དེ་རིང་ནི2025ལོའི་ཟླ08པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་དམངས་གཉེར་ཁེ་ལས་ཀྱི་འཐུས་མི་དང་བཞུགས་མོལ་གནང་སྐབས་སེམས་ཤུགས་གཅིག་སྒྲིལ་གྱིས་དམངས་གཉེར་དཔལ་འབྱོར་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པར་རམ་འདེགས་བྱེད་དགོས་པ་ནན་གྱིས་བསྟན།

2025-08-14 10:35:24   |   93

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


  ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མཚོ་སྔོན་ཁའེ་ཏེ་ལི་སྦུག་ལམ་བཟོ་སྐྲུན་ཚད་ཡོད་སྤྱི་གཉེར་ཁང་དང་མཚོ་སྔོན་ཧྭ་ཐེ་སྣུམ་སྙིགས་ཚད་ཡོད་སྤྱི་གཉེར་ཁང་གི་འགན་འཁུར་བ་དང་བཞུགས་མོལ་བརྗེ་རེས་གནང་ནས་ཁེ་ལས་ཀྱི་གཉེར་སྐྱོང་གནས་ཚུལ་དང་འཕེལ་རྒྱས་འཆར་འགོད། རེ་ཞུའི་བསམ་འཆར་བཅས་ལ་ཉན་ཞིང་། ཡུལ་དངོས་ནས་མཐུན་སྦྱོར་དང་གནད་དོན་ཐག་གཅོད་བྱས། ཁོས་ནན་གྱིས་བསྟན་དོན། ཐོག་མཐའ་བར་གསུམ་དུ“གཡོ་འགུལ་སྤུ་ཙམ་ཡང་མི་བྱེད་པ་གཉིས”རྒྱུན་འཁྱོངས་བྱས་ཏེ་སྔར་ལས་ཡིད་ཆེས་བརྟན་གཏོང་དང་ངར་ཤུགས་གཅིག་སྒྲིམ། སེམས་ཤུགས་གཅིག་སྒྲིལ་གྱིས་ཁུལ་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར།

བཞུགས་མོལ་ཚོགས་འདུའི་ཐོག ཁེ་ལས་ཀྱི་འཐུས་མིས་ད་ལྟའི་གཉེར་སྐྱོང་གནས་ཚུལ་དང་མ་འོངས་པའི་འཆར་འགོད། དུས་རིམ་རང་བཞིན་གྱི་དགོས་མཁོ་བཅས་ངོ་སྤྲོད་ཞིབ་ཕྲ་བྱས་པར་མ་ཟད། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྦྲེལ་མཐུད་མཐུན་སྦྱོར་སོགས་ཀྱི་ཐད་བསམ་འཆར་བཏོན། ཁུལ་བཟོ་འཕྲིན་སྡེ་ཁག་དང་མདའ་བཞི་རྫོང་གི་འགན་འཁུར་བློ་མཐུན་གཙོ་བོས་ཡུལ་དངོས་ནས་དོགས་གཞི་རེ་རེ་བཞིན་ལན་བཏབ། 

1.jpg

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། དམངས་གཉེར་དཔལ་འབྱོར་ནི་མཚོ་བྱང་གི་དཔལ་འབྱོར་སྐྱེ་ཁམས་ལ་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དམངས་གཉེར་ཁེ་ལས་ནི་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྟོབས་ཤུགས་གསར་བ་དང་སྒུལ་ཤུགས་གལ་ཆེན་ཞིག་ཡིན་ལ། དམངས་གཉེར་ཁེ་ལས་པ་ནི་མཚོ་བྱང་གི་རྒྱུ་ནོར་རྩ་ཆེན་ཞིག་ཡིན། རྒྱ་ཆེའི་དམངས་གཉེར་ཁེ་ལས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་བྱས་རྗེས་གསར་བ་དང་ལེགས་སྐྱེས་གསར་བ་དབུལ་བར་འབད་བརྩོན་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་ངེས་པར་དུ“གཡོ་འགུལ་སྤུ་ཙམ་ཡང་མི་བྱེད་པ་གཉིས”དང“འགྱུར་བ་མེད་པ་གསུམ”སོགས་རྩ་དོན་གལ་ཆེན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། རིགས་ལམ་བྱེད་ཐབས་གསར་གཏོད་བྱེད་པ། བྱ་བའི་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བར་འགན་སྲུང་བརྟན་པོ་མཁོ་འདོན་བྱེད་དགོས་ཟེར།

