆག་རྒྱུ་རེད།

  • ཉེ་ཆར་པེ་ཅིང་གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། པེ་ཅིང་གི་ཁག་དང་པོའི་གནས་གཏན་འཁེལ་གྱི་སྨན་ཚོང་ཁང29ཡིས་ཡུལ་གཞན་གྱི་སྨན་བཅོས་འགན་བཅོལ་ཐད་ཀར་རྩིས་རྒྱག་པའི་ཞབས་ཞུ་བཙུགས་ཡོད།

  • ཚེས11ཉིན་གྱི་དུས་ཚོད10:41པར་ཀོང་ཏུང་ཧོ་ཡོན་གྲོང་ཁྱེར་ཡོན་གྲོང་ཁུལ་དུ་ས་ཡོམ་རིམ་པ4.3བརྒྱབ་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྟོང་སྨི་11ཟིན་པ་དང་མི་སྣ་ཤི་རྨས་ཀྱི་སྙན་ཞུ་འབྱོར་མེད། 

  • ཚེས10ཉིན།  རང་རྒྱལ་གྱི་ཆེས་ཟབ་པའི་རང་བྱུང་སོལ་རླངས་ས་ཁུལ་སྟེ། ཐ་ལི་མུའུ་སྣུམ་ཞིང་གི“པོ་ཙི----ཏ་པེ-----ཁི་ཧྲིན་”སོལ་རླངས་ས་ཁུལ་དུ་རིམ་རྩིས་བྱས་ན་རང་བྱུང་སོལ་རླངས་ཐོན་སྐྱེད་བྱས་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར1000ལས་བརྒལ་ཡོད་པ་རེད།

d.png

  • ལོ་གསུམ་ཙམ་རིང་མཚམས་ཆད་པའི་ཆོན་ཀྲོའུ་ནས་ཅིན་མོན་བར་གྱི་འགྲུལ་སྐྱེལ་མཁའ་ལམ་ཚེས10ཉིན་ཤར་གཏོང་ཐུབ་རྒྱུ་རེད།

  • རང་རྒྱལ་གྱི་ཚན་རིག་མཁས་ཅན་ཚོགས་པས་ཉེ་ཆར་རེ་ཡའི་སྐར་ཆུང222ཤེས་རྟོགས་བྱུང་ཡོད།  འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་ཀྱིས་རེ་ཡའི་སྐར་ཆུང་གྲུབ་པའི་དཔེ་དབྱིབས་ལ་འགྲན་སློང་གསར་པ་བཟོས་ཡོད།

  • ཏ་ལེན་མཚོ་དོན་ཅུ་ཡིས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་ནས་ཚེས12ཉིན་གྱི་ཆུ་ཚོད16ནས་ཚེས19ཉིན་གྱི་ཆུ་ཚོད16བར། པོ་ཧའེ་མཚོ་འགག་གི་རྒྱ་མཚོ་སེར་པོའི་བྱང་རྒྱུད་དུ་དམག་དོན་ལས་འགན་སྒྲུབ་པ་དང་འབྲེལ་ཡོད་ས་ཁོངས་སུ་བསྐྱོད་མི་ཆོག་པའི་ཐ་ཚིག་བསྒྲགས་པ་རེད།

  • ཆིང་ཏའོ་སྒོ་གཅན་གྱིས་ཉེ་ཆར་མཚོ་ཐོག་ལྐོག་འདྲེན་གྱི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་ནས་ཉེས་གསོག་དོགས་ཅན་མི11བཟུང་བ་དང་། ལྐོག་འདྲེན་བྱས་པའི་མཚོ་གྲོམ་ཏུན140ལྷག་ཙམ་རྩད་ཆོད་ཅིང་། གྱོད་འབྲེལ་རིན་ཐང་སྒོར་དུང་ཕྱུར2ལས་བརྒལ་ཡོད་པ་རེད།

    e.jpg

  • ཉིན་འགའི་སྔོན།  རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུ་ཡིས་དམག་ཁྱི15དེ་བྱས་རྗེས་ཁྱི་ཁག་དང་པོར་དཔྱད་འདེམས་བྱས་པ་དང་། བྱས་རྗེས་ཁྱི་ཡོད་པའི་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པར་མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པའི་བྱ་དགའ་གནང་ཡོད།

སྲིད་ཇུས།

  • ཀྲེ་ཅང་གིས་བསམ་འཆར་བཏོན་ནས་ཕྲུ་གུའི་ནད་གཞི་བརྟག་དཔྱད་ཚད་ལེན་ཁག26དེ་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ནང་བཅུག་ཡོད།

  • ཀོང་ཏུང་གིས2023ལོའི་ལུས་རྩལ་འབྲིང་རྒྱུགས་ཀྱི་སྐྱེས་པའི་སྨི1000དང་བུད་མེད་ཀྱི་སྨི800དང་། ཆུ་རྐྱལ་དེ་འདེམ་རྒྱུགས་ཀྱི་རྣམ་གྲངས་སུ་ལེགས་སྒྲིག་བྱེད་རྒྱུའི་གཏན་ཁེལ་བྱས་འདུག

  • ཁྲོམ་ཆེན་གྱིས2023ལོའི་དམངས་འཚོའི་བྱ་བ་དངོས་ཀྱི་གསལ་ཐོ་ཁྱབ་བསྒྲགས་བྱས་ནས། ད་ལོའི་སློབ་གྲྭར་འགྲོ་མུས་ཀྱི་བུད་མེད་སློབ་མ་ཁྲི18ལ་རིན་མེད་ངང་རིམས་འགོག་སྨན་ཁབHPVརྒྱག་རྒྱུ་རེད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས།  ཤིན་ཅང་གི་ཐེན་ཧྲན་ས་ཁུལ་དང་ཤིན་ཅང་ལྷོ་རྒྱུད་ཀྱི་གཞོང་ས། བོད་ལྗོངས་བྱང་རྒྱུད་དང་ཤར་ལྷོའི་རྒྱུད། ཧྭ་པེ་ས་ཆ་མང་ཆེ་བ། ཧེ་ལུང་ཅང་གི་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ། ཡང་ན་ཆར་པ་འབབ་རྒྱུ་རེད། དེའི་ཁྲོད།  ཧྲན་ཤིས་ཀྱི་ཤར་ལྷོའི་རྒྱུད་དང་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་དུ་ཁངས་ཆེན་པོ་འབབ་པ་དང་། ཧོང་ཧོའེ་ལྷོ་རྒྱུད་དང་། ཅང་ཧའེ། ཅང་ཧན་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་རེད། དེའི་ཁྲོད། ཨན་ཧུའེ་ལྷོ་རྒྱུད་དང་ཅང་ཤིས་ཀྱི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་འབབ་རྒྱུ་རེད།

    f.jpg


མཉམ་སྤྱོད།