དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི“ཇ་ཡུན”གསར་འགྱུར།

2023-02-15 09:44:20   |   163

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   བཤེར་འབེབས།  རིན་ཆེན་ཚེ་རིང་།   


གསར་འགྱུར་གལ་ཆེན

  • ཚེས14ཉིན་གྱི་ཕྱི་དྲོ།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་དབྱི་རན་གྱི་ཙུང་ཐུང་ལའེ་ཤིས་དང་གྲོས་མོལ་གནང་།

  • ཞིང་ལས་དང་གྲོང་གསེབ་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོར་ཞིང་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི2ལས་ཐོག་མར་བརྒལ་ཡོད་པ་རེད།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་སྡོམ་རྩིས་ལས་མངོན་པ་ལྟར་ན། 2023ལོའི་ཟླ1པོའི་བར་རང་རྒྱལ་གྱི་ཁྲོམ་རའི་བྱེད་པོ་དུང་ཕྱུར1.7སླེབས་ཡོད། དེའི་ནང་རྒྱལ་ཡོངས་སུ་ཐོ་འགོད་བྱས་པའི་ཁེར་རྐྱང་བཟོ་ཚོང་དུད་ཚང་དུང་ཕྱུར1.14ཟིན་ཡོད།

  • རྒྱལ་ཁབ་ནུས་རྒྱུ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་ནུས་གསོག་རྣམ་གྲངས་གསར་པའི་གློག་འདོན་འཕྲུལ་འཁོར་གྱི་གཞི་ཁྱོན་ཆན་ཝ་ཁྲི870སླེབས་ཡོད།

  • ཉེ་ཆར།  ལྷོ་རྒྱུད་འཐབ་ཁུལ་གྱི་མཚོ་དམག་གི་སྲུང་སྐྱེལ་དམག་གྲུ་ཉིང་ལག་རུ་ཁག་གི་ཀོང་ཨན་དམག་གྲུ་དང་སུའེ་ཉིང་དམག་གྲུ་ལས་གྲུབ་པའི་དམག་གྲུའི་རུ་དཔུང་ལྷོ་རྒྱ་མཚོའི་མཚོ་ཁོངས་ཤིག་ཏུ་མཁའ་ཟོན་འཕུར་མདའ་འགོག་པའི་ཆེད་དོན་སྦྱོང་བརྡར་བྱེད་པར་བསྐྱོད་པ་རེད།

    a.jpg


  • ཀྲུང་གོ་སྲིད་གཞུང་གིས་སི་རི་ཡའི་ཡོམ་འགོག་གེགས་སེལ་ལ་རོགས་སྐྱོར་བྱེད་པའི་མི་ཆོས་རིང་ལུགས་ཀྱི་དངོས་ཟོག་ཚེས14ཉིན་ནན་ཅིང་ནས་སྐྱེལ་མགོ་མགོ་ཚུགས་པ་རེད།

  • ཐུར་ཁེ་དང་སི་རི་ཡ་སྲིད་གཞུང་དང་དེ་བཞིན་རོགས་སྐྱོབ་ལས་ཁུངས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན། ཐུར་ཁེའི་ལྷོ་རྒྱུད་ཀྱི་ས་ཡོམ་དྲག་པོ་དེས་ཐུར་ཁེ་དང་སི་རི་ཡར་མི་ཁྲི3.7ལྷག་ཙམ་རྐྱེན་ལམ་དུ་ཤོར་ཡོད་པ་རེད།

  • ཉིའུ་ཧོང་ཐུན་མོང་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན།  ཉིའུ་ཧོང་གི་དོམ་ཁྲ་ཕོ“ཡུང་མིང་”དང་མཚེ་མ་མོ“དབྱིང་པིན”དང་“ཐའོ་པིན”ཚེས22ཉིན་ཀྲུང་གོར་ཕྱིར་ལོག་བྱ་རྒྱུ་རེད།

