དེ་རིང་ནི2025ལོའི་ཟླ08པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་སློབ་སྦྱོང(རྒྱ་སྐྱེད)ཚོགས་འདུ་འཚོགས།

2025-08-08 15:23:56   |   61

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ8པའི་ཚེས7ཉིན། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་སློབ་སྦྱོང(རྒྱ་སྐྱེད)ཚོགས་འདུ་འཚོགས་ནས་ཞིང་ཆེན་གཞི་གྲངས་ཅུའི་ཅུ་ཀྲང་ཅིན་ལིས་གདན་འདྲེན་ཞུས་ཏེ“མིས་བཟོས་རིག་ནུས་དང་གྲངས་འཛིན་དཔལ་འབྱོར”ཞེས་པའི་ཆེད་དོན་འཆད་ཁྲིད་གནང་། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཁོངས་མི་སོ་སོ་དང་ཁུལ་ཨུའི་སྡེ་ཁག་སོ་སོ། ཁུལ་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་སོ་སོ། མང་ཚོགས་ཚོགས་པ་སོ་སོ། ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་ལས་ཁུངས་ཀྱི་རྫོང་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་དང་། དེ་བཞིན་མཚོ་བྱང་ཁུལ་གྱི་ལྗང་མདོག་རྩིས་ནུས་འཕེལ་རྒྱས་མགྱོགས་གཏོང་ཆེད་དོན་ཞིབ་གྲོས་འཛིན་གྲྭའི་སློབ་མ་ཡོངས་སློབ་སྦྱོང་ཚོགས་འདུར་ཞུགས། ཁུལ་དཔོན་གཞོན་པ་ཧན་ཧྲིས་ཚོགས་འདུར་གཙོ་སྐྱོང་གནང་།

1.jpg

ཆེད་དོན་འཆད་ཁྲིད་སྟེང་། ཅིན་ལིས་ཀྱིས་སྲིད་ཇུས་དང་ཐོན་ལས། ཉེར་སྤྱོད་བཅས་ཕྱོགས་ཆེན་པོ་གསུམ་གྱི་ཐད་ནས་མིས་བཟོས་རིག་ནུས་ཀྱི་འཕེལ་ཕྱོགས་རང་བཞིན་གྱི་འགྱུར་ལྡོག་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། མིས་བཟོས་རིག་ནུས་ཀྱིས་མཚོ་སྔོན་འཕེལ་རྒྱས་ཀྱི་ཞིབ་ཕྲའི་ཐབས་ལམ་ལ་འགྲེལ་བཤད་གཏིང་ཟབ་བྱས། ཚང་མས་འཆད་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་བསམ་བློ་གཏིང་ཟབ་པ། རིགས་པའི་གཞུང་ལུགས་རང་བཞིན་དང་དམིགས་སའི་རང་བཞིན། མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན་པའི་ངོས་འཛིན་གཅིག་མཐུན་བྱས་ཤིང་། མཚོ་བྱང་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཁ་གཏད་རང་བཞིན་གྱི་བསམ་འཆར་དང་གྲོས་མགོ་བཏོན་པ་དེས་མཚོ་བྱང་ཁུལ་གྱིས་མིས་བཟོས་རིག་ནུས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་ཐོན་ལས་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི“ལོ་ལྔའི་འཆར་གཞི་བཅོ་ལྔའ་པའི”འཆར་འགོད་བཟོ་བཀོད་བཅས་ལ་མཛུབ་ཁྲིད་ཀྱི་དོན་སྙིང་ཧ་ཅང་ཆེན་པོ་ལྡན།

2.jpg

3.jpg

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ལས་ཁུངས་སོ་སོས་གང་མགྱོགས་སྒོས་བྱ་ཐབས་སྣ་ཚོགས་བརྒྱུད་སློབ་ཁྲིད་ཀྱི་གཙོ་གནད་དང་དགོངས་དོན་རིམ་པ་སོ་སོར་བརྒྱུད་སྒྲོག་བྱས་ཏེ་མི་ཡོངས་ནས་རྟོགས་པར་བྱེད་དགོས། སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་ནང་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྦྱངས་པ་བེད་སྤྱོད་བྱ་རྒྱུར་མཐོང་ཆེན་བྱས་ཏེ་འཆད་ཁྲིད་ཀྱི་གོ་རྟོགས་དང་བསམ་ཕྱོགས་དེ་རང་གི་ལས་ཁུངས་དང་རང་གི་ཁྱབ་ཁོངས་ཀྱི་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བྱ་བའི་དཀའ་གནད་ཐག་གཅོད་བྱེད་པའི་ཞིབ་ཕྲའི་བསམ་ཕྱོགས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ནུས་ལྡན་དུ་བསྒྱུར་དགོས། མཚོ་བྱང་ཁུལ་གྱི་ལྗང་མདོག་ནུས་ཁུངས་ལེགས་ཆར་བརྟེན་ནས་ལྗང་མདོག་རྩིས་ནུས་ཐོན་ལས་གཙོ་གནད་དུ་གསོ་སྐྱོང་བྱས་ཏེ། མིས་བཟོས་རིག་ནུས་ཀྱི་འབྲེལ་ཡོད་ཁེ་ལས་མཚོ་བྱང་དུ་འཕེལ་རྒྱས་ཡོང་བར་ཚུར་འགུག་བྱས་ཏེ“རྩིས་ནུས+རྩི་ཐབས+གཞི་གྲངས”ཀྱི་ཐོན་ལས་སྐྱེ་ཁམས་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། སློབ་གསོ་དང་སྨན་བཅོས། ཁྲིམས་འཛིན། སྐྱེ་ཁམས། ཞིང་ཕྱུགས། རིག་གནས་གནས་སྐོར་སོགས་གཙོ་གནད་ལས་རིགས་ཁྱབ་ཁོངས་སུ་འགུལ་སྐྱོད་ཧུར་ཐག་སྤེལ་ནས་ལས་རིགས་དེ་གའི་གཞི་གྲངས་ཅན་གྱི་རིགས་སྒྱུར་དང་མིས་བཟོས་རིག་ནུས་ཀྱི་ནུས་པ་འདོན་སྤྲོད་བཀོལ་སྤྱོད་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། ལས་རིགས་ཀྱི་ཁྱད་ཆོས་དང་འཕེལ་རྒྱས་ཀྱི་དགོས་མཁོ་ཟུང་འབྲེལ་བྱས་ཏེ་ལས་ཁུངས་ཀྱི་གཞི་གྲངས་ཅན་འཛུགས་སྐྲུན་ཁྲོད་ཀྱི་གཙོ་གནད་ལས་འགན་དང་ཞན་ཆ་ཕྱོགས་ཡོངས་ནས་ལེགས་སྒྲིག་བྱས་ནས་བྱ་བའི་གསལ་ཐོ་ཞིབ་ཕྲ་བཟོས་པ་དང་། ལས་འགན་རེ་རེའི་སྐུལ་འདེད་བྱེད་པའི་དུས་ཚོད་དང་གོ་རིམ། ཞིབ་ཕྲའི་འགན་འཁུར་བ་བཅས་ཁ་གསལ་བཟོས་ནས་རིས་འགེལ་གཡུལ་འཐབ་དང་རྩིས་ཐོ་ཞིབ་བསྡུར་ལག་བསྟར་བྱས་ཏེ་མིས་བཟོས་རིག་ནུས་ཀྱིས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་བསྡུ་རུབ་དང་ནུས་པ་འདོན་དུ་འཇུག་དགོས་ཟེར།


མཉམ་སྤྱོད།