དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི“ཇ་ཡུན”གསར་འགྱུར།

2023-02-14 09:57:26   |   258

སྒྲིག་སྒྱུར།  སངས་དོན།   བཤེར་འབེབས།  རིན་ཆེན་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 


གསར་འགྱུར་གལ་ཆེན།

  • 2023ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཚེས13ཉིན་ཁྱབ་བསྒྲགས་བྱས་ནས། 2023ལོར་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་བཏོན་ཡོད།

  • ཀྲུང་དབྱང་དམག་ཨུའི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་དམག་ཨུའི་གཞུང་དོན་ཐིང་གིས་ཉིན་ཤས་གོང་དམག་ཨུའི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ཀྱི་སློབ་སྦྱོང་སློབ་གསོའི་འཆར་འགོད་པར་འགྲེམས་བྱས།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་གནས་ཚུལ་སྤེལ་བར་གཞིགས་ན།  2023ལོའི་དཔྱིད་རླུང་བྱ་སྤྱོད་དང་ལས་ཞུགས་རོགས་སྐྱོར་ཟླ་བའི་བྱེད་སྒོའི་ཐོག་ལས་གནས་ཁྲི1300ལྷག་ཙམ་ཡོངས་བསྒྲགས་བྱས་ཡོད།

  • 2022ལོར་རང་རྒྱལ་གྱི་རླུང་གློག་འོད་ཤུགས་ལོའི་གློག་བཏོན་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་ཁྲི1ལས་ཐོག་མར་བརྒལ་ནས། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་གློག་སྤྱོད་ཚད་དང་ཉེ་བ་ཡོད།

  • ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན།  2022ལོའི་ཟླ1ནས་ཟླ11པའི་བར་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ལྐོག་རྔན་སྤྲད་པའི་ཉེས་གསོག་གྱོད་གཞི1208དང་མི1704ཁྲིམས་སྦྱོར་བྱས་ཡོད།

  • ཐུར་ཁེ་དང་སི་རི་ཡའི་ས་ཡོམ་གེགས་ཁུལ་དུ་ཀྲུང་གོ་སྲིད་གཞུང་གིས་མངགས་གཏོང་བྱས་པའི་ཀྲུང་གོའི་རོགས་སྐྱོབ་རུ་ཁག་དང་དེ་བཞིན་སྤྱི་ཚོགས་འཕྲལ་སྡོམ་སྟོབས་ཤུགས་ཀྱིས་སྲོག་ཉེན་ལས་ཐར་བའི་མི20ལྷག་ཙམ་བསྐྱབས་ཡོད།

  • ཚེས13ཉིན། ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པས་སི་རི་ཡའི་ས་ཡོམ་གེགས་ཁུལ་ལ་མཁོ་འདོན་བྱས་པའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་ཟོག་ཁག་གཉིས་པ་སི་རི་ཡའི་རྒྱལ་ས་ཏ་མ་སི་ཁུར་འབྱོར་བ་རེད།

  • ཐུར་ཁེ་དང་སི་རི་ཡ་སྲིད་གཞུང་དང་དེ་བཞིན་རོགས་སྐྱོབ་ལས་ཁུངས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན། ཐུར་ཁེའི་ལྷོ་རྒྱུད་ཀྱི་ས་ཡོམ་དྲག་པོ་དེས་ཐུར་ཁེ་དང་སི་རི་ཡར་མི་ཁྲི3.5ལྷག་ཙམ་རྐྱེན་ལམ་དུ་ཤོར་ཡོད་པ་རེད།

    a.png


  • ས་གནས་དེ་གའི་དུས་ཚོད་ཚེས12ཉིན། ཝུའུ་དབྱི་ལ་ཀྲུང་གོའི་སྐམ་ས་ཆེ་མོའི་སྐྱེས་པའི་ལས་རིགས་ཝང་ཆིའུ་སྤོ་ལོ་མཐུན་ཚོགས་ཀྱི་ཐོག་མའིATPསྐོར་སྐྱོད་འགྲན་བསྡུར་གྱི་ཁེར་རྐྱང་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ་རེད།

    b.jpg


  • ལམ་ཐུང་མྱུར་ཤུད་འཛམ་གླིང་བུམ་པའི་འགྲན་བསྡུར་ཧོ་ལན་གྱི་ཏོ་ཏུ་ལེ་ཧོ་ས་ཚིགས་ཀྱི་ཚེས12ཉིན་གྱི་འགྲན་བསྡུར་ནང་། ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་ལིན་ཞའོ་ཧྲེང་ལ་སྐྱེས་པའི་སྨི500ཡི་གསེར་གྱི་རྟགས་མ་ཐོབ་པ་རེད།

