དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་སྒྲིག་ཨུའི་སྐབས13པའི་ཚང་འཛོམས་གྲོས་ཚོགས་ཐེངས3པ་འཚོགས།

2023-02-13 21:11:52   |   155

རྩོམ་སྒྲིག  སངས་དོན།    ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།     བཤེར་འབེབས།  རིན་ཆེན་ཚེ་རིང་། 


a.jpg

ཟླ2པའི་ཚེས13ཉིན། ཀྲུང་གུང་མཚོ་བྱང་ཁུལ་སྒྲིག་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཚོགས་འདུས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞིང་ཆེན་དང་ཁུལ་ཨུའི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་སྒྲིག་ཨུའི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། ཞིང་ཆེན་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་། 2022ལོའི་སྒྲིག་བཤེར་ལྟ་ཞིབ་བྱ་བར་ཕྱོགས་བསྡོམས་དང2023ལོའི་ལས་འགན་གཙོ་བོ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས། 

b.jpg

ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་། 

c.jpg

ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཀྲང་ཧྲིང་ཡོན་གྱིས་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་།

ཁུལ་ཨུའི་རྒྱུན་ཨུའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་འོས་མི་དབྱང་ཧེ་ལུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས། ཁུལ་ཨུའི་རྒྱུན་ཨུ་སོ་སོ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི། ཁུལ་ཁྲིམས་ཁང་གི་ཡོན་ཀྲང་དང་ཁུལ་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་འཛིན་བཅས་ཚོགས་འདུར་ཞུགས། ཁུལ་ཨུའི་རྒྱུན་ཨུའམ་སྒྲིག་ཨུའི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རིན་མ་ཁྲེང་ཧྥང་གིས《ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཁུལ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་བྱ་བ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ“མཚོ་བྱང་ལྔ”འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱ་རྒྱུ་ཡིན》ཞེས་པ་ཁ་བྱང་ཡིན་པའི་བྱ་བའི་སྙན་ཞུ་ཕུལ། ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་ཁུལ་སྒྲིག་ཨུའི་ཨུ་ཡོན21དང་ཟུར་ཞུགས་མཁན93ཡོད།

d.jpg

ཤ་བོ་སྐྱབས་ཀྱིས2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་དུ་འགྱུར་བར་ཁྱོན་ཡོངས་ནས་སྐུལ་སྤེལ་གཏོང་མགོ་བརྩམས་པའི་ལོ་ཞིག་ཡིན་ལ། “ལྔ་བཅུ་བཞིའི”འཆར་འགོད་ལག་བསྟར་བྱེད་པའི་སྔ་མཐུད་ཕྱི་སྤེལ་གྱི་འགག་རྩའི་ལོ་ཞིག་ཀྱང་ཡིན། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། ཀྲུང་དབྱང་སྒྲིག་ཨུ་དང་ཞིང་ཆེན་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱས་པར་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། “ནན་མོ”རྒྱུན་འཁྱོངས་བྱེད་པའི་དགོངས་གཞིའི་བརྡ་རྟགས་དྲག་པོ་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། ཏང་གི་རང་ངོས་གསར་བརྗེ་ཞེས་པའི་རྩ་ཆེའི་ཉམས་མྱོང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བའི་བླང་བྱ་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བཀོད་སྒྲིག་རབ་དང་རིམ་པ་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་རྒྱུ་དེ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས་པར་བསྟན།

e.jpg

ཤ་བོ་སྐྱབས་ཀྱིས2022ལོར་ཁུལ་ཡོངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་བཏང་ནས་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུས(ཏང་ཙུའུ)ཁུལ་ཡོངས་ཀྱི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་དུས་བབ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་འཕྲད་པའི་གནད་དོན་གསར་བ་དང་འགྲན་སློང་གསར་བ་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ། ཕ་བོང་ལྟར་བརྟན་པའི་བློ་སྟོབས་ལ་བརྟེན་ནས་བློ་བརྟན་འགྱུར་མེད་ངང་སྤྱོད་ཚུལ་བཟང་བོ་དང་སྒྲིག་ཁྲིམས་ནན་མོ། རུལ་སུངས་ལ་ངོ་རྒོལ་བཅས་བྱས་ཏེ་རྒྱུན་ཆད་མེད་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་ཕྲ་ཅན་དང་གནད་སྨིན་ཅན། རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ་དང་། “འགན་ཁུར་གསུམ”ལག་བསྟར་ནན་ཏན་བྱེད་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏིང་ཟབ་གཏོང་དགོས་ལ། སྤྱོད་ཚུལ་ལེགས་སྐྱོང་བྱེད་པར་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ཆུ་རགས་རྒྱུན་མཐུད་བརྟན་དུ་གཏོང་བ་དང་། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ་སྒྲིག་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། “རུལ་སུངས་མི་བྱེད་པ་གསུམ”ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། ཏང་གི་རང་ངོས་གསར་བརྗེའི་ཆོས་ཉིད་ཕྱོགས་སྡོམ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ་ནན་གྱིས་བསྟན།

