དེ་རིང་ནི2025ལོའི་ཟླ08པའི་ཚེས03ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་ཧྲན་ཏུང་ཞིང་ཆེན་གྱི་མཚོ་སྐྱོར་ལས་བྱེད་འཇོན་མི་ཁག་ལྔ་པ་སྐྱེལ་མ་བྱེད་པའི་ཚོགས་འདུ་བསྡུས།

2025-08-01 14:54:03   |   183

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ7པའི་ཚེས28ཉིན་གྱི་ཕྱི་དྲོར། ཧྲན་ཏུང་ཞིང་ཆེན་གྱི་མཚོ་སྐྱོར་ལས་བྱེད་འཇོན་མི་ཁག་ལྔ་པའི་སྐྱེལ་མ་བྱེད་པའི་ཚོགས་འདུ་ཟི་ལིང་འཇོན་མིའི་ལས་ཤག་ཏུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་ཕེབས་པ་དང་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་། མཚོ་སྐྱོར་ལས་བྱེད་པ་ཁག་ལྔ་པའི་སྣེ་ཁྲིད་པའམ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ཡིས་གསུང་བཤད་གནང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆན་གོ་ཆིན་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲུང་ཀྲི་ཅུན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་རྩ་འཛུགས་པུའི་པུ་ཀྲང་སི་ཅི་ཧྲིན་ཚོགས་འདུར་ཕེབས།

1.jpg

ཤ་བོ་སྐྱབས་ཀྱིས་བསྟན་དོན། ཁ་གཏད་རོགས་སྐྱོར་བྱ་བ་སྤེལ་བ་ནས་བཟུང་ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་མཐོང་ཆེན་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱེད་པའི་མཐོ་ཚད་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་། ཁ་གཏད་རོགས་སྐྲུན་གྱི་མཚོ་བྱང་གི་ལས་འགན་གལ་ཆེན་རང་འགུལ་ངང་འཁུར་ཏེ་ངོས་འཛིན་དེ་བས་མཐོ་བ་དང་འགན་འཁྲི་སྔར་ལས་ཆེ་བ། བྱས་རྗེས་སྔར་ལས་ལེགས་པ་བཅས་ཀྱི་ཐོག་ནས་སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་མཚོ་སྐྱོར་ཁ་གཏད་བྱ་བ་སོ་སོ་ལེགས་པར་བསྒྲུབས་པས་མཚོ་བྱང་གི་ས་གཞི་ཆེན་པོར་ཁ་གཏད་རོགས་སྐྱོར་བྱེད་པའི་གྲུབ་འབྲས་མང་པོ་ཐོན་ཡོད། གྲུབ་འབྲས་དེ་དག་གི་རྒྱབ་ཏུ་མཚོ་སྐྱོར་ལས་བྱེད་པས་ཏན་ཏན་ཏིག་ཏིག་དང་། དམ་འཛིན་དངོས་སྒྲུབ། ཕན་འབྲས་དོན་གཉེར་བཅས་ཀྱི“མཚོ་བྱང་དངོས་སྒྲུབ”ལག་ལེན་ཧུར་ཐག་བྱས་པས་མི་སེམས་ལ་དྲོད་ཁོལ་སྦྱིན་པ་དང་དམངས་སེམས་གཅིག་ཏུ་སྒྲིལ་བ། ཡིད་ཆེས་འཕེལ་བར་བྱས་ཡོད་ཟེར།

2.jpg

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ལོ་གསུམ་རིང་མཚོ་སྐྱོར་ལས་བྱེད་འཇོན་མི་ཁག་ལྔ་པས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཚད་མཐོའི་འགན་འཁྲིའི་འདུ་ཤེས་དང་ལས་འགན་འདུ་ཤེས་ཐོག་ནས་མཚོ་བྱང་བཅོས་སྒྱུར་གོང་འཕེལ་བརྟན་ལྷིང་གི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་རང་འགུལ་ངང་མཉམ་འདྲེས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་ཆེས་མངོན་གསལ་དོད་ཤོས་དང་ཆེས་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ནས། ཐོན་ལས་འཕེལ་རྒྱས་དང་དམངས་འཚོ་ལེགས་སྒྱུར། སྐྱེ་ཁམས་སྲུང་སྐྱོབ། རྨང་གཞིའི་འཛུགས་སྐྲུན་བཅས་གཙོ་རྒོལ་གྱི་ཁ་ཕྱོགས་སུ་བརྩིས་ནས་དངོས་གནས་དང་ཕན་འབྲས་ལྡན་པའི་ལས་དོན་འབོར་ཆེན་བསྒྲུབས་ཡོད། དུས་རབས་གསར་པའི་མགོ་ཚུགས་སར་ལངས་ནས། མཚོ་བྱང་གསར་པ་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་སྔར་བས་གཟི་བརྗིད་ལྡན་པ་དང་། ལས་འགན་སྔར་བས་དཀའ་ཚེགས་ཆེ་བས་མཚོ་སྐྱོར་ལས་བྱེད་འཇོན་མིའི་མུ་མཐུད་འབྲེལ་གཏུག་ཡག་པོ་བྱས་ཏེ་རོགས་སྐྱོར་ཐོབ་མཁན་ཕྱོགས་གཉིས་ཀྱི་བརྗེ་རེས་མཉམ་ལས་ལ་སྟེགས་བུ་གསར་པ་འཛུགས་རྒྱུའི་རེ་བ་ལྷག་བསམ་ཟོལ་མེད་པ་དང་། མུ་མཐུད་མཐུན་སྦྱོར་པ་ཡག་པོ་བྱས་ནས་ལེགས་ཆའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་མཚོ་བྱང་གི་ཕྱི་ཕྱོགས་མཉམ་ལས་ཀྱི་གོ་སྐབས་གསར་པ་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་བ། མུ་མཐུད་དྲིལ་སྒྲོག་པ་ཡག་པོ་བྱས་ཏེ་རང་འགུལ་ངང་མཚོ་བྱང་དྲིལ་སྒྲོག་དང་ངོ་སྤྲོད་བྱས་ཏེ། མཚོ་བྱང་གིས་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་ཕྱི་ཕྱོགས་ལ་བརྗེ་རེས་མང་དུ་གཏོང་ཆེད་ལེགས་སྐྱེས་གསར་པ་དབུལ་རྒྱུའི་རེ་བ་ཡོད་ཟེར།