  • ཨ་རིའི་རླུང་འཕྲིན་ཀུང་སིས་ཚེས13ཉིན་གནས་ཚུལ་སྤེལ་བར་གཞིགས་ན།  གྲངས་གཞི་གསར་ཤོས་ལས་མངོན་པར་ལྟར་ན། ཨ་རིའི་ཨུ་ཧེ་ཨུ་ཀྲོའུ་ཡི་ལྕགས་ལམ་ལས་བྲལ་བའི་མེ་འཁོར་གྱིས་བཏོན་པའི་དུག་ལྡན་རྫས་འགྱུར་དངོས་པོ་དེ།  དེ་སྔོན་གནས་ཚུལ་སྤེལ་བ་ལས་མང་བ་དང་ཤུགས་རྐྱེན་ཐེབས་ཁྱོན་དེ་བས་ཆེ་བ་ཡོད།

སྤྱི་ཚོགས།

  • ཚེས16ཉིན་ནས་བཟུང་། རང་རྒྱལ་གྱི་དབུས་ཤར་རྒྱུད་ཀྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་རྒྱུན་གཏན་གྱི་དུས་མཚུངས་ལས་ཅུང་མཐོ་བའི་ཆུ་ཚད་དུ་སླེབས་རྒྱུ་རེད། ཚེས18ཉིན་གྱི་སྔ་རྗེས་སུ་འབྲི་ཆུའི་ལྷོ་རྒྱུད་དང་ཧྭ་ནན་སོགས་ཀྱི་དྲོད་ཚད་མཐོ་ཤོས20℃ལས་བརྒལ་རྒྱུ་རེད།

  • 2022ལོར་རང་རྒྱལ་གྱི་གློག་ཤུགས་ཁྲོམ་རའི་ཉོ་ཚོང་གཞི་ཁྱོན་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། ཉོ་ཚོང་གི་གློག་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་ཁྲི5.25ཟིན་ཡོད། དེ་དུས་མཚུངས་ལས39%འཕར་ཡོད།

  • ཚེས14ཉིན། རྒྱལ་ནང་གི་མཁའ་འགྲུལ་གསོ་རིག་རོགས་སྐྱོབ་ཀྱི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་ཐོག་མ་དེ་དངོས་སུ་བཙུགས་པ་རེད།

  • ཚེས14ཉིན།  རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུ་ཡི་དྲ་ཚིགས་ཐོག་མཛེས་འཆོས་བྱུག་རྫས་ཁག15ལ་སྤྱོད་མི་ཆོག་པའི་རྒྱུ་ཆ་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་བརྡ་ཁྱབ་བཏང་བ་རེད།

  • ཀྲུང་གོ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི། ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཁྲེན་མོ་ཡོན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པས། མིག་སྔར་ཞིབ་བཤེར་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

    b.jpg


  • ཚེས14ཉིན། “ཀྲུང་གོའི་ཧྥུ་ཡན”དུས་ཐེངས་གཉིས་པའི་རྣམ་གྲངས་དེ་ཁྲུང་ཆིང་ཡུན་དབྱང་དུ་ལས་མགོ་ཚུགས་པ་རེད།

  • པེ་ཅིང་གིས2023ལོར་དམངས་ཕན་འཚོ་བའི་སྐར་མ15ཡུན་གྱི་ཚོད་ལྟའི་ཚོགས་རར80སྐྲུན་རྒྱུའི་ཐག་བཅད་ཡོད།

    c.jpg


  • རང་རྒྱལ་གྱི་ཚན་ཞིབ་མི་སྣས་ཧུའུ་པེའི་ཀྲུའུ་ཞི་རྫོང་དང་ཧྲེན་ལོང་ཅ་ནགས་ཁུལ་དུ་སྲན་རིགས་རྩི་ཤིང་གི་སྐྱེ་དངོས་རིགས་གསར་པ་ཞིག་རྙེད་པ་དང་།  མིང་ལ་པ་ཧྲན་ཧོང་ཡན་ཁྲོན་ཞེས་བཏགས།

    d.gif


  • ཧོ་པེ་ཧྲི་ཅ་ཀྲོང་གི་ཁྱིམ་ཚང་ཞིག་གི་ནང་མི་གསུམ་སྔ་རྗེས་སུ་ཆུ་ནང་དུ་ལྷུང་བ་དང་། གྲོང་མི་མང་པོ་ཞིག་སྐྱོབ་རོགས་བྱེད་པར་ཡོང་། སྨན་བཅོས་དུས་ཐོག་ཏུ་བྱས་པའི་རྐྱེན་གྱིས་ཆུར་ལྷུང་མཁན་ཚང་མ་ཉེན་ཁ་ནས་ཐར་བར་གྱུར།

