དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས་དྲ་རྒྱའི་བདེ་འཇགས་སློབ་རའི་ནང་དུ་སྐྱོད་པའི་བྱེད་སྒོ་སྤེལ།

2023-02-15 10:14:25   |   738

རྩོམ་སྒྲིག  སངས་དོན།  འདོན་སྤྲོད།  མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།    བཤེར་འབེབས།  རིན་ཆེན་ཚེ་རིང་། 


དྲ་རྒྱའི་བདེ་འཇགས་ཤེས་བྱ་དང་།རྒྱ་ཆེའི་དགེ་སློབ་ཀྱི་དྲ་རྒྱའི་བདེ་འཇགས་འདུ་ཤེས་སྔར་བས་ཁྱབ་གདལ་དང་མཐོར་འདེགས་སུ་གཏོང་ཆེད། ཟླ2པའི་ཚེས13ཉིན། སློབ་སྐབས་གསར་བ་མགོ་ཚུགས་མ་ཐག་ཏུ།མདོ་ལ་རྫོང་ཨུའི་དྲ་འཕྲིན་གཞུང་དོན་ཁང་གིས་རྫོང་སྤྱི་བདེ་ཅུའི་དྲ་བའི་བདེ་འཇགས་རུ་ཆེན་དང་རྫོང་སློབ་གསོ་ཅུ་དང་མཉམ་འབྲེལ་སྒོས་སློབ་གྲྭ་ཆུང་འབྲིང་ཁག་ཅིག་ཏུ་བསྐྱོད་དེ། རྒྱ་ཆེའི་དགེ་སློབ་ཚོར་ཐུན་མིན་ཁྱད་ཆོས་ལྡན་པའི་དྲ་རྒྱའི་བདེ་འཇགས་སློབ་གསོའི་སློབ་ཐུན་ཞིག་སྤེལ།

a.png

སློབ་ཁྲིད་སྟེང་། དགེ་རྒན་གྱིས་དྲ་བའི་མགོ་སྐོར་དང་དྲ་རྒྱའི་གཏུམ་སྤྱོད། དྲ་རྒྱར་དབྱིངས་ཞུགས་པ། མི་སྒེར་གྱི་ཆ་འཕྲིན་ཕྱི་གྱར་བཅས་སྔོན་འགོག དྲ་རྒྱའི་འཆལ་གཏམ་བཀག་འགོག་སོགས་ཀྱི་ནང་དོན་ལ་དམིགས་ནས་བརྙན་ལམ་ཐུང་ངུ་དང་། PPT ཡི་དངོས་བྱུང་གྱོད་གཞི་སོགས་དང་དམ་འབྲེལ་སྒོས། སློབ་མ་ཚོར་དྲ་རྒྱའི་བདེ་འཇགས་ཉེན་ཁ་དང་དེ་བཞིན་བདེ་ཐང་དང་དཔལ་ཡོན། བདེ་འཇགས་དྲ་ཞུགས་བྱེད་ཐབས་ལ་འགྲེལ་བཤད་བརྒྱབ་པ་དང་། ན་གཞོན་ཚོར་སློབ་སྐབས་གསར་བར་བདེ་འཇགས་དང་བདེ་ཐང་གི་དྲ་ཞུགས་ལྟ་བ་ཁྲིད་སྟོན་ནུས་ལྡན་བྱས།

b.png

ཐེངས་འདིའི་བྱེད་སྒོའི་སྟེང་། རོལ་རྩེད་དང་སློབ་སྦྱོང་ཟུང་འབྲེལ་དང་། རྣམ་པ་སྣ་ཚོགས་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་བྱེད་སྒོ་སྤེལ་བ་བརྒྱུད། དྲ་རྒྱའི་བདེ་འཇགས་ཤེས་བྱ་སློབ་གྲྭར་འཁྱེར་ནས། གཞོན་ནུ་ལོ་ཆུང་ཚོར་དྲ་རྒྱའི་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་ངོས་འཛིན་གསལ་བོ་བྱེད་དུ་བཅུག་པ་དང་། གཞོན་ནུ་ལོ་ཆུང་ཚོའི་དྲ་རྒྱའི་བདེ་འཇགས་འདུ་ཤེས་གསོ་སྐྱོང་། དྲ་རྒྱའི་བདེ་འཇགས་དོགས་ཟོན་ནུས་པ་མཐོར་འདེགས་སུ་བཏང་། ལྗང་མདོག་དྲ་ཞུགས་དང་། དཔལ་ཡོན་དྲ་ཞུགས། བདེ་འཇགས་དྲ་ཞུགས་བཅས་ཀྱི་འདུ་ཤེས་སློབ་རར་གཏིང་ཟབ་སྤེལ་ནས། སློབ་གྲྭའི་དྲ་རྒྱའི་བདེ་འཇགས་ཀྱི“ཟངས་རི་ལྕགས་མཁར”བརྟན་པོར་བཟོས་ཞིང་། ཕྱོགས་ཡོངས་ནས་སློབ་གྲྭའི་དཔལ་ཡོན་དང་། བདེ་འཇགས། འཆམ་མཐུན་གྱི་དྲ་བའི་ཁོར་ཡུག་ཅིག་བསྐྲུན། 


མཉམ་སྤྱོད།