    སྤྱི་ཚོགས།

  • དེ་རིང་འབྲི་ཆུའི་ལྷོ་རྒྱུད་དང་། ཧྭ་ནན། ཡུན་ནན་བཅས་དང་དེ་བཞིན་མཚོ་བོད་ས་མཐོའི་ཤར་རྒྱུད་སོགས་སུ་དྲོད་ཚད4~8℃དམའ་རུ་ཕྱིན་ནས་ས་ཁུལ་ཁ་ཤས་སུ་དྲོད་ཚད10℃ཡན་ཆག་ཡོད།

  • ད་ལོ་ནས་བཟུང་མཚོ་སྔོན་དང་། ཧོ་པེ། ཀོས་ཀྲོའུ། ཨན་ཧོས་སོགས་ཞིང་ཆེན་མང་པོར་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་མཐོ་རུ་བཏང་ཡོད།

  • 2022ལོར་རྒྱལ་ཡོངས་སུ“འཆལ་རྡུང་ལོག་སེལ”གྱི་གྱོད་གཞི་ཁྲི1.3ལྷག་ཙམ་ཞིབ་གཅོད་བྱས་པ་རེད།

  • སྡོད་ཁང་འཛུགས་སྐྲུན་པུས་བསྟན་དོན། ད་ལོ་རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་ཁུལ་ཆུང་བ་དང་རྙིང་པ་ཁྲི5.3ཡན་གསར་དུ་སྒྱུར་བཀོད་བྱ་རྒྱུ་རེད།

  • རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོའི་ལོ་མཇུག་བར། རང་རྒྱལ་གྱི་མི་འབོར་ཁྲི་རེར་རིན་ཐང་མཐོ་བའི་གསར་གཏོད་ཁེ་བེད་བདག་ཐོབ་དབང་ཚད9.4ཟིན་ཡོད།

  • ཞ་མོན་ཞིབ་དཔྱོད་ལས་ཁུངས་ཀྱིས་ཧྲང་ཧེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་དང་། ཞིབ་དཔྱོད་དཔོན་ཀྲང་པིན་ཚེ་ཡིས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས་ཡོད།

    c.jpg


  • ཨེ་ཤེ་ཡའི་ཆེས་ཟབ་པའི་སྣུམ་རླངས་ཐད་ཁྲོན་ཟབ་ཤོས་ཏེ། ཕུན་ཧྲིན6པ་དེ་སི་ཁྲོན་གཤོངས་སར་བདེ་བླག་ངང་འབིགས་ཐུབ་པ་བྱུང་ཞིང་།  ཁྲོན་པའི་གཏིང་ཟབ་ཤོས་ལ་སྨི9026ཟིན་ཡོད།

  • རྒྱལ་ཁབ་ནུས་རྒྱུ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོར་རང་རྒྱལ་གྱི་གློག་གསོག་རྨང་གཞི་སྒྲིག་བཀོད་ལོའི་གྲངས་འབོར་འཕར་སྣོན་བྱུང་ཚད་ཁྲི260ཙམ་ཟིན་ཡོད་ལ། དེ་དུས་མཚུངས་ལས100%ཙམ་འཕར་ཡོད་པ་རེད།

    d.png


  • ཧྲན་ཤིས(山西)ཧྥུན་དབྱང་གྲོང་ཁྱེར་ཧྥེང་ཧོ་ཀོའུ་གྲོང་ཚོར་རྡོ་ཆས་གསར་པའི་དུས་རབས་ཀྱི་རྗེས་ཤུལ་ཞིག་རྙེད་པ་དང་། ད་བར་དུ་ལོ་ངོ5500ཙམ་སོང་ཡོད།