སྲིད་ཇུས།

  • ཧྲང་ཧའེ་ཡིས་གཏན་འབེབས་བྱས་དོན། སློབ་གྲྭའི་ཟ་ཁང་དུ་ཟས་རིགས་བདེ་འཇགས་མི་སྣ1ཡན་བཀོད་སྒྲིག་བྱེད་དགོས་པ་དང་། ཟས་རིགས་བདེ་འཇགས་མི་སྣ་ནི་སློབ་གྲྭའི་ཟས་རིགས་བདེ་འཇགས་ལས་དོན་མི་སྣས་འགན་འཁུར་དགོས།

  • སི་ཁྲོན་གྱིས་བརྡ་ཐོ་བཏང་ནས་ཞིང་ཆེན་ནང་ཁུལ་གྱི་རྒྱུན་གཏན་གྱི་སོ་འདེབས་སྨན་བཅོས་ཞབས་ཞུའི་རིན་གོང་གི་བརྒྱུད་རིམ་ཧྲིལ་པོའི་སྙོམས་སྒྲིག་དམིགས་ཚད་སྒོར4400ལས་མི་བརྒལ་བ་ཁ་གསལ་བཟོས་ཡོད།

  • ཧེང་ཆིན་དང་། ཀོང་ཏུང་།ཨོ་མོན་བཅས་ཀྱི་མཉམ་ལས་གཏིང་ཟབ་ཁུལ་གྱིས་ཡིག་ཆ་བཀྲམ་ནས། ཁེ་ལས་ཀྱིས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་15%ལོངས་སུ་སྤྱོད་རྒྱུ་ཡོད་པ་སྔར་བས་ཁ་གསལ་བཟོས་ཡོད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཞིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ་དུ་ཁ་བ་ཆུང་བ་ནས་འབྲིང་ཙམ་འབབ་པ་དང་། ས་ཁུལ་ཁ་ཤས་སུ་ཁ་བ་ཆེན་པོ་འབབ་རྒྱུ་རེད།  སི་ཁྲོན་གཤོང་སའི་ནུབ་རྒྱུད་དང་བྱང་རྒྱུད། ཡུན་ནན་གྱི་དབུས་ནུབ་རྒྱུད་དང་བྱང་ཤར་རྒྱུད། ཧེ་ནན་གླིང་ཕྲན་གྱི་ཤར་རྒྱུད། ཐེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་ཆུང་འབབ་རྒྱུ་རེད།

  • རྒྱུགས་སྤྲོད། ཧུའུ་པེ་དང་། ཧོ་པེ། ཁྲུང་ཆིང་།ཧེ་ལུང་ཅང་སོགས་ཀྱིས་བརྡ་ཐོ་བཏང་ནས། ཟླ3པའི་ཚེས12ཉིན། 2022ལོའི་ལོ་སྨད་ཀྱི་རྒྱལ་ཡོངས་སློབ་ཆེན་གྱི་དབྱིན་ཡིག་རིམ་པ་བཞི་པ་དང་དྲུག་པའི་ཡིག་རྒྱུགས་ལེན་རྒྱུ་རེད།

  • འགྲིམ་འགྲུལ།  པེ་ཅིང་ཏ་ཤིང་གནམ་གྲུ་ཐང་ནས་ཧོ་པེ་ཀུའུ་ཨན་ལྷོ་ཚུགས་བར་གྱི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་སླར་གསོ་གཉེར་སྐྱོང་བྱ་རྒྱུ་དང་། ཉིན་རེར་ཕྱོགས་གཉིས་པོར་རླངས་འཁོར་གཏོང་ཐེངས6རེ་གཏོང་རྒྱུ་རེད།


མཉམ་སྤྱོད།