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། དམངས་གཉེར་ཁེ་ལས་དེ་རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་ནང་མཉམ་འདྲེས་ཧུར་ཐག་བྱས་ཏེ་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་བསྟུན་ནས་ཐོན་ལས་ཁྱབ་ཚུལ་ཇེ་ལེགས་སུ་གཏོང་དགོས་པ་དང་། རང་འགུལ་ངང་འགྲིམ་འགྲུལ་དང་ཆུ་བེད་སོགས་སྡེ་ཁག་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་ཏེ་ཁྲོམ་རའི་བཟུང་ཚད་རྒྱ་སྐྱེད་གཏོང་དགོས་ལ། དུས་མཚུངས་སུ་རྒྱལ་གཅེས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་བྱས་ཏེ་ཐོན་སྐྱེད་འཕེལ་རྒྱས་དང་ལས་ཞུགས་གསར་གཏོད། སྐྱེ་ཁམས་སྲུང་སྐྱོབ་བཅས་བྱེད་པའི་ཁྲོད་རང་ངོས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། གཙོ་ལས་བརྟན་སྲུང་དང་ཁེ་ལས་སྟོབས་ཆེར་བཏང་སྟེ་དུས་རབས་ཀྱི་གོམ་སྟབས་དང་དམ་པོར་བསྟུན་ཏེ། བཅོས་སྒྱུར་གསར་གཏོད་རྒྱུན་འཁྱོངས་བྱེད་པ་དང་། ཁེ་ལས་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། གཉེར་སྐྱོང་དོ་དམ་བྱེད་སྟངས་བསྒྱུར་བ། སྤུས་ཚད་གསར་བའི་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་བཅས་བྱས་ཏེ་ལྟེ་བའི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཁེ་ལས་ཀྱི་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ་དང་ནང་ཁུལ་གྱི་སྒྲིག་སྲོལ་དང་མཐུན་པའི་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ། གནད་འགག་གི་ལས་སྒོའི་ལྷུ་ཚིགས་ཀྱི་ཉེན་ཁའི་འགོག་ཟོན་ལ་ཤུགས་སྣོན་པ། བདེ་འཇགས་ཐོན་སྐྱེད་དང་ཞོད་དུས་ཀྱི་གནོད་འཚེ་འགོག་བཅོས་སོགས་ཀྱི་བྱ་བར་དམ་འཛིན་བྱེད་པར་ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པ་དང་། བདེ་འཇགས་ཀྱི་ཉེན་ཁ་གལ་ཆེན་མཐའ་གཅིག་ཏུ་འགོག་ཟོན་ཐག་གཅོད་བྱས་ཏེ་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་རྨང་གཞི་བརྟན་པོ་འཛུགས་དགོས་ཟེར།

2.jpg

ཤ་བོ་སྐྱབས་ཀྱིས་བླང་བྱ་བཏོན་དོན། ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་དགོས་པ་དང་། དམངས་གཉེར་ཁེ་ལས་པས་ཕྱོགས་ཡོངས་ནས་གནས་བབ་ལ་རྩོད་སྒྲུབ་བྱེད་པར་ཁྲིད་སྟོན་བྱེད་པ་དང་། འཕེལ་རྒྱས་ཡིད་ཆེས་བརྟན་གཏོང་དང་སྒྲིག་སྲོལ་དང་མཐུན་པའི་གཉེར་སྐྱོང་ལ་སྐུལ་འདེད་བཏང་སྟེ་བཟོ་ལས་ཀྱི་ཐོན་ནུས་འདོན་སྤེལ་གང་ལེགས་བྱེད་དགོས། རྒྱུན་རྣམ་ཅན་གྱི་འབྲེལ