དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས། ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་།

2025-07-22 15:15:30   |   596

སྒྲིག་སྒྱུར། སངས་དོན། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ7པའི་ཚེས21ཉིན། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་སྐབས་བཅུ་གསུམ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས96པ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་དེ་བཞིན་ཀྲུང་དབྱང་དང་ཞིང་ཨུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་ལག་བསྟར་དོན་འཁྱོལ་ལས་དོན་བཀོད་སྒྲིག་བྱས།

1.jpg

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཞི་རུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་དམིགས་ནས་ཞིབ་འཇུག་སློབ་སྦྱོང་བྱེད་སྟངས་གསར་གཏོད་དང་། མཚོ་བྱང་གི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་མིག་དཔེ་བཏོད་དེ་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་སྤུས་རྟགས་མུ་མཐུད་དུ་གཏོད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་ཀྱི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ། བདེ་འཇགས་ཀྱི་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བྱེད་པ་དང་། ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་དང་། ཞན་ཆ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་མཐར་ཕྱིན་བྱེད་པ། ཆད་ལུས་མཐའ་གཅིག་ཏུ་མེད་པར་བཟོ་དགོས། ཏང་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་ནན་དུ་གཏོང་བ་དང་། སློབ་སྦྱོང་སློབ་གསོར་དམ་འཛིན་ནན་པོ་དང་ཏན་ཏིག་བྱེད་པ། ཕྱི་ཚུལ་རིང་ལུགས་རྒྱུན་མཐུད་བཅོས་སྒྲིག་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་ནས་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་ཞིག་གཏོད་དགོས།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། གྲོས་དོན་མཐུན་སྦྱོར་སྒྲིག་གཞིའི་འགན་འཁྲིའི་ངེས་གནས་ཁོང་དུ་ཆུད་པར་བྱས་ཏེ། ལྟེ་བའི་ལས་འགན་ལ་དམིགས་ནས་དོན་ཆེན་སྒྲུབ་པ་དང་། དོན་ཆེན་གྲོས་བསྡུར་བྱེད་པ། དོན་ཆེན་དམ་འཛིན་བཅས་བྱས་ཏེ་ལས་དོན་གལ་ཆེན་གྱི་རྩེ་རིམ་ཇུས་འགོད་དང་། སྤྱི་འདོམས་མཐུན་སྦྱོར། སྤྱི་ཡོངས་སྐུལ་འདེད། དོན་འཁྱོལ་ལ་སྐུལ་འདེད་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་ཞིང་ཨུའི་ལས་དོན་བཀོད་སྒྲིག་ཆད་ལུས་མེད་པར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས།

