དེ་རིང་ནི2025ལོའི་ཟླ08པའི་ཚེས03ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་འཚོགས་པ།

2025-08-02 19:33:20   |   160

རྩོམ་སྒྲིག ཁོན་ཐར་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


01.jpg

ཟླ7པའི་ཚེས29ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་ཟི་ལིང་དུ་འཚོགས། ཚང་འཛོམས་གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་བ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། “སྔར་ལས་གནད་ཁེལ་ལྔ”ཡི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཕན་འབྲས་སྲ་བརྟན་དུ་བཏང་ཞིང་། དྲིན་ཚོར་ཡར་བརྩོན་དང་དངོས་སྒྲུབ་སྔོན་བརྩོན་སྒོས་སྤྱོད་ཚུལ་ལེགས་པོར་བརྟེན་ནས་འཐབ་ལམ་གསར་པར་འབད་པས་བསྐྱོད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ངར་ཤུགས་ཆེན་པོས་མདུན་དུ་སྤེལ།

ཚང་འཛོམས་གྲོས་ཚོགས་ལ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མགོ་འཛིན་བྱས། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་དང་པོའི་མགོ་གཙོ་ལི་ཅིན་པིན་དང་། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་བཅུ་གཅིག་པའི་མགོ་གཙོ་ཀྲང་ཆན། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་དང་པོའི་མགོ་གཙོ་གཞོན་པ་ཡུས་ཝེ་ཕིང་དང་འབྲེལ་ཡོད་ཁོངས་མི་བཅས་ཚོགས་འདུར་ཞུགས་ནས་མཛུབ་སྟོན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ལུའོ་ཏུང་ཁྲོན་གྱིས་ལོ་སྟོད་ཀྱི་དཔལ་འབྱོར་བྱ་བ་སྤྱི་སྡོམ་དང་ལོ་སྨད་ཀྱི་དཔལ་འབྱོར་བྱ་བ་བཀོད་སྒྲིག་བྱས། ལིའུ་ཆི་ཧྥན་དང་ལིའུ་མེ་ཕིན། ཝང་ཝེ་ཏུང་། ཀྲང་ཅིན་ཀང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། ཝང་ཏ་ནན། ཝུའུ་ལ་ཙི་པེ་ཁོ·རི་སུའུ་ལི་ཧན། པད་གོ  ཀྲུའུ་ཞང་ཧྥེང་། དབྱང་ལུང་ཞི། ཧི་ལུའུ་ཁྲུན་བཅས་དང་། ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་རྣམས་ཚོགས་འདུར་ཞུགས།

ཚང་འཛོམས་གྲོས་ཚོགས་ཀྱིས་བལྟས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་གཏན་འབེབས་དང་དངོས་འབེབས་བྱེད་པ་ནས་མགོ་རྩོམ་འགག་བརྟོལ་བྱས་པ་དང་། ཁ་དན་ཚིག་གནས་ཀྱི་བྱ་སྤྱོད་ལས་དུས་རབས་ཀྱི་གོམས་སྲོལ་ལེགས་སྒྱུར་བྱས་ཏེ། དེང་རབས་ཀྲུང་གོ་འདི་ཉིད་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས། རིག་གནས་དང་རྒྱལ་ཁབ་བཅོས་སྐྱོང་སོགས་ཀྱི་ཐད་དུ་འགྱུར་ལྡོག་ཆེན་པོ་འབྱུང་བར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་བརྗོད་དོན་གཙོ་བོ་དང་བྱ་བའི་གཙོ་ཐིག་ཏུ་བརྩིས་ཏེ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་གྱི་སྣེ་ཁྲིད་དེ་བསམ་བློའི་རྣམ་པ་བཟང་པོ་དང་བྱ་བའི་སྤྱོད་ཚུལ་ལེགས་པོར་བརྟེན་ནས། མཚོ་སྔོན་འཕེལ་རྒྱས་ཀྱི་སྐས་རིམ་གསར་པར་བསྐྱོད་པར་སྐུལ་འདེད་བཏང་།  ལྷག་པར་དུ་ན་ནིང་གི་ཟླ4པར་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་ཀྱིས་དག་ཐེར་བྱས་པའི་ཚུན་དུ། ཞིང་ཆེན་ཏང་ཨུས་རྒྱུན་ལྡན་ལས་འདས་པའི་ཆོད་སེམས་ལ་བརྟེན་ནས་འགན་འཁྲི་དོན་འཁྱོལ་དམ་འཛིན་དང་། ལས་གཞི་ལེགས་སྒྱུར་དམ་འཛིན། དམངས་འཚོའི་དངོས་དོན་བསྒྲུབས་པ་བཅས་བྱས་པས། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མུ་མཐུད་དུ་ཇེ་མཐོར་སོང་ལ། ཏང་སྲོལ་སྲིད་སྲོལ་བསྟུད་མར་ཇེ་ལེགས་སུ་ཕྱིན་པའི་སྣང་ཚུལ་གསར་པ་དངོས་སུ་ཚོར་ཡོད་པར་འདོད།

ཚང་འཛོམས་གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། བྱ་གཞག་འགྲུབ་མིན་དེ་གཙོ་བོ་ཏང་དང་། མི་སྒེར། སྤྱོད་ཚུལ་བཅས་ལ་རག་ལས་ཡོད། དུས་རབས་གསར་པའི་མཚོ་སྔོན་གྱི་ལས་བྱེད་པས་ལོ་རྒྱུས་ཀྱི་ལངས་གནས་གསར་པ་དང་། ལས་འགན་གྱི་བླང་བྱ་གསར་པ། འཐབ་ཇུས་ཀྱི་ལས་འགན་གསར་པ། འགན་འཁྲིའི་ཁག་ཁུར་གསར་པ་བཅས་ཀྱི་མཐོ་ཚད་ནས། སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་ཁུར་སེམས་དངོས་སུ་ཇེ་དྲག་ཏུ་གཏོང་བ་དང་། དྲིན་ཤེས་པ་དང་བརྩེ་སེམས་ཡོད་པ། དངོས་སྒྲུབ་ལ་གཞོལ་བ་བཅས་སེམས་ཀྱི་གཏིང་དུ་ཉར་ནས། ཁེངས་སྐྱུང་ཆེན་པོས་མང་ཚོགས་ཀྱི་དཀའ་སྡུག་ལ་མཉན་པ་དང་། སྤོབས་པ་དྲག་པོས་འཕེལ་རྒྱས་ཀྱི་འགན་འཁྲི་ལྕི་མོ་འཁུར་བ། ཆོད་སེམས་བརྟན་པོས་རི་སྔོ་ཆུ་དྭངས་སྲུང་བ། མིག་རྒྱང་རིང་པོས་ས་གནས་ཀྱི་བྱ་བ་ཡོད་ཚད་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པར་བྱེད་པ་བཅས་ཀྱིས། ཏང་གཤིས་སྲོག་རྩར་འཛིན་པ་དང་མི་དམངས་རྩ་བར་བཟུང་སྟེ། སེམས་ཤུགས་དང་སྟོབས་ཤུགས་ཡོད་ཚད་ལས་སྒྲུབ་ལས་སྐྲུན་ཐད་འདོན་པ་དང་། དངོས་སྒྲུབ་དངོས་འབྲས་ལ་བརྟེན་ནས་རླབས་ཆེན་གྱི་དུས་རབས་འདིའི་ཕང་བ་རུ་མཚོ་སྔོན་མི་དམངས་ལ་དྲིན་ལན་འཇལ་དགོས།

