དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་གྱི་ཕོ་གཞོན་ཞིག་གིས་ཐུར་ཁེའི་ས་ཡོམ་ཁུལ་དུ་སྐད་སྒྱུར་བྱེད་ཀྱིན་འདུག

2023-02-12 10:52:08   |   149

སྒྲིག་སྒྱུར།  སངས་དོན།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


ད་ལོ་ལོ30ཡིན་པའི་མཱ་ཅ་ཡའོ་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་མེན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཁྲོན་ཁོའུ་གྲོང་རྡལ་ཧྥེ་ལིང་གྲོང་ཚོའི་མི་རེད། ཁོང་ནི2014ལོར་དབྱི་སི་ཐན་པུར་སློབ་ཆེན་དུ་སློབ་སྦྱོང་བྱེད་པར་ཕྱིན་པ་དང་། སློབ་མཐར་ཕྱིན་རྗེས་ས་གནས་དེ་གར་ལས་ཀ་བྱས་ནས་ཚོང་དོན་ལས་རིགས་གཉེར་བ་དང་། ཐུར་ཁེའི་ཁྱད་ལྡན་ཐོན་རྫས་ཀྲུང་གོར་ཕྱིར་འཚོང་བྱེད་བཞིན་ཡོད། 

9.jpg

ཐུར་ཁེ་དང་སི་རི་ཡའི་རྒྱལ་མཚམས་སུ7.8གྱི་ས་ཡོམ་དྲག་པོ་བརྒྱབ་རྗེས། དབྱི་སི་ཐན་པུར་དུ་ཡོད་པའི་མཱ་ཅ་ཡའོ་ཡིས་མ་སྐུལ་དང་བླངས་ངང་། པེ་ཅིང་གི་དུས་ཚོད་ཟླ2ཚེས10ཉིན་གྱི་ཆུ་ཚོད23:20སྟེང་མ་ལ་ཏི་ཡའི་ཀྲུང་གོའི་ལན་ཐེན་རོགས་སྐྱོབ་རུ་ཁག་གི་སྒར་སར་འབྱོར་ནས་རོགས་སྐྱོབ་རུ་ཁག་ལ་སྐད་སྒྱུར་བྱས།


མཉམ་སྤྱོད།