དེ་རིང་ནི2025ལོའི་ཟླ08པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོ་དང་ཨ་རིས24%ཡི་སྒོ་ཁྲལ་མུ་མཐུད་དུ་གནས་སྐབས་མཚམས་འཇོག་པ་སོགས་ཀྱི་ཐད་ཐུན་མོང་གི་ངོས་འཛིན་བྱུང་བ།

2025-08-12 10:18:24   |   319

སྒྲིག་སྒྱུར།  སངས་དོན།     ཡོང་ཁུངས།  ཤིན་ཧྭ་དྲ་བ།    བཤེར་འབེབས།    རིན་ཆེན་ཚེ་རིང་།


ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ8པའི་ཚེས12ཉིན་གྱི་གློག་འཕྲིན། ཟླ8པའི་ཚེས12ཉིན། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོས《ཀྲུང་གོ་དང་ཨ་རིའི་སི་ཐོག་ཁོར་མོའི་དཔལ་འབྱོར་ཚོང་དོན་གྲོས་མོལ་གྱི་མཉམ་འབྲེལ་གསལ་བསྒྲགས》ཁྱབ་བསྒྲགས་བྱས་པ་རེད། ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་ཚོང་ཟོག(ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཚོང་ཟོག་ཚུད་པ)ལ་སྒོ་ཁྲལ་ཐོལ་པ་བསྡུ་བའི་བྱེད་ཐབས་མུ་མཐུད་ལེགས་སྒྲིག་བྱ་རྒྱུའི་ཁས་ལེན་བྱས་པ་དང་། ཟླ8པའི་ཚེས12ཉིན་ནས་བཟུང་ཉིན24%ཡི་འདྲ་མཚུངས་སྒོ་ཁྲལ་མུ་མཐུད་དུ་གནས་སྐབས་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཡིན་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཟླ8པའི་ཚེས12ཉིན་ནས་བཟུང་ཨ་རིར་སྒོ་ཁྲལ་ཐོལ་པ་བསྡུ་བ་དང་དེ་བཞིན་འབྲེལ་ཡོད་སྒོ་ཁྲལ་མིན་པའི་ངོ་རྒོལ་བྱེད་ཐབས་ཉིན་90རིང་མུ་མཐུད་དུ་ལག་བསྟར་བྱེད་མཚམས་འཇོག་རྒྱུ་རེད།


མཉམ་སྤྱོད།