དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀྲུང་གོར་འཚམས་འདྲིར་ཕེབས་རྒྱུ་རེད།

2025-07-21 16:46:10   |   347

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།     བཤེར་འབེབས།   རིན་ཆེན་ཚེ་རིང་།


ཤིན་ཧྭ་གསར་འགྱུར་ཁང་གི་ཟླ7པའི་ཚེས21ཉིན་གྱི་གློག་འཕྲིན། ཕྱི་འབྲེལ་པུའི་གཏམ་བཤད་པའི་ཟླ7པའི་ཚེས21ཉིན་ཁྱབ་བསྒྲགས་བྱས་དོན། ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་ཀྱིས་གྲོལ་མོལ་བྱས་པ་བརྒྱུད། ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁི་སུ་ཐ་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥིང་ཏི་ལར་ཨུན་གཉིས་ཟླ7པའི་ཚེས24ཉིན་ཀྲུང་གོར་འཚམས་འདྲིར་ཕེབས་རྒྱུ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་ཁི་སུ་ཐ་དང་ཧྥིང་ཏི་ལར་ཨུན་གཉིས་ལ་མཇལ་འཛོམས་གནང་རྒྱུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཡོ་རོབ་མནའ་འབྲེལ་གྱི་ཀྲུའུ་ཞི་གཉིས་དང་མཉམ་དུ་ཐེངས་ཉེར་ལྔ་པའི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་མགོ་ཁྲིད་ཀྱི་གྲོས་མོལ་ལ་མགོ་འཛིན་གནང་རྒྱུ་རེད།


མཉམ་སྤྱོད།