དེ་རིང་ནི2025ལོའི་ཟླ08པའི་ཚེས03ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྱི་རྒྱ་སྐྱེད་ཚོགས་འདུ་འཚོགས།

2025-08-02 13:24:07   |   428

རྩོམ་སྒྲིག   སངས་དོན།     ཡོང་ཁུངས།  མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ8པའི་ཚེས1ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི(རྒྱ་སྐྱེད)ཚོགས་འདུ་འཚོགས་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་ཆེད་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

01.jpg

ཚོགས་འདུའི་ཐོག་བསྟན་དོན།    ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་ཐེངས་གསུམ་པ་གནང་ནས་ལོ་གཅིག་འཁོར་བ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་དུས་མཚམས་གལ་ཆེན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏན་ཏིག་སྤེལ་བའི་གནད་འགག་གི་དུས་རིམ་དང་ཀྲུང་དབྱང་གིས་མཚོ་སྔོན་ལ་སྐོར་ཞིབ་བྱེད་པའི་དུས་ཚོད་གལ་ཆེན་ནང་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ཞིང་། ཞིང་ཆེན་ཏང་ཨུས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཆད་ལྷག་མེད་པར་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་གསལ་སྟོན་གང་ལེགས་བྱས་པ་དང་།  “བཀའ་དྲིན་ཚོར་བ་དང་བརྩེ་སེམས་ལྡན་པ། དངོས་སྒྲུབ་གཙོར་འཛིན”གྱི་ཁ་ཕྱོགས་གསལ་པོ་བརྒྱུད་སྤྲོད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ“སྤྱོད་ཚུལ་བཟང་པོའི་ཐོག་ནས་བགྲོད་ལམ་གསར་བར་འབད་པས་བསྐྱོད་པ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུའི”དྲན་སྐུལ་གྱི་དུང་བརྡ་བཏང་ཡོད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས“བཀའ་དྲིན་ཚོར་བ་དང་བརྩེ་སེམས་ལྡན་པ། དངོས་སྒྲུབ་གཙོར་འཛིན”གྱི་ཁ་ཕྱོགས་གསལ་བོར་གོ་བ་གཏིང་ཟབ་ལེན་དགོས་ཤིང་། “ཕྱོགས་ཚད་བཞིའི”གནས་བབ་བརྡར་གཅོད་བྱེད་པར་ཕྱོགས་ཡོངས་ནས་གོ་བ་ལེན་དགོས། “ཕྱོགས་བཞིའི”ངོས་འཛིན་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱེད་པ་དང་། “འབྲེལ་བ་ཆ་བཞིའི”ནང་གནས་གཏན་ཚིགས་གནད་འཁེལ་སྒོས་གསལ་བོར་བཟོ་བ། “ལས་འགན་ལྔའི”ལག་ལེན་ཐབས་ལམ་གནད་འཁེལ་སྒོས་ཁོང་དུ་ཆུད་པ་བཅས་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མཚོ་བྱང་དུ་གཏིང་ཟབ་ཏན་ཏིག་སྤེལ་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