  • ཁྲོམ་ཆེན་གྱི་སྐྱེས་པ་ཞིག་ཟམ་པ་ནས་ལྡིང་ནས་རང་སྲོག་གཅོད་གྲབས་བྱེད་བཞིན་ཡོད་སྐབས། ལམ་བར་དུ་ཡོད་པའི་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་ཐང་སུང་གིས་འཕྲལ་མར་རླངས་འཁོར་བསྡད་དེ་སྐྱེས་པ་དེ་ཁོང་ཕྱིར་འཐེན་བྱས།

སྲིད་ཇུས།

  • ཁྲོམ་ཆེན་གྱིས་ཁྲོན་པའི་ཁ་ལེབ་མེད་པ་དང་བོར་སྟོར་བྱུང་བ་དེ་ཆུ་ཚོད24ནང་ཉམས་གསོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

  • ཐེན་ཅིན་གྱིས་འགྲུལ་སྐྱེལ་བོགས་གཏོང་རླངས་འཁོར་གཉེར་སྐྱོང་ཐོབ་ཐང་ལག་ཁྱེར་སོགས་འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་གློག་རྡུལ་ལག་ཁྱེར་རིགས5སྤྱོད་རྒྱུ་རེད།

  • ཧྲན་ཤིས(山西)ཀྱིས་ཆེད་སྦྱོང་ཚན་ཁག་དང་དངོས་གཞིའི་ཚན་ཁག  དེ་བཞིན་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་དང་། སློབ་ཐོན་སློབ་མ་སོ་སོར་སྒོར4000དང་སྒོར8000ཡི་ཚད་གཞི་ཁ་གསལ་བཏོན་ནས།  དམག་ཞུགས་བྱེད་པར་རེབ་ཐེངས་གཅིག་གི་བྱ་དགའི་དངུལ་སྤྲོད་རྒྱུ་རེད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཧེ་ལུང་ཅང་གི་བྱང་ཤར་རྒྱུད་དང་། ཤིན་ཅང་ལྷོ་རྒྱུད་ཀྱི་རི་ཁུལ། ཧྲན་ཤིས་ལྷོ་ནུབ་རྒྱུད། སི་ཁྲོན་ནུབ་རྒྱུད་ས་མཐོ། ཧོ་པེའི་ནུབ་རྒྱུད། ཀོས་ཀྲོའུ་བྱང་ཤར་རྒྱུད་དང་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བའམ་ཡང་ན་ཆར་པ་འབབ་ཀྱི་རེད། སི་ཁྲོན་གཤོང་ས་དང་། ཁྲོམ་ཆེན་དབུས་ནུབ་རྒྱུད། ཀོས་ཀྲོའུ་ཡི་ས་ཆ་མང་ཆེ་བ། ཡུན་ནན་ཤར་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་ཤར་རྒྱུད་ཀྱི་ས་ཆ་མང་ཆེ་བ། ཧྭ་ནན་དབུས་ཤར་རྒྱུད་ཀྱི་ས་ཆ་མང་ཆེ་བ། ཧེ་ནན་གླིང་ཕྲན་དང་ཐེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབབ་པ་དང་། ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་ཙམ་འབབ་ཀྱི་རེད། 

    e.jpg 


  • 2022ལོ་འཁོར་གྱི་རྒྱལ་ཁབ་ཀྱི་གཅིག་གྱུར་བཅའ་ཁྲིམས་ལས་རིགས་ཐོབ་ཐང་ཡིག་རྒྱུགས་ནར་འགྱངས་བྱས་པའི་རྒྱུགས་ལེན་དེ་ཚེས25དང26ཉིན་སྤེལ་རྒྱུ་རེད།

  • ཚེས16ཉིན་ནས་བཟུང་། ཁྲེང་ཏུའུ་ཐེན་ཧྥུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འགྲིམ་འགྲུལ་ལག་རྩལ་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་སྤྱད་དེ་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ལ་པར་ལེན་བྱེད་མགོ་ཚུགས་རྒྱུ་རེད།


མཉམ་སྤྱོད།