དེ་རིང་ནི2025ལོའི་ཟླ08པའི་ཚེས03ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་འཚོགས་པ།

2025-08-02 19:39:49   |   778

རྩོམ་སྒྲིག ཁོན་ཐར་ཚེ་རིང་།  ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ8པའི་ཚེས1ཉིན། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་འཚོགས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལ་སློབ་སྦྱོང་བྱས་ཤིང་། ཞིང་ཆེན་ཡོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་“དམངས་ཕན་འགུལ་སྐྱོད་རིགས་བདུན”གྱི་སྐུལ་འདེད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་ཞུས་ཏེ་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན། ཆན་གོ་ཆིན། སི་ཅི་ཧྲིན་བཅས་ཚོགས་འདུར་ཞུགས།

001.jpg

ཚོགས་འདུའི་ཐོག ཀྲང་ཐའོ་དང་ལི་ཞུས་ཀྲིན། ཧན་ཧྲི། ཝུའུ་ཧྲུའུ་རུང་། ལུང་དབྱང་ཧྲིན་སོགས་ལྟེ་བའི་ཚན་ཆུང་གི་ཁོངས་མིས“ཡང་དག་པའི་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་དང་དགོངས་དོན་གྱི་འདུ་ཤེས་བརྟན་པོར་བཙུགས་ནས་སྤྱོད་ཚུལ་བཅོས་སྒྱུར་དང་། འགན་སྒྲུབ་འགན་འཁུར། དམངས་ལ་བདེ་སྐྱིད་བསྐྲུན་པ”ཞེས་པ་བརྗོད་དོན་དུ་བཟུང་ནས་སྔ་རྗེས་སུ་གཏམ་བཤད་སྤེལ་ལ། ལྟེ་བའི་ཚན་ཆུང་གི་ཁོངས་མི་གཞན་དག་གིས་ཡིག་ཐོག་ནས་གཏམ་བཤད་ཡིག་ཆ་ཕུལ།