ཚང་འཛོམས་གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། བྱ་གཞག་སྒྲུབ་པར་ལས་བྱེད་པ་བཟང་པོ་མཁོ་ལ། དུས་རབས་གསར་པས་སྤྱོད་ཚུལ་ལེགས་པོར་འབོད་པ་གཏོང་བཞིན་ཡོད་པས། ངེས་པར་དུ་སྤྱོད་ཚུལ་འཛུགས་སྐྲུན་གྱི་ནང་གནས་ངོ་བོ་ཡང་དག་སྒོས་ཁོང་དུ་ཆུད་པར་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྲུན་ནི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཡིན་པ་ངོས་ཟིན་པ་དང་། སྤྱོད་ཚུལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་དམ་འཛིན་བྱེད་པ་ངོས་ཟིན་པ། སྤྱོད་ཚུལ་ནད་དོན་གྱི་མཚོ་སྔོན་གྱི་དམིགས་བསལ་མངོན་ཚུལ་ངོས་ཟིན་པ། སྤྱོད་ཚུལ་འཛུགས་སྐྲུན་མཚམས་མེད་རྒྱུན་སྒྲུབ་བྱེད་དགོས་པ་ངོས་ཟིན་པ་བཅས་བྱས་ཏེ། ཆབ་སྲིད་ཀྱི་ཐད་ནས་སྤྱོད་ཚུལ་གནད་དོན་ལ་ལྟ་བ་དང་། སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྤྱོད་ཚུལ་ནན་མོར་བཟུང་ཚེ་ཐོན་སྐྱེད་ནུས་ཤུགས་ཡིན་པ་དང་འདེགས་སྐྱོར་བྱེད་ཤུགས་ཡིན་པར་ངོས་འཛིན་ཟབ་མོ་བྱེད་པ། “དམིགས་བསལ་སྨྲ་བ”དང“ཁ་གསབ་སེམས་ཁམས”མཐའ་གཅིག་ཏུ་བསལ་ནས། སྤྱོད་ཚུལ་འཛུགས་སྐྲུན་དེ་དུས་རྒྱུན་གྱི་དཔྱད་གཞིར་བརྩིས་ཏེ་ནམ་རྒྱུན་དམ་འཛིན་ལྷོད་མེད་དང་ཡུན་རིང་འབད་བརྩོན་ལྷོད་མེད་བྱེད་དགོས། “གཏོར་བ”དང“འཛུགས་པ”གཉིས་རྩོད་སྒྲུབ་ཀྱིས་གཅིག་གྱུར་དང་། “གོང”དང“འོག”གཉིས་མཉམ་ལྟ་མཉམ་འཛིན། “རྩ་བ”དང“ཡན་ལག”གཉིས་མཐུན་སྦྱོར་མཉམ་འགུལ། “ཕྱི”དང“ནང”གཉིས་ཕན་ཚུན་སྦྲེལ་མཐུན་བྱེད་པ་བཅས་རྒྱུན་བསྐྱངས་ཏེ། ངོས་འཛིན་ཇེ་ཟབ་ཏུ་གཏོང་བའི་ཁྲོད་ཡར་བརྩོན་གྱི་སྟོབས་ཤུགས་གཅིག་སྡུད་བྱེད་པ་དང་། དངོས་སྒྲུབ་ཁག་ཁུར་ཁྲོད་རྒྱུན་མཐུད་དེ་སྤྱོད་ཚུལ་ལེགས་སྒྱུར་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པར་བཀོད་སྒྲིག་གནང་བའི་རླབས་ཆེན་འཆར་འགོད་དང་། གཏན་འཁེལ་གནང་བའི་འབད་འཐབ་ལམ་ཕྱོགས་ནི་སྤྱོད་ཚུལ་སྦྱོང་བརྡར་དང་སྤྱོད་ཚུལ་ཞིབ་བཤེར་གྱི་འཐབ་ར་གཙོ་བོ་ཡིན་པས། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་སྣེ་ཁྲིད་དེ་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། རྣམ་འགྱུར་ཇེ་ལེགས་སུ་གཏོང་བ། ངར་ཤུགས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཤིང་། སྤྱོད་ཚུལ་ལེགས་སྒྱུར་ཆེན་མོ་ལས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཕན་འབྲས་གསར་པ་ཐོབ་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་པར་སླེབས་པ། དམངས་འཚོའི་བདེ་སྐྱིད་ཆུ་ཚད་གསར་པར་སླེབས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་འཕེལ་རིམ་གསར་པ་ཐོབ་པ། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་སྣང་ཚུལ་གསར་པ་མངོན་