2.jpg

ཚོགས་འདུའི་ཐོག་བསྟན་དོན། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་ཞིང་ཨུའི་དངུལ་རྩ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག་གན་རྒྱ་བཞག་པའི་རྣམ་གྲངས་དོན་འཁྱོལ་བྱ་རྒྱུ་དེ“ལས་གྲྭ་ཨང་དང་པོར”བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་། ས་ཆ་དང་ཞིབ་མཆན་འགོད་པ་སོགས་ཀྱི་འགག་གནད་སེལ་ཏེ་རྣམ་གྲངས་སྔ་ཙམ་གྱིས་ཐོན་སྐྱེད་བྱས་ནས་ཕན་འབྲས་ཐོན་རྒྱུའི་འགན་ལེན་བྱེད་དགོས། དངུལ་རྩའི་ཉེན་ཁའི་སྔོན་བརྡ་གཏོང་བའི་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ལས་དོན་སྤྱི་འདོམས་ཡག་པོ་བསྒྲུབས་ནས་ཁྲིམས་འགལ་སྒྲིག་འགལ་གྱི་དངུལ་རྩའི་བྱེད་སྒོ་སྣ་ཚོགས་ལ་རྡུང་རྡེག་ནན་པོ་གཏོང་བ་དང་། ས་ཁོངས་རང་བཞིན་དང་མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་ཐོན་པའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་གྲོང་ཁྱེར་ལས་དོན་གྱི་སྤྱིའི་བླང་བྱ་དང་། རྩ་དོན་གལ་ཆེན། ལས་འགན་གཙོ་བོ་བཅས་ཁོང་དུ་ཆུད་པར་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་མཁར་གྲོང་འཛུགས་སྐྲུན་ལ་འཕྲད་པའི་དུས་བབ་གསར་པ་དང་གནད་དོན་གསར་པ་ཐག་གཅོད་ཡག་པོ་བྱེད་དགོས། གནས་སྐོར་དང་སྐྱེ་ཁམས། གསར་བརྗེའི་མཁར་གྲོང་གསར་འཛུགས་བཅས་ལ་དམིགས་ནས་ཚན་རིག་དང་མཐུན་པའི་སྒོ་ནས“ལྔ་ཚན་བཅོ་ལྔ་པའི”མཁར་གྲོང་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་བ་དང་། མཁར་གྲོང་གི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ཐབས་ལམ་ཁ་གསལ་བཟོ་བ་དང་། མཁར་གྲོང་ལེགས་བསྡུས་ཞིབ་གཉེར་དང་ནུས་ཆེའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། མི་རྩ་བར་འཛིན་པའི་རྣམ་པ་གསར་པའི་མཁར་གྲོང་འཐབ་ཇུས་ཀྱི“བྱ་སྤྱོད་ཆེན་པོ་དྲུག”ལག་བསྟར་གཏིང་ཟབ་བྱས་ཏེ་སྡེ་ཁུལ་གྱི་རྒན་གསོ་དང་། བུ་བཅོལ། སྨན་བཅོས་སོགས་གཞི་རྩའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ། མཁར་གྲོང་འཚོ་བའི་ཞབས་ཞུ་སྤུས་ཚད་མཐོ་བ་དང་སྣ་མང་ཅན་དུ་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཐོག་བསྟན་དོན། ཨུ་ཡོན་ཀྲང་ཀྲའོ་ལེ་ཅིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་སོགས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དཀའ་གནད་ལ་དམིགས་ནས་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་འགན་ནུས་སྤྱད་དེ་ཁྲིམས་འཛུགས་ཀྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས། “ལས་ཁུངས་བཞི”ཡི་ངེས་གནས་བླང་བྱ་གཞིར་བཟུང་མི་དམངས་འཐུས་ཚོགས་རང་ངོས་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།

3.jpg

ཚོགས་འདུའི་ཐོག་ཀྲུང་དབྱང་གི་སྐོར་ཞིབ་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་ཏན་ཏིག་གཏོང་བ་དང་། ཀྲུང་དབྱང་གི་སྐོར་ཞིབ་བཀོད་སྒྲིག་ལ་མཐའ་གཅིག་ཏུ་བརྩི་སྲུང་ཞུ་བ། རང་རྟོགས་ངང་སྐོར་ཞིབ་དང་ལེན་དང་རང་འགུལ་ངང་སྐོར་ཞིབ་ལ་གཞོགས་འདེགས་བཅས་བྱེད་དགོས། ཧྲན་ཏུང་དང་མཚོ་སྔོན་གྱི་ལས་དོན་བཞུགས་མོལ་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཧྲན་ཏུང་ཞིང་ཆེན་དང་འབྲེལ་གཏུག་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་མཚོ་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་བརྗེ་རེས་སོགས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་གཙོ་བོས་བཏོན་པའི་ལས་ཀའི་བླང་བྱ་ལྟར། རེ་རེ་བཞིན་དོན་འཁྱོལ་དམ་འཛིན་དང་། རེ་རེ་བཞིན་དོན་འཁྱོལ་དང་ཕན་འབྲས་ཐོན་པར་བྱེད་དགོས་ཞེས་བླང་བྱ་བཏོན།

ཚོགས་འདུའི་ཐོག་ལོ་སྟོད་ཀྱི་ཁུལ་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་དང་། འདུ་ཤེས་འཛིན་སྟངས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་སྤེལ་ཚུལ་བཅས་ཀྱི་སྙན་ཞུར་ཉན་པ་མ་ཟད། ད་དུང་ལས་དོན་གཞན་དག་ལ་ཞིབ་འཇུག་ཀྱང་བྱས།


མཉམ་སྤྱོད།