དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་ཚགས་པར་ཁང་གི་བྱ་དགའ་ཡོད་པའི་རྩོམ་ཡིག་བསྡུ་བའི་གསལ་བརྡ།

2023-02-13 11:01:41   |   153

རྩོམ་སྒྲིག  སངས་དོན།  ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།  བཤེར་འབེབས།  རིན་ཆེན་ཚེ་རིང་། 


མཚོ་བྱང་ཁུལ་གྱི་མཐོན་པོ་སྒང་ལ་མི་ཆོས་རིག་གནས་དང་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་བྱ་ཐབས་སྣ་ཚོགས་སྤྱད་དེ་གཙོ་གནད་གསར་སྤེལ་བྱས་ཡོད་ལ། མཐོན་པོ་སྒང་གི་སྙན་པ་སྔར་ལས་ཆེ་རུ་གཏོང་བ་དང་། མཐོན་པོ་སྒང་གི་མི་ཆོས་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་བྱས་ནས་དེའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་ཆེད། དེ་རིང་ནས་བཟུང་མདོ་ལ་ཚགས་པར་ཁང་གིས་དྲིལ་སྒྲོག་དང་འོས་སྦྱོར་བྱས་ཏེ་མཐོན་པོ་སྒང་བརྗོད་དོན་ཡིན་པའི་རྩོམ་ཡིག་བསྡུ་རྒྱུ་ཡིན་པ་དང་།  སྤྱི་ཚོགས་ལས་རིགས་སོ་སོའི་གྲོགས་པོ་ཚོས་རྩོམ་ཡིག་བྲིས་ཏེ་མཐོན་པོ་སྒང་གི་དྲིལ་སྒྲོག་བྱ་བར་རོགས་རམ་བྱ་རྒྱུར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ།

ཐེངས་འདིའི་རྩོམ་བསྡུའི་ནང་དོན་གཙོ་བོ་གཤམ་གསལ་ལྟར།

གཅིག རྩོམ་བསྡུའི་ཁྱབ་ཁོངས། 

རྒྱལ་ཡོངས།

གཉིས། རྩོམ་བསྡུའི་བླང་བྱ།

1.མཐོན་པོ་སྒང་གི་གསར་བརྗེའི་གཏམ་རྒྱུད་དང་ལོ་རྒྱུས་ཀྱི་གཏམ་རྒྱུད། ལོ་རྒྱུས་ཐོག་བཀོད་པའི་ནང་དོན(པར་རིས་ཡོད་ན་དེ་བས་ལེགས)།

2.རྩོམ་ལུས་དངོས་བྲིས་ལྷུག་རྩོམ་དང་། དམངས་ཁྲོད་གཏམ་རྒྱུད། ངག་རྒྱུན། ཡུལ་སྐོར་ཟིན་བྲིས་སམ་ཡང་ན་མཐོན་པོ་སྒང་དང་གསེར་དངུལ་རྩྭ་ཐང་དང་འབྲེལ་བའི་མི་སྒེར་གྱི་ལོ་རྒྱུས་སོགས་གཙོ་བོར་འཛིན་རྒྱུ་ཡིན(པར་རིས་ཡོད་ན་དེ་བས་ལེགས)།

3.སྙན་ངག་ཕུད་བརྩམས་ཆོས་ཀྱི་རྩོམ་ལུས་ལ་ཚད་བཀག་མེད། 

གསུམ། རྩོམ་ཡིག་གི་བླང་བྱ།

1.ནང་དོན་དོན་དངོས་དང་གསར་བ་ཡིན་དགོས་ལ། དགེ་ལྡན་སྐྱོན་བྲལ་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ། སྤྱི་ཚོགས་ཀྱི་སྒྲིག་སྲོལ་དང་སྲོལ་བཟང་ལ་བརྩི་སྲུང་ཞུ་དགོས།

2.བརྩམས་ཆོས་ནང་ཆུ་དཔར་དངLOGOཁ་སྣོན་བྱས་མི་ཆོག

3.ཡིག་འབྲུ3000ལས་བརྒལ་མི་ཆོག

4.རྩོམ་ཡིག་ངེས་པར་དུ་མི་སྒེར་གྱི་གསར་རྩོམ་བྱས་པ་ཞིག་ཡིན་དགོས་པ་ལས་རྐུ་བཤུས་བྱས་མི་ཆོག

5.རྩོམ་ཡིག་ལ་རྩོམ་པ་པོའི་དངོས་མིང་དང་ངོ་སྤྲོད་མདོར་བསྡུས། འབྲེལ་གཏུག་བྱ་ཡུལ། འཕྲིན་གཏོང་ཁ་པར་བཅས་ཟུར་དུ་འགོད་དགོས།

6.རྩོམ་ཡིག་བསྡུ་རུབ་བྱེད་པར་དཔེར་ན་འདྲ་པར་གྱི་བདག་དབང་དང་རྩོམ་གྱི་བདག་དབང་སོགས་དང་འབྲེལ་བ་ཡོད་པའི་གནད་དོན་ཡོད་ཚེ་རྩོམ་པ་པོ་རང་ཉིད་ཀྱིས་འགན་འཁུར་དགོས།

7.ཐེངས་འདིའི་རྩོམ་ཡིག་བསྡུས་རྗེས་མ་ཡིག་ཕྱིར་མི་སྐུར།

བཞི། རྩོམ་ཡིག་བསྡུ་བའི་དུས་ཚོད།

2023ལོའི་ཟླ2པའི་ཚེས13ཉིན་ནས2023ལོའི་ཟླ10བའི་ཚེས31ཉིན་བར།

ལྔ། བྱ་དགའི་རིམ་པ་བཀོད་སྒྲིག་དང་བྱ་དགའི་དངུལ།

1.ཐེངས་འདིར་བསྡུས་པའི་བརྩམས་ཆོས་ཚང་མ་ངེད་རྩོམ་སྒྲིག་ཁང་གིས“གངས་ལྗོངས་འཕྲིན་གསར”སྐད་འཕྲིན་སྤྱི་སྟེགས་ཐོག་སྤེལ་རྒྱུ་ཡིན་པ་དང་། དེའི་ཁྲོད་ཕུལ་བྱུང་བརྩམས་ཆོས་དཔྱད་འདེམས་བྱེད་རྒྱུ་ཡིན།

2.ཐེངས་འདིའི་བྱ་དགའི་རིམ་པ། ཨང་དང་པོ1སྟེ་བྱ་དགའི་དངུལ་སྒོར1000ཡིན། ཨང་གཉིས་པ2ཏེ་བྱ་དགའི་དངུལ་སྒོར800ཡིན། ཨང་གསུམ་པ4སྟེ་བྱ་དགའི་དངུལ་སྒོར600ཡིན། ཕུལ་བྱུང་བྱ་དགའ5སྟེ་བྱ་དགའི་དངུལ་སྒོར400བཅས་ཡིན།

དྲུག རྩོམ་ཡིག་བསྐུར་སྟངས་དང་འབྲེལ་གཏུག་བྱེད་ས།

འབྲེལ་གཏུག་བྱེད་ས། གཡང་འབུམ་ཚེ་རིང་།

ཡིག་ཟམ། 3068276991@qq.com

ཁ་པར་ཨང་གྲངས། 18809708800

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་ཚགས་པར་ཁང་།

2023ལོའི་ཟླ2པའི་ཚེས13ཉིན།



མཉམ་སྤྱོད།