དེ་རིང་ནི2025ལོའི་ཟླ08པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོའི་ལས་དོན་སྐོར་གྱི་དྲ་དམངས་ཀྱི་བསམ་འཆར་དང་གྲོས་མགོར་ཞིབ་འཇུག་དང་བསྡུ་ལེན་བྱ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་བ།

2025-08-04 10:57:18   |   148

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།   ཤིན་ཧྭ་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཤིན་ཧྭ་གསར་འགྱུར་ཁང་གི་པེ་ཅིང་ནས་ཟླ8པའི་ཚེས4ཉིན་གྱི་གློག་འཕྲིན། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོའི་ལས་དོན་གྱི་དྲ་དམངས་ཀྱི་བསམ་འཆར་དང་གྲོས་མགོར་ཞིབ་འཇུག་དང་བསྡུ་ལེན་བྱ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས་བསྟན་དོན། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོའི་ལས་དོན་གྱི་དྲ་རྒྱའི་བསམ་འཆར་བསྡུ་ལེན་བྱེད་པའི་བྱེད་སྒོར་ཞུགས་ཚད་མཐོ་བ་དང་ཁྱབ་རྒྱ་ཆེ་བས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ནས་རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་མགོ་མང་པོ་བཏོན་ཡོད་པས་འབྲེལ་ཡོད་སྡེ་ཚན་གྱིས་ཞིབ་འཇུག་དང་བསྡུ་ལེན་ནན་ཏན་བྱ་དགོས། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་། རྒྱ་ཁྱབ་ངང་དམངས་ཀྱི་གནས་ཚུལ་རྟོག་ཞིབ་དང་དམངས་ཀྱི་བསམ་འཆར་ལ་ཉན་པ། དམངས་ཀྱི་བློ་གྲོས་གཅིག་སྡུད་བཅས་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ནས་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་དགོས།

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རིག་དང་མཐུན་པའི་ཐབས་ཇུས་དང་། དམངས་གཙོའི་ཐབས་ཇུས། ཁྲིམས་ལྟར་ཐབས་ཇུས་འགོད་པ་བཅས་མཐའ་འཁྱོངས་བྱས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་འགོད་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་སྒྲུབ་བྱེད་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ད་ལོའི་ཟླ5པའི་ཚེས20ཉིན་ནས་ཟླ6པའི་ཚེས20ཉིན་བར“ལོ་ལྔ་ཚན་བཅོ་པའི”འཆར་འགོད་སྒྲིག་བཟོའི་ལས་དོན་གྱི་དྲ་རྒྱའི་བསམ་འཆར་བསྡུ་ལེན་བྱེད་སྒོ་སྤེལ་ནས་མི་དམངས་ཉིན་རེའི་ཚགས་པར་དང་ཤིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་གི་ཁོང་གཏོགས་དྲ་ཚིགས་དང་གསར་འགྱུར་མགྲོན་སྣེ། དེ་བཞིན་“སློབ་བརྩོན་རྒྱལ་སྟོབས”ལས་སྟེགས་སུ་ཆེད་ཚན་སྒྲིག་འཛུགས་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་བསམ་འཆར་སྡུད་ལེན་བྱས། བྱེད་སྒོར་རིམ་རྩིས་བྱས་ན་དྲ་དམངས་ཀྱི་ཐབས་ཇུས་ཁྲི311.3ལྷག་ཙམ་འབྱོར་བ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་རྒྱུར་དགེ་མཚན་ལྡན་པའི་དཔྱད་གཞི་མཁོ་འདོན་བྱས་ཡོད།


མཉམ་སྤྱོད།