དེ་རིང་ནི2025ལོའི་ཟླ08པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་དང་ཀྲང་ཧྲེང་ཡོན་གྱིས་གེགས་འགོག་གེགས་སེལ་ལས་དོན་ལ་བརྟག་ཞིབ་གནང་།

2025-08-04 14:57:39   |   271

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།  མཚོ་བྱང་མདོ་ལ་ཚགས་པར།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ8པའི་ཚེས3ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཧྲེང་ཡོན་གཉིས་ཁུལ་གནམ་གཤིས་ཅུ་རུ་གེགས་འགོག་གེགས་སེལ་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་པ་དང་། འཐབ་ཕྱོགས་དང་པོའི་ལས་བྱེད་ལས་བཟོ་ལ་འཚམས་འདྲི་གནང་། ཁོང་གཉིས་ཀྱིས་བསྟན་དོན། “དུས་དང་རྣམ་པ་ཀུན་ཏུ་བློ་བདེ་པོ་བྱེད་མི་ཐུབ་པའི”འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ། ཉེན་ཁ་གྲལ་བཤེར་སོགས་ཀྱི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས།

01.jpg

ཁུལ་གནམ་གཤིས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་བཀོད་འདོམས་ལྟེ་གནས་སུ་ཤ་བོ་སྐྱབས་དང་ཀྲང་ཧྲེང་ཡོན་གྱིས་འབྲེལ་ཡོད་འགན་འཁུར་བར་སྤེལ་རེས་གཏིང་ཟབ་བྱས་ཏེ། གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་དྲ་བ་ཁྱབ་ཚུལ་དང་། འབྲུབ་དུས་ཀྱི་འཕེལ་ཕྱོགས་སྔོན་དཔག ཉེ་དུས་ཀྱི་གནམ་གཤིས་དུས་བབ་དང་གནམ་གཤིས་འགན་ལེན་ཞབས་ཞུ་སོགས་ཀྱི་གནས་ཚུལ་སྙན་སེང་ལ་གསན་པ་དང་། གནམ་གཤིས་ལས་ཁུངས་ཀྱིས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ལྷག་པར་དུ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་། ཞིང་ཕྱུགས་ལས་ཐོན་སྐྱེད། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་སོགས་ཐད་ཕུལ་བའི་བྱས་རྗེས་ལ་ཁས་ལེན་གང་ལེགས་གནང་། གནམ་གཤིས་ལས་ཁུངས་ཀྱིས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི“འགོག་སྲུང་འཛིང་རགས་དང་པོ”བརྟན་དུ་གཏོང་བའི“སྒོ་སྲུང་བ”ཡིན་པའི་ངོས་ནས་འབྲུབ་འགོག་གེགས་སེལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། “ཟླ་འདུན་པའི་ཟླ་མཇུག་དང་ཟླ་བརྒྱད་པའི་ཟླ་སྟོད་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ནས་ཚད་མཐོའི་དོགས་ཟོན་རྒྱུན་འཁྱོངས་དང་། དབྱེ་ཞིབ་དང་ཞིབ་འཇུག་བརྡར་ཤ་གཅོད་པར་ཤུགས་སྣོན། འབྲུབ་དུས་ཀྱི་གནས་ཚུལ་ལ་དོ་ཁུར། གནམ་གཤིས་ཀྱི་སྔོན་བརྡ་ཞིབ་ཚགས་བཏང་ནས་འབྲུབ་དུས་ཀྱི་གནམ་གཤིས་ཞབས་ཞུ་འགན་སྲུང་ལེགས་པོ་བསྒྲུབ་དགོས་པ་བསྟན།

