དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་གིས་ཁུལ་ཡོངས་ཀྱི་སྔོན་དུ་ཐོན་སྐྱེད་བདེ་འཇགས་ཨུ་ཡོན་ལྷན་ཁང་གི“ཀྲུའུ་རིན་གཉིས”ཀྱི་ལམ་ལུགས་ཁྱབ་སྤེལ་བྱས།

2023-02-15 10:18:21   |   248

རྩོམ་སྒྲིག སངས་དོན།  འདོན་སྤྲོད།  རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཉེ་ཆར། རྐང་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སྔོན་གྱི་རྫོང་དཔོན་གཅིག་པུས་ཐོན་སྐྱེད་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་ཁུར་བ་དེ། ད་ལྟ་རྫོང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན་གཉིས་ཀྱིས་འགན་འཁུར་བའི་“ཀྲུའུ་རིན་གཉིས”སུ་བསྒྱུར་བས། ཏང་ཨུ་དང་སྲིད་གཞུང་གི་གཙོ་འགན་བློ་མཐུན་ཚང་མ་ཐོན་སྐྱེད་བདེ་འཇགས་བྱ་བའི་འགན་ཁུར་པ་དང་པོར་གྱུར་ཡོད། “ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས། མཉམ་འཛིན་དོ་དམ། ལས་འཛོལ་བྱུང་ན་འགན་འཁྲི་རྩད་གཅོད་བྱེད་པ”སྲོག་ཤིང་དུ་འཛིན་པའི་ཐོན་སྐྱེད་བདེ་འཇགས་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ས་ཁོངས་དང་ལྟ་སྐུལ་དོ་དམ། གཙོ་འགན་དོན་ཐོག་ཏུ་འཁྱོལ་ནས། རྫོང་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་བྱ་བ་བདེ་བླག་ངང་སྤེལ་བར་འགན་ལེན་བྱས།

ད་ཐེངས་ཀྱི་ཐོན་སྐྱེད་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་སྒྲིག་འཛུགས་བྱས་པའི་མགོ་ཁྲིད་ལས་ཁུངས་ལེགས་སྒྲིག་འདིས། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཐོན་སྐྱེད་བདེ་འཇགས་བྱ་བར་དམ་འཛིན་ནན་མོ་བྱེད་པའི་ཆོད་སེམས་བརྟན་པོ་གང་ལེགས་སྒོས་མཚོན་ཡོད་ལ། རྐང་ཚ་རྫོང་གིས་ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་གིས་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་མཛུབ་སྟོན་གལ་ཆེན་གྱི་མཆན་བཀོད་དགོངས་དོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐོན་སྐྱེད་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཐོན་སྐྱེད་ལ་ཤུགས་སྣོན་རྒྱག་པའི་“དོན་ཚན་བཅོ་ལྔའི”བྱེད་ཐབས་ཡག་པོ་དང་། 《ས་གནས་ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་ཐོན་སྐྱེད་བདེ་འཇགས་འགན་འཁྲིའི་ལམ་ལུགས་གཏན་འབེབས》ཀྱི་དངོས་གཉེར་བྱ་ཐབས་དང་བྱེ་བྲག་གི་ལག་ལེན་དོན་ཐོག་ཏུ་འཁྱོལ་ཏེ། རྫོང་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་གིས་ཐོན་སྐྱེད་བདེ་འཇགས་བྱ་བ་ཡག་པོ་སྒྲུབ་པའི་འགན་འཁྲིའི་འདུ་ཤེས་དང་འགན་སྒྲུབ་ཆོད་སེམས། དགོས་གཏུག་གི་འདུ་ཤེས་བཅས་སྔར་ལས་མཐོར་འདེགས་སུ་བཏང་ཡོད།

སླད་མར། རྐང་ཚ་རྫོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུ། ཁུལ་སྲིད་གཞུང་གི་ཐོན་སྐྱེད་བདེ་འཇགས་བྱ་བའི་བཀོད་སྒྲིག་སྐོར་གྱི་བླང་བྱ་གཏིང་ཟབ་ཀྱི་སྒོ་ནས་ལག་ལེན་དོན་འཁྱོལ་བྱེད་པ་དང་ཆབས་ཅིག ཕྱོགས་ཡོངས་ནས་ཐོན་སྐྱེད་བདེ་འཇགས་ཨུ་ཡོན་ལྷན་ཁང་གི“ཀྲུའུ་རིན་གཉིས”དོན་ཐོག་ཏུ་འཁྱོལ་བའི་གོ་སྐབས་དམ་འཛིན་བྱས་ཏེ། རྐང་ཚ་རྫོང་གི་ཐོན་སྐྱེད་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་བྱ་བའི་ལམ་སྲོལ་ཁག་སྔར་ལས་འཐུས་ཚང་དུ་བཏང་ནས། ཕྱོགས་ཀུན་ནས“དགོས་ངེས་གསུམ”གྱི་བླང་བྱ་དོན་འཁྱོལ་བྱས་ཏེ། ཏན་ཏིག་སྒོས“ས་གནས་ཀྱི་འཕེལ་རྒྱས་དང་བདེ་འཇགས་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཡོད། 


མཉམ་སྤྱོད།