 ཤ་བོ་སྐྱབས་ཀྱིས་ཁུལ་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རྩ་དོན་ནན་མོ་དང་བྱ་ཐབས་ནན་མོ། རྣམ་པ་ནན་མོ་བཅས་ཡུན་རིང་རྒྱུན་འཁྱོངས་བྱས་ཏེ་ལས་གཞི་གལ་ཆེན་ལག་བསྟར་དང་འགག་རྩའི་དམངས་འཚོའི་ཁྱབ་ཁོངས་སོགས་ཀྱི་བྱ་བའི་ཁྲོད་འགན་འཁྲི་འཁུར་དགོས་ལ་བླང་བྱ་ནན་མོ་ཡང་འདོན་དགོས་པ་དང་། ལས་གནས་གཙོ་བོའི་འགག་རྩའི་མི་སྣར་ལས་གནས་ནན་མོ་བཟོ་བ་དང་དགོངས་སྐོར་སྙན་ཞུ་བྱེད་པ། འབྲེལ་གཏུག་སྦྲེལ་མཐུད། གོ་རིམ་ཚད་ལྡན་བཅས་ལ་ཤུགས་སྣོན་དགོས་ཤིང་། ལས་བྱེད་པས་སྒྲུབ་ཕོད་པར་རྒྱབ་སྐྱོར་དང་ལས་བྱེད་པས་སྒྲིག་བརྩི་ཁྲིམས་སྲུང་རྒྱུན་འཁྱོངས་བྱས་ཏེ། ལྟ་སྐུལ་དང་ཚོད་འཛིན་ཐེབས་པའི་ཁོར་ཡུག་ཁྲོད་བྱ་བ་དང་འཚོ་བ་སྐྱེལ་བའི་གོམས་གཤིས་སྔར་ལས་ལྷག་པར་ཆགས་པར་བྱེད་དགོས་ལ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བླ་སྲོག་སྐྲུན་དགོས། དུས་རབས་གསར་བའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་གསར་བ་དང་འགྲན་སློང་གསར་བར་རང་འགུལ་ངང་འཚམ་པར་བྱས་ཏེ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་ཆེད་ལས་ཀྱི་ནུས་པ་དང་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་གནས་གང་ཡང་མི་གཏོང་བ། “སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་པར་སྙིང་རྗེ་གཏན་ནས་མི་བྱེད་པ་དང་། ཏང་དང་མི་དམངས་ཀྱི་ལྷག་བསམ་རྣམ་དག་གི་སྲུང་དམག་མཐའ་གཅིག་ཏུ་བྱེད་དགོས་པ་ནན་གྱིས་བསྟན།

མ་ཁྲེང་ཧྥང་གིས་སྙན་ཞུའི་ནང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། སྔར་ལས་གཏིང་ཟབ་སྒོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཤེས་རྟོགས་བྱེད་པ། སྔར་ལས་རང་རྟོགས་ཀྱིས“འདུ་ཤེས་བཞི”ཆེ་རུ་གཏོང་བ་དང“གདེང་ཚོད་བཞི”སྲ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། ཏང་གི་ཚོགས་ཆེན་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན། ཁུལ་ཨུའི་བྱ་བའི་བཀོད་སྒྲིག་བཅས་དོན་འཁྱོལ་ནན་ཏན་བྱས་ཏེ། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་སྒྲུབ་པ། ཏང་འཛུགས་སྐྱོང་བྱེད་པའི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་དང་། རང་ཉིད་ཀྱི་གསར་བརྗེའི་འཐབ་སེམས་དུས་གཏན་དུ་རྒྱུན་འཁྱོངས། བརྟན་ཐོག་ཡར་འཕེལ་དང་གཞུང་དྲང་གསར་གཏོད་རྒྱུན་འཁྱོངས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བཅས་ཀྱི་བྱ་བར་སྐུལ་འདེད་གཏིང་ཟབ་གཏོང་བ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དུས་རབས་གསར་བ་དང་རྒྱང་སྐྱོད་གསར་བའི་སྒྲིག་བཤེར་ལྟ་ཞིབ་བྱ་བ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཅས་བྱས་ཏེ། “243”འཕེལ་རྒྱས་ཀྱི་བཀོད་པ་གང་མགྱོགས་འཛུགས་རྒྱུ་དང་། “མཚོ་བྱང་ལྔ”འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་ཆེད་འགན་ལེན་བརྟན་པོ་འདོན་སྤྲོད་བྱེད་དགོས་པ་ནན་གྱིས་བསྟན།

ཚོགས་འདུའི་ཐོག་ཁུལ་ཐད་གཏོགས་ལས་ཁུངས2ཀྱི་ཏང་ཙུའི་ཧྲུའུ་ཅི་དང་། རྫོང་བཞིའི་སྒྲིག་ཨུའི་ལྟ་ཞིབ་ཨུ་ལྷན། ཁུལ་སྒྲིག་ཨུས་མངགས་གཏོང་བྱས་པའི་སྒྲིག་བཤེར་ལྟ་ཞིབ་ཚན་ཆུང་གི་འགན་འཁུར་བ་གཅིག་བཅས་ཀྱིས་འགན་འཁྲི་སྒྲུབ་ཚུལ་དང་སྤྱོད་གཙང་བྱས་ཚུལ་གསལ་ཞུ་བྱས་པ་དང་འབྲེལ་ཕྱོགས་བསྡུས་དཔྱད་བརྗོད་དང་དམངས་གཙོའི་ཚད་ལེན་ཚོད་ལྟ་བྱས། ཁུལ་སྒྲིག་ཨུའི་ཨུ་ཡོན་གྱིས་ཀྲུང་གུང་མཚོ་བྱང་ཁུལ་སྒྲིག་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བྱ་བའི་སྙན་ཞུ་ལ་བརྡས་ཐག་བཅད་ནས་ཁུལ་ཡོངས་ཀྱི་ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས2022ལོའི་ལོ་འཁོར་མོའི་ཏང་སྲོལ་སྲིད་གཙང་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ལ་གདེང་འཇོག་གནང་། ཚང་འཛོམས་གྲོས་ཚོགས་བརྙན་ལམ་རྣམ་པའི་ཐོག་ནས་འཚོགས་པ་དང་རྫོང་སོ་སོར་ཡན་ལག་ཚོགས་ར་བཙུགས་ཡོད།


མཉམ་སྤྱོད།