02.jpg

ཤ་བོ་སྐྱབས་དང་ཀྲང་ཧྲེང་ཡོན་གྱིས་བསྟན་དོན། གནམ་གཤིས་ཀྱི་ཉེན་ཟོན་སྔོན་བརྡ་ནི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་འཐབ་ཇུས་གནས་བབ་ཡིན་པའི་ངོས་ནས་མཚོ་བྱང་ཁུལ་གྱི་དུས་རབས་གསར་པའི་གནམ་གཤིས་ལེ་ཏའི་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། དེ་བཞིན་རྐང་ཚའིXརླབས་དུམ་ལེ་ཏ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་གཙོ་གནད་ས་ཁོངས་ཀྱི་ལྟ་ཞིབ་ཚད་ལེན་ས་ཚིགས་འཛུགས་སྐྲུན་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་བ་དང་། ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་ཤུགས་ཆེ་རུ་བཏང་ནས་ཆུ་བེད་དང་། འཕྲལ་སྡོམ། འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་སོགས་ལས་ཁུངས་དང་མཉམ་དུ་ཞིབ་འཇུག་དང་བརྡར་ཤ་གཅོད་ཤུགས་ཆེ་རུ་བཏང་སྟེ། གནད་ལ་འཁེལ་བའི་སྔོན་བརྡ་ཡག་པོ་བཏང་ནས་དུས་ཐོག་ཏུ་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་དགོས། ལས་ཁུངས་ཀྱི་མཉམ་འགུལ་དང་ལེན་དང་དེ་བཞིན་གནོད་འཚེའི་ཉེན་ཟོན་སྔོན་བརྡ་གཏོང་བའི“འབོད་ལན་གཉིས”དང“མཚམས་འཇོག་གསུམ”སོགས་ཀྱི་ལས་ཀའི་ལམ་སྲོལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། འཕྲལ་མར་ཞིབ་འཇུག་བརྡར་གཅོད་བྱས་འབྲས་དང་འགོག་སྲུང་བྱེད་ཐབས་ས་ཁུལ་ཁག་ཏུ་བརྒྱུད་བསྒྲགས་བྱས་ནས་འགོག་སྲུང་བྱེད་ཐབས་དོན་འཁྱོལ་བྱེད་དགོས། ཆུ་བེད་ལས་གྲྭ་དང་། སྐྲུན་བཞིན་པའི་རྣམ་གྲངས། ཆུ་ལོག་ས་གཤིས་ཀྱི་མངོན་མེད་བྱུར་རྐྱེན། ཆུ་བོ་འབྲིང་ཆུང་། མཛེས་ལྗོངས་ཁུལ་སོགས་གཙོ་གནད་ས་ཁོངས་ལ་དོ་སྣང་ཆེན་པོ་བྱས་ཏེ་ཉེན་ཁ་དང་མངོན་མེད་བྱུར་རྐྱེན་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ་དང་། དུས་ཐོག་ཏུ་ཉེན་སེལ་དང་ཞོར་ཐོན་གནོད་འཚེ་སྔོན་འགོག་བྱེད་དགོས།《མཚོ་བྱང་ཁུལ་གྱི་གློག་འཁྱུག་ཐོག་རྒྱག་གི་གནོད་འཚེ་སྔོན་འགོག་སྲོལ་ཡིག》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། མེ་ལྷ་གངས་དཀར་དང་མཐོན་པོ་སྒང་སོགས་མཛེས་ལྗོངས་ཁུལ་གྱི་གློག་འཁྱུག་ཐོག་རྒྱག་གི་གནོད་འཚེ་སྔོན་འགོག་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་གནས་སྐོར་བའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས། མཐའ་ཚད་ཀྱི་བསམ་བློ་དང་ཚད་མཐོའི་བསམ་བློ་བརྟན་པོ་བཅིངས་བ་དང་། ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་བློ་མཐའ་གཅིག་ཏུ་དོར་ནས་ལས་རེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཕྲལ་སྡོམ་བཀོད་འདོམས་མ་ལག་ནུས་ཆེའི་འཁོར་སྐྱོད་རྒྱུན་འཁྱོངས་བྱེད་པ། སེམས་ཤུགས་གཅིག་སྒྲིལ་གྱིས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་ཡོང་བར་སྐུལ་འདེད་གཏོང་དགོས།

ཁུལ་ཨུའི་གཞུང་ལས་ཁང་དང་ཁུལ་སྲིད་གཞུང་གཞུང་ལས་ཁང་གི་འགན་འཁུར་བློ་མཐུན་གྱིས་བརྟག་ཞིབ་གནང་བར་ཕེབས་རོགས་བྱས།


མཉམ་སྤྱོད།