དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་གིས་ལས་གཞི་དུས་ལྟར་ལེགས་འགྲུབ་ཡོང་བར་འགན་ལེན་བྱས།

2023-02-15 10:37:50   |   120

རྩོམ་སྒྲིག  སངས་དོན།  ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།    བཤེར་འབེབས།  རིནཆེན་ཚེ་རིང་།


ད་ལོར་ཁུལ་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ལས་གཞིའི་འཛུགས་སྐྲུན་གྱི་དུས་ཚོད་ཐུང་ལ་ལས་འགན་ལྕི་བས། མཚོ་བྱང་ཁུལ་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་བྱ་བའི་འགན་ཁུར་སྔར་ལས་ནན་དུ་བཏང་སྟེ“ལས་གཞི་རྩིས་ཐོ་ཅན་དང་རྩིས་ཐོ་འགན་ཁུར་ཅན”གྱི་བླང་བྱ་ལྟར་སྔོན་ལ་འཆར་འགོད་དང་སྔོན་ལ་བཀོད་སྒྲིག སྔོན་ལ་འགུལ་སྐྱོད་སྤེལ་བ་བཅས་བྱས་ནས་ལས་གཞི་འཛུགས་སྐྲུན་གྱི་ལས་འགན་དུས་ཐོག་ཏུ་སྤུས་ཚད་འགན་ལེན་ངང་ལེགས་འགྲུབ་བྱ་རྒྱུ་རེད།   

དུས་ཆེན་རྗེས་ཀྱི་གཟའ་འཁོར་དང་པོར། ཁུལ་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་ཆེད་དོན་ཚོགས་འདུ་འཚོགས་ནས་ལས་གཞི་འཛུགས་སྐྲུན་ནང་ཞུགས་མཁན་གྱིས་བསམ་བློ་གཅིག་སྡུད་དང་རྣམ་པ་ལེགས་སྒྲིག སྙིང་སྟོབས་ཆེར་སྐྱེད་བཅས་བྱས་ནས་འགག་རྩའི་ལོར་འབད་འཐབ་བྱེད་དགོས་པའི་བླང་བྱ་བཏོན། གོང་རིམ་ལས་སྒོའི་སྡེ་ཁག་དང་ཁུལ་འཕེལ་སྒྱུར་སྡེ་ཁག་དང་སྦྲེལ་མཐུད་ཧུར་ཐག་བྱས་ཏེ། རྒྱལ་ཁབ་ཀྱི་ལས་གཞི་གསར་ཤོས་ཀྱི་གཏོང་ཕྱོགས་ལྟར། “ལྔ་བཅུ་བཞིའི”འཆར་འགོད་དང་ཁུལ་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་ཇུས་གཞི་དང་བསྡུར་བ་བྱས་ནས། མ་དངུལ་སྒོར་དུང་ཕྱུར3.5གཏང་བའི་ལས་གཞི12ཇུས་འགོད་བྱས་པར་མ་ཟད་རེ་ཞུའི་སྙན་ཞུ་ཕུལ། དེའི་ཁྲོད། མ་དངུལ་སྒོར་ཁྲི5588གཏང་བའི་ནུབ་མཚོ་གྲོང་རྡལ་ས་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བཟོ་སྐྲུན་དང་། མ་དངུལ་སྒོར་ཁྲི3025གཏང་བའི་མཚོ་བྱང་ཁུལ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་གྱི་དྲོད་འདོན་སྦུག་ལམ་དྲ་བའི་སྒྱུར་བཀོད་ལས་གཞི། མ་དངུལ་སྒོར་ཁྲི1570གཏང་བའི་མཚོ་བྱང་ཁུལ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་གྱི་རླངས་འཁོར་འཇོག་ས་འཛུགས་སྐྲུན་བྱེད་པའི་ལས་གཞི། མ་དངུལ་སྒོར་ཁྲི3100གཏང་བའི་མཚོ་བྱང་ཁུལ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་གྱི་མཁར་གྲོང་གི་སྡོད་དམངས་ཀྱི་འཚོ་བའི་འཐུང་ཆུ་སྒྱུར་བཀོད་ལས་གཞི་སོགས་དོན་འཁྱོལ་ཐུབ་རྒྱུའི་རེ་བ་ཡོད་པ་རེད།  ལས་གཞིའི་དུས་མགོའི་བྱ་བར་དམ་པོར་དམིགས་པ་དང་ལས་རིམ་ཁ་གསལ་བཟོས་ཏེ། དངུལ་མཚེའུ་ཟམ་ཆེན་དང་གསར་བརྗེའི་གྲོང་རྡལ་ཆུང་ཆུང་སོགས་གསར་སྐྲུན་ལས་གཞིའི་དུས་མགོའི་ཆོག་མཆན་རེ་ཞུ་བྱ་བའི་འཕེལ་རིམ་མགྱོགས་སུ་བཏང་།  རྗེས་མཐུད་འཛུགས་སྐྲུན་ལས་གཞིའི་འཕེལ་རིམ་ལ་དམ་པོར་དམིགས་ནས་ནུབ་མཚོ་ཚོང་ར་ཆེན་མོ་དང་འཇུ་ལག་ལམ་སོགས་ལས་གཞི་མགོ་བརྩམས་ཏེ་བཀོད་སྒྲིག་ལྟར་ལས་མགོ་བསྐྱར་ཚུགས་ཀྱི་འཆར་གཞི་བཟོས་ནས་ཨར་སྐྲུན་རྒྱུ་ཆ་སྒྲིག་འཛུགས་བྱས་ཡོད།


མཉམ་སྤྱོད།