002.jpg

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། སྲིད་དོན་བྱས་རྗེས་ཀྱི་ལྟ་བ་ནི་ཏང་ཡོན་ལས་བྱེད་པའི་འཇིག་རྟེན་གྱི་ལྟ་བ་དང་མི་ཚེའི་ལྟ་བ།    རིན་ཐང་གི་ལྟ་བ། དབང་ཆའི་ལྟ་བ། གོ་གནས་ཀྱི་ལྟ་བ། ཁེ་ཕན་གྱི་ལྟ་བ། ལས་དོན་གྱི་ལྟ་བ་སོགས་ལས་སྒྲུབ་ལས་གཏོད་ཁྲོད་མངོན་པ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་དགོས། སྲིད་དོན་བྱས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱས་ནས་མི་དམངས་མང་ཚོགས་ཀྱི་མིག་མདུན་གྱི་ཁེ་ཕན་དང་ཡུན་རིང་གི་ཁེ་ཕན་ཟུང་འབྲེལ་བྱས་ཏེ། ཕྱི་རོལ་གྱི་ཆོས་ཉིད་ལ་བརྩི་འཇོག་དང་ཕྱི་རོལ་གྱི་ཆོས་ཉིད་དང་བསྟུན་ནས་ལས་སྒྲུབ་བྱེད་པ། ཏན་ཏན་ཏིག་ཏིག་གིས་བྱ་བ་སྒྲུབ་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྐྱིད་བདེ་གསུམ་གྱི་སྣང་བ་སྔར་ལས་ཕུན་སུམ་ཚོགས་པ་དང་སྔར་ལས་འགན་སྲུང་ལྡན་པ། སྔར་ལས་རྒྱུན་མཐུད་ཐུབ་པ་བཅས་བྱེད་དགོས།    རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་མི་དམངས་དེ་སེམས་ཀྱི་གོ་གནས་མཐོ་ཤོས་སུ་བཞག་ནས་མང་ཚོགས་ཀྱི་བསམ་ཚུལ་ལ་བསམ་བློ་གཏོང་བ་དང་མང་ཚོགས་ཀྱི་རེ་བ་བསྐང་བ། མང་ཚོགས་ཀྱི་དཀའ་ངལ་སེལ་དགོས། མི་དམངས་ཀྱིས་བརྩི་བཀུར་བྱེད་མིན་དང་འཐད་པ་བྱུང་མིན། དགའ་བསུ་ཐོབ་མིན། ཁས་ལེན་བྱེད་མིན་བཅས་སྲིད་ཇུས་དང་བྱེད་ཐབས་གཏན་འབེབས་བྱེད་པའི་ཐོག་མའི་དམིགས་ཡུལ་དང་དོན་ལ་འབབ་སར་བཞག་ནས་རྒྱུན་འཁྱོངས་བྱེད་དགོས་ཤིང་། དམངས་འཚོར་ཕན་པ་བསྐྲུན་པ་དང་དམངས་སེམས་ལ་དྲོད་ཁོལ་བསྐྱལ་བ། དམངས་ཀྱི་བསམ་འདུན་སྒྲུབ་པའི་བྱ་བ་དེ་མང་ཚོགས་ཀྱི་རེ་བ་ལྟར་བསྒྲུབ་དགོས། དངོས་སྒྲུབ་ཀྱི་སྙིང་སྟོབས་དེ་ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་འཁུར་བའི་ཆབ་སྲིད་ཀྱི་འགན་འཁྲིའི་ཐོག་བཞག་སྟེ། དངོས་སྒྲུབ་ཀྱི་གྲུབ་འབྲས་དེ་རིགས་སོ་སོའི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་བ་སྐོང་རྒྱུའི་ཐོག་མངོན་པར་བྱེད་དགོས་ཤིང་། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་དང“དེ་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་ལ་གཞི་ཚུགས་ནས། “243”འཕེལ་རྒྱས་ཀྱི་བཀོད་པ་དང“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ”གྱི་འགན་འཁྲི་འཛུགས་པ། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བསྐྲུན་རྒྱུར་དམིགས་ཏེ་ཐོན་ལས་ཀྱི“གནས་བཞི”དང་གསར་བརྗེའི་ཉམས་ཞིབ་རྟེན་གཞི་འཛུགས་སྐྲུན་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བ་དང་དམངས་འཚོ་འགན་སྲུང་དང་ཇེ་ལེགས་སུ་གཏོང་བ། གྲོང་གསེབ་དར་སྤེལ་དང་གཞི་རིམ་བཅོས་སྐྱོང་སོགས་ལྟེ་བའི་ལས་དོན་རེ་རེ་བཞིན་དོན་འཁྱོལ་དམ་འཛིན་བྱེད་པ་དང་། རེ་རེ་བཞིན་ཐོད་བརྒལ་བརྩོན་ལེན་བྱས་ཏེ་ཏང་ཡོན་ལས་བྱེད་པའི“དཀའ་སྤྱད་ཀྱི་སྟོན་གྲངས”ལ་བརྟེན་ནས་མང་ཚོགས་ཀྱི“བདེ་སྐྱིད་སྟོན་གྲངས”ཏན་ཏིག་གིས་བརྗེ་དགོས། “དམངས་ཕན་འགུལ་སྐྱོད་རིགས་བདུན”གཏིང་ཟབ་སྤེལ་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་གཞི་རིམ་དུ་མངོན་པ་དང་འཐབ་ཕྱོགས་དང་པོར་ཚད་འཇལ་བྱས་ཏེ་མང་ཚོགས་ཀྱི་རེ་སྒུག་དང་དོ་ཁུར་ལ་ལན་ཡག་པོ་འདེབས་དགོས་ཟེར།

003.jpg

ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཁོངས་མི་སོ་སོ་དང་། ཁུལ་ཨུའི་སྡེ་ཁག་སོ་སོ། ཁུལ་ཐད་གཏོགས་ལས་ཁུངས་སོ་སོ། མང་ཚོགས་ཚོགས་པ་སོ་སོ་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཞུགས།


མཉམ་སྤྱོད།