3.jpg

གཏམ་བཤད་གནང་སྐབས་ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚབ་ཞུས་ཏེ་ཁ་གཏད་རོགས་སྐྲུན་གྱི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱུང་པ་དང་། མཚོ་བྱང་གི་བྱ་གཞག་སོ་སོའི་འཕེལ་རྒྱས་ཆེད་ལེགས་སྐྱེས་ཕུལ་མཁན་ཧྲན་ཏུང་ཞིང་ཆེན་མཚོ་སྐྱོར་ལས་བྱེད་འཇོན་མི་ཁག་ལྔ་པར་བླ་ན་མེད་པའི་གུས་འདུད་ཞུས་པར་མ་ཟད། ཁོ་ཚོ་བརྒྱུད་ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཝེ་ཧའེ་དང་ལིན་དབྱི། ལུའོ་ཁྲིན། པིན་ཀྲོའུ་གྲོང་ཁྱེར་ཏང་ཨུ། གྲོང་ཁྱེར་སྲིད་གཞུང་བཅས་དང་ཧྲན་ཏུང་ཞིང་ཆེན་གྱི་སྡེ་ཁག་སོ་སོས་ལོ་མང་པོའི་རིང་མཚོ་བྱང་ལ་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་གནང་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུས།

4.jpg

ཀྲང་ཧྲིང་ཡོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་མཚོ་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁག་ལྔ་པའི་མི་སྣས་མཚོ་བྱང་གི་འཕེལ་རྒྱས་ཆེད་དཀའ་སྤྱད་འབད་བརྩོན་དང་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་སྙིང་དབུས་ནས་བཀའ་དྲིན་ཞུས་པ་དང་བླ་ན་མེད་པའི་གུས་འདུད་ཞུས།  མཚོ་སྔོན་རོགས་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་སྔར་རྒྱུན་བཞིན་མཚོ་བྱང་གི་འཕེལ་རྒྱས་ལ་ཐུགས་ཁུར་དང་དོ་སྣང་། རྒྱབ་སྐྱོར་བཅས་བྱས་ཏེ་མཚོ་བྱང་གི་འཕེལ་རྒྱས་ལ་བློ་གྲོས་དང་སྟོབས་ཤུགས་སྔར་ལས་མང་པོ་གཅིག་བསྡུས་བྱེད་པར་མ་ཟད་རྒྱུན་དུ"རང་ཁྱིམ"དུ་བལྟ་རུ་ཡོང་བའི་རེ་བཏོན།

རུང་ཧུང་ཀྲི་ཡིས་མཚོ་སྐྱོར་ལས་བྱེད་འཇོན་མི་ཁག་ལྔ་པའི་མི་སྣ་ཡོངས་ཀྱི་ཚབ་ཞུས་ནས་ལོ་གསུམ་རིང་མཚོ་བྱང་དུ་གཞི་ཚུགས་པ་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ། འབད་འབུངས་ཡར་བརྩོན་གྱི་གསོན་ཉམས་ལྡན་པའི་རྣམ་པ་ཕྱོགས་སྡོམ་བྱས་ནས་མཚོ་བྱང་འཕེལ་རྒྱས་གཏོང་ཆེད་སེམས་ཤུགས་དང་རྔུལ་ཆུ་བཏོན་ནས་ཐོབ་པའི་གྲུབ་འབྲས་ལ་སྙིང་དབུས་ནས་བཀའ་དྲིན་ཞུས་པར་མ་ཟད། མཚོ་བྱང་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ལོ་གསུམ་རིང་མཚོ་སྐྱོར་ལས་བྱེད་འཇོན་མིའི་བྱ་བའི་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་། འཚོ་བའི་ཐད་སེམས་ཁུར་དང་གཅེས་སྐྱོང་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཞུས།

5.jpg

ཧོ་པིན་དང་ཀང་ཧྥུ། དེ་བཞིན་རྫོང་སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན། རྩ་འཛུགས་པུའི་པུ་ཀྲང་བཅས་དང་ཧྲན་ཏུང་ཞིང་ཆེན་གྱི་མཚོ་སྐྱོར་ལས་བྱེད་ཁག་ལྔ་པའི་འཇོན་མི་ཡོངས་སྐྱེལ་མའི་ཚོགས་འདུར་ཞུགས།


མཉམ་སྤྱོད།