པ་བཅས་ལ་སྐུལ་འདེད་བཏང་སྟེ། བྱ་གཞག་སོ་སོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས། རི་སྔོ་ཆུ་དྭངས་ཀྱི་དགེ་མཚན་དར་སྤེལ་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་སྤུས་ཀ་མཐོར་འདེགས། སྐྱེ་ཁམས་རིན་ཐང་མངོན་འགྱུར་བཅས་ཀྱི་ཤུགས་འདོན་ས་ཡང་དག་པར་བཙལ་ཞིང་ཆེ་རུ་བསྐྱེད་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་མུ་མཐུད་དུ་བརྟན་པོར་བསྐྲུན་དགོས། ཐོན་ལས་ཀྱི“གནས་བཞིའི”མཉམ་འདྲེས་འཕེལ་རྒྱས་དང་ལྗང་མདོག་རྩིས་གློག་གི་མཐུན་སྦྱོར་འཕེལ་རྒྱས་ཀྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་ཞིང་། རིམ་པ་སྔར་ལས་ཟབ་པའི་བཅོས་བསྒྱུར་དང་ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་སྔར་ལས་བཟང་པོར་འདྲེས་པར་བྱེད་པ་དང་དེར་ཞབས་འདེགས་ཞུ་དགོས། སྤྱི་པའི་ཞབས་ཞུའི་སྤུས་ནུས་མཐོར་འདེགས་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་སྐུལ་འདེད་གཏོང་བ། གནོད་འགོག་གནོད་འཕྲི་ནུས་པ་ཇེ་དྲག་ཏུ་བཏང་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ནུས་ཤུགས་ཡོད་རྒུས་བསྲུང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཐད་མདུན་གྲལ་དུ་བསྐྱོད་ནས་དཔེ་སྟོན་བྱེད་པར་སྐུལ་འདེད་གཏོང་བ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་མཚོ་སྔོན་གྱི་ལག་ལེན་གཏིང་ཟབ་ཏུ་སྤེལ་ནས། མི་རིགས་དང་ཆོས་ལུགས་བྱ་བའི་མཚོ་སྔོན་གྱི་མ་དཔེ་བསྐྲུན་དགོས། གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་སྟོབས་ཆེན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། དངོས་སྒྲུབ་གཙོ་བོར་འཛིན་པ་དང་དངོས་འབྲས་གཙོ་བོར་འཛིན་པའི་མི་བཀོལ་ཁྲིད་ཕྱོགས་གསལ་པོ་བཙུགས་ཏེ། འགན་འཁྲི་ཇེ་ཡང་དུ་གཏོང་བ་དང་སྩོལ་ནུས་གཅིག་འདོམས་བྱས་ནས། ལས་བྱེད་པའི་བྱ་བ་སྒྲུབ་པའི་གདིང་ཤུགས་ཇེ་དྲག་ཏུ་གཏོང་དགོས།

ཚང་འཛོམས་གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། སྤྱོད་ཚུལ་འཛུགས་སྐྲུན་ནམ་ཡང་ལམ་དུ་ཡོད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་ནམ་ཡང་ལམ་དུ་ཡོད་པར་བྱེད་དགོས་ལ། ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ལམ་དུ་ཡོད་པ་བྱེད་དགོས་པས། “སྔར་ལས་གནད་འཁེལ་ལྔའི”བླང་བྱ་གལ་ཆེན་ལ་དཔེ་བསྡུར་བྱེད་པ་དང་། གཞུང་ལུགས་ཀྱིས་དྲག་ཆས་སྤྲ་བའི་ཐད་མུ་མཐུད་དུ་ཤུགས་བཏོན་ནས། ཏང་གི་གསར་གཏོད་གཞུང་ལུགས་ཁྲོད་ནས་ཏང་གཤིས་ཀྱི་ཉིང་བཅུད་རྒྱུན་ཆད་མེད་པར་སྡུད་ལེན་བྱེད་དགོས། ཏང་གཤིས་ཇེ་དྲག་ཏུ་གཏོང་བའི་ཐད་མུ་མཐུད་དུ་ཤུགས་བཏོན་ནས། ལས་བྱེད་པ་དཀའ་ཚེགས་ཆེ་བའི་ས་ཁུལ་དང་གཞི་རིམ་གྱི་ལས་ཡུལ་དང་པོ། ལས་གཞི་གལ་ཆེན་སྤེལ་ཡུལ་བཅས་སུ་སོང་ནས་ཉམས་སད་ཐེག་པ་དང་། མཐོང་རྒྱ་བསྐྱེད་པ། འཇོན་ནུས་འཕར་དུ་འཇུག་དགོས། དབང་ཆ་འཁོར་སྐྱོད་ཚད་ལྡན་དུ་གཏོང་བའི་ཐད་མུ་མཐུད་དུ་ཤུགས་འདོན་པ་དང་། ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ལྟ་སྐུལ་ཇེ་དྲག་ཏུ་བཏང་སྟེ། ལས་བྱེད་པའི་སྤྱོད་གཙང་སྲིད་སྐྱོང་གི“སྒྲོག་གུ་དང་པོ”ཡག་པོར་སྒྲོག་དགོས། ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་ནན་མོ་བྱེད་པའི་ཐད་མུ་མཐུད་དུ་ཤུགས་བཏོན་ནས། ལྟ་སྐུལ་སྟོབས་ཤུགས་གཞི་རིམ་དུ་འདོན་པར་སྐུལ་འདེད་གཏོང་བ་དང་ལྟ་སྐུལ་གྱི་འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་དགོས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་ལག་བསྟར་བྱེད་པའི་ཐད་མུ་མཐུད་དུ་ཤུགས་བཏོན་ནས། སྤྱོད་ཚུལ་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་པར་བརྟེན་ནས་མུ་མཐུད་དུ་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་བཀུར་ཐོབ་པར་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། ལོ་སྟོད་དུ། ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མར་མཐུན་སྒྲིལ་དང་སྣེ་ཁྲིད་ནས་ཡིད་ཆེས་ཆེར་སྐྱེད་དང་དཀའ་སྤྱད་མདུན་སྐྱོད་བྱེད་པ་དང་། ཧུར་ཐག་གིས་བཀོད་གཏོང་དམ་འཛིན་དང་སྲིད་ཇུས་གཏན་འབེབས། ཚོང་འགུགས་ཤུགས་སྣོན། ཁོར་ཡུག་ལེགས་སྒྱུར་བཅས་བྱས་ཤིང་། ཧུར་ཐག་གིས་ལས་ཞུགས་བརྟན་པོ་དང་ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ།  སྔོན་དཔག་བརྟན་པོ་བཅས་ཡོང་བར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ཐད་དུས་ཚིགས་དང་པོར“མགོ་ལེགས་པོ”བརྩམས་པའི་རྨང་གཞིའི་ཐོག་སྤྱི་ཡོངས་བརྟན་བརླིང་དང་བསྐྱར་དར་བཟང་འཕེལ་གྱི་རྣམ་པ་བཟང་པོ་རྒྱུན་བསྐྱངས་ཡོད། གྲུབ་འབྲས་དེ་ཐོབ་སླ་མོ་མིན་པས་ཁས་ལེན་གང་ལེགས་བྱེད་འོས། ལོ་སྨད་ནི་བྱ་བ་སྣ་ཚོགས་ལ་ཤུགས་འདོན་པའི་གནད་འགག་གི་དུས་སྐབས་ཡིན་པས། ངེས་པར་དུ་ལོ་མགོར་གཏན་འཁེལ་བྱས་པའི་དམིགས་འབེན་ལ་དམ་པོར་དམིགས་པ་དང་། ཏང་གིས་དཔལ་འབྱོར་བྱ་བའི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་བསྣན་ཏེ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་གནད་ལ་འཁེལ་ཞིང་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། དཔལ་འབྱོར་བྱ་བའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་།  སྲིད་ཇུས་དང་བྱེད་ཐབས་ལ་སྔར་ལས་ཤུགས་སྣོན་པ། བྱེད་སྟངས་དང་བྱེད་ཐབས་སྔར་ལས་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞབས་ཞུ་བྱ་ཡུལ་དང་བཟོ་ལས་འཕར་སྣོན། དངུལ་གཏོང་ཡར་འཕར། འཛད་སྤྱོད་མཐོར་འདེགས་བཅས་དམ་འཛིན་བྱེད་པ་དང་། བྱ་བའི་རྒྱང་ལྟ་རང་བཞིན་དང་ཕན་ལྡན་རང་བཞིན། གསར་གཏོད་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ནུས་ཤུགས་ཡོད་རྒུས་མཐོར་འདེགས་གཏོང་བ་དང་། བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ནས། དཔལ་འབྱོར་རྒྱུན་མཐུད་སྒོས་ཇེ་ལེགས་སུ་འགྲོ་བའི་རྣམ་པ་ཧུར་ཐག་གིས་རྒྱ་བསྐྱེད་པ་དང་། ཐོན་ལས་ཀྱི“གནས་བཞིའི”སྤུས་འདེགས་རིམ་སྤོར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་ནུས་ཕྱོད་བརྟན་པོའི་ངང་ཆེ་རུ་གཏོང་བ། བཅོས་བསྒྱུར་སྒོ་འབྱེད་ཀྱི་གསར་གཏོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ།  མི་དམངས་ཀྱི་འཚོ་བའི་རྒྱུ་སྤུས་སེམས་བསམ་པས་མཐོར་འདེགས་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ངེས་གཏན་རང་བཞིན་ལ་བརྟེན་ནས་གནས་བབ་འགྱུར་ལྡོག་གི་ངེས་མེད་རང་བཞིན་ལ་ཁ་གཏད་འཇལ་དགོས་པ་དང་། ལོ་འཁོར་གྱི་དམིགས་འབེན་དང་ལས་འགན་ནུས་ཤུགས་ཡོད་རྒུས་ལེགས་འགྲུབ་བྱས་ཏེ། “ལྔ་བཅུ་བཞི”བདེ་བླག་ངང་མཇུག་བསྒྲིལ་བར་ཁག་ཐེག་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ཀྱིས་བླང་བྱ་བཏོན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དེ་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དང་། ཀྲུང་དབྱང་གིས་མཚོ་སྔོན་ལ་སྐོར་ཞིབ་བྱེད་པའི་བྱ་བར་གཞོགས་འདེགས་བྱས་ནས་ལེགས་པོར་སྒྲུབ་པ་དང་ཟུང་འབྲེལ་བྱས་ཏེ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་ཀྱི་ཕན་འབྲས་མཚོན་དགོས་པ་དང་། སྤྱོད་ཚུལ་ལེགས་སྒྱུར་གྱི་ཚད་མངོན་གསལ་སྒོས་མཐོ་རུ་སོང་བ་མཚོན་དགོས། དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་བཟང་པོ་དང་། སྤུས་ཚད་མཐོ་བའི་སྒོ་ནས“ལྔ་བཅོ་ལྔ”ཡི་འཆར་འགོད་སྒྲིག་བཟོ་བྱེད་པ། འཆམ་མཐུན་བརྟན་བརླིང་གི་ཁོར་ཡུག་སྲུང་སྐྱོང་དང་གནད་དོན་བཅོས་སྐྱོང་གི་ཕན་འབྲས། ཞོད་འགོག་དང་ཐོན་སྐྱེད་བདེ་འཇགས་བཅས་ལ་བརྟེན་ནས་སྤྱོད་ཚུལ་ལ་བརྟག་བཤེར་བྱས་ཏེ། ཚང་འཛོམས་གྲོས་ཚོགས་སྟེང་བཀོད་སྒྲིག་བྱས་པའི་ལས་འགན་སྣ་ཚོགས་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་དགོས།