02.jpg

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པའི་ཁྲོད་ངོས་འཛིན་གཏིང་ཟབ་ཏུ་གཏོང་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་བྱེད་པོའི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ་དང་སློབ་སྦྱོང་བཀོད་སྒྲིག་ཞིབ་ཚགས་བྱེད་པ། སྒྲིག་འཛུགས་ཞིབ་ཚགས་དང་བརྒྱུད་སྒྲོག་བྱེད་པ། བྱ་བའི་བྱེད་ཐབས་ཞིབ་ཕྲ་བཟོ་བ་བཅས་བྱས་ཏེ་བསམ་བློ་དང་བྱ་སྤྱོད་མགྱོགས་མྱུར་སྒོས་ཞིང་ཆེན་ཏང་ཨུའི་བླང་བྱ་གལ་ཆེན་ཐོག་གཅིག་གྱུར་བྱེད་པ་དང་། བྱ་བའི་དམིགས་འབེན་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཐོག་སླེབས་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་སྔོན་ལ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁོང་དུ་ཆུད་པར་བྱས་ཏེ། “1+10”གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བའི་ལམ་སྲོལ་དོན་འཁྱོལ་ནན་མོ་བྱེད་པ་དང་། གཞི་རིམ་དང་གནས་སྦྲེལ་ས་ཁུལ་ལ་ཟབ་ཞུགས་བྱས་ཏེ། ཕྱོགས་ཡོངས་ནས་སྒྲོག་འགྲེལ་དང་མཛུབ་སྟོན་སྒོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དུས་ཐོག་ཏུ་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བརྒྱུད་སྒྲོག་བྱེད་དགོས། དྲིལ་སྒྲོག་སྡེ་ཁག་གིས་དྲ་ཐོག་དང་དྲ་ཕྱིའི་གཙོ་རྒྱུག་སྨྱན་སྦྱོར་གྱི་དྲིལ་སྒྲོག་གཡུལ་ས་དང་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ཏང་ཡོན་ཡོངས་དང་རྒྱ་ཆེའི་ལས་བྱེད་པ་ཡོངས་ཀྱི་ཁྲོད་དུ་བརྒྱུད་སྒྲོག་ཏན་ཏིག་བྱས་ནས་ཕྱོགས་ཡོངས་ལ་ཁྱབ་པ་དང་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། མི་སེམས་ལ་གསལ་བོར་འཇོག་དགོས་ཟེར།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བའི་ཁྲོད་སྙིང་སྟོབས་ཆེ་རུ་གཏོང་དགོས། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་ཕྱོགས་ཚད་བཞིའི་ཐོག་ནས་འཕེལ་རྒྱས་དང་སྤྱོད་ཚུལ་ལ་ལྟ་བའི་བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་དགོས་ཤིང་། སྤྱོད་ཚུལ་འཛུགས་སྐྱོང་ནི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཡིན་པ་དང་སྤྱོད་ཚུལ་དམ་འཛིན་བྱ་རྒྱུ་ནི་འཕེལ་རྒྱས་དམ་འཛིན་བྱེད་པ་ཞིག་ཡིན་པ། སྤྱོད་ཚུལ་གྱི་གནད་དོན་ནི་མཚོ་སྔོན་གྱི་དམིགས་བསལ་མཚོན་ཚུལ་ཞིག་ཡིན་པ།  སྤྱོད་ཚུལ་འཛུགས་སྐྱོང་ནི་ནམ་ཡང་ལམ་དུ་ཡོད་པ་བཅས་ཀྱི་ངོས་འཛིན་གསལ་བོ་བྱས་ཏེ། སྤྱོད་ཚུལ་གྱི་འགྱུར་ལྡོག་ཆེན་པོའི་ཐོག་ནས་སྐྱེ་ཁམས་དཔལ་ཡོན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། དམངས་འཚོའི་བདེ་སྐྱིད། མི་རིགས་མཐུན་སྒྲིལ་ཡར་ཐོན། སྙིང་སྟོབས་ཀྱི་བཙན་ས་བསྐྲུན་པ། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་བཅས་ཀྱི་ཐད་གྲུབ་འབྲས་གསར་བ་བླངས་ཏེ་སྐས་རིམ་གསར་བར་བསྐྱོད་པ་དང་། ཆུ་ཚད་གསར་བར་སླེབས་པ་དང་འཕེལ་རིམ་གསར་བ་མངོན་འགྱུར་བྱེད་པ། རྣམ་པ་གསར་བ་མངོན་པ་བཅས་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཚོ་བྱང་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ནས་འབྲས་བཟང་ཐོན་རྒྱུར་སྔར་ལས་ལྷག་པའི་སྐུལ་འདེད་ལེགས་པོ་གཏོང་དགོས་ཟེར།

03.jpg

ཚོགས་འདུས་དཔེ་བསྡུར་ཚད་འཛིན་ཁྲོད་དོན་འཁྱོལ་དམ་འཛིན་ནན་མོ་བྱེད་དགོས། “གཏོར་བ”དང“འཛུགས་སྐྱོང” “གོང”དང“འོག” “ཡན་ལག”དང“རྩ་བ” “ཕྱི”དང“ནང”བཅས་བར་གྱི་ནང་གནས་གཏན་ཚིགས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། “ལྔ་བཅུ་བཞི”མཇུག་སྒྲིལ་ལོའི་འགག་རྩའི་དུས་སྐབས་ལ་དམ་པོར་དམིགས་ཏེ། རང་འགུལ་ངང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལ་དཔེ་བསྡུར་བྱས་ནས། “ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ”དང“མཚོ་བྱང་ལྔ"འཛུགས་སྐྲུན་གྱི་ལས་འགན་ལ་དམིགས་ནས་བྱ་བའི་འགན་འཁྲི་སྲ་བརྟན་དུ་གཏོང་བ་དང་། སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་དགོས། ཚན་རིག་དང་མཐུན་པའི་སྒོ་ནས“ལྔ་བཅོ་ལྔའི”འཆར་འགོད་ཡག་པོ་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་དང་འབྲུབ་འགོག་གེགས་སེལ། ཐོན་སྐྱེད་བདེ་འཇགས། སློབ་སྦྱོང་སློབ་གསོ། སྐོར་ཞིབ་བཅོས་སྒྲིག་སོགས་ལས་འགན་གལ་ཆེན་ཁག་གཅིག་གྱུར་གྱིས་དམ་འཛིན་བྱས་ནས། ནུས་ཤུགས་ཡོད་རྒུས་ལས་གཞི་དམ་འཛིན་དང་བཅོས་སྒྱུར་ལ་སྐུལ་འདེད། ཁོར་ཡུག་ཇེ་ལེགས་སུ་གཏོང་བ། དམངས་འཚོར་ཕན་པ། ལས་ཞུགས་བརྟན་ལྷིང་། བདེ་འཇགས་འགན་སྲུང་། བརྟན་ལྷིང་སྲུང་སྐྱོབ་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་མངོན་པར་བྱེད་དགོས་པའི་བླང་བྱང་བཏོན།


མཉམ་སྤྱོད།