ཚང་འཛོམས་གྲོས་ཚོགས་ཀྱིས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཏང་ལ་བཅངས་པའི་ལྷག་བསམ་རྣམ་དག་དང་ལས་དོན་ལ་བཅངས་པའི་ཡིད་ཆེས་བརྟན་པོ། མི་དམངས་ལ་བཅངས་པའི་བརྩེ་བ་ཟབ་མོ། མཚོ་སྔོན་ལ་བཅངས་པའི་ལྷད་མེད་སེམས་པ་བཅས་ལ་བརྟེན་ནས། ཐོག་མཐའ་བར་གསུམ་དུ་བཀའ་དྲིན་ཤེས་པ་དང་བརྩེ་བ་ཡོད་པ། དངོས་སྒྲུབ་གཙིགས་སུ་འཛིན་པ་བཅས་བྱེད་པ་དང་། དངོས་སྒྲུབ་ཀྱི་ངར་ཤུགས་དང་དངོས་སྒྲུབ་ཀྱི་རྨང་གཞི། དངོས་སྒྲུབ་ཀྱི་སེམས་ཤུགས་བཅས་ཀྱི་ཐོག་ནས་སྔོན་བརྩོན་གྱི་འདོད་བློ་དང་སྔོན་བརྩོན་གྱི་རྒྱུ་སྤུས། སྔོན་བརྩོན་གྱི་སྤྱོད་ཚུལ་བཅས་རྒྱུན་ཆད་མེད་པར་སྦྱོང་བརྡར་བྱས་ཏེ། གོམ་པ་རེ་རེ་བཞིན་སྤོས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཕན་འབྲས་སྔར་ལས་ཆེན་པོ་ལེན་དགོས་པའི་འབོད་སྐུལ་བཏང་།

ཚང་འཛོམས་གྲོས་ཚོགས་སྟེང《ཞིང་ཆེན་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་དག་ཐེར་བྱེད་པའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར》གྲོས་འཆམ་བྱུང་བ་དང་།《ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་སྟེང་ཀྲང་ཞའོ་ཅུན་ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་བཅད་རྗེས་བྱུང་ཁས་ལེན་སྐོར་གྱིི་ཆོད་དོན》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་མིན་པའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཏང་ཙུའུ་ཁོངས་མི་དང་ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།གྲོང་ཁྱེར(ན་གོར་མོ་གྲོང་ཁྱེར་འདུས)དང་ཁུལ་གྱི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། རྫོང་སོ་སོའི(གྲོང་ཁྱེར་དང་ཆུས་དང་བྱ་བ)ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་པུའུ་ཨུ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ། མཐོ་རིམ་སློབ་གྲྭ། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་ལས་ཁུངས། ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་བཅས་ཀྱི་ཏང་ཙུའུ(ཏང་ཨུ)ཡི་འགན་འཁུར་བློ་མཐུན་གཙོ་བོ་དང་། རང་ཞིང་གི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་སྐོར་ཞིག་བཅས་གྲོས་ཚོགས་སུ་ཟུར་ཞུགས་བྱས།


མཉམ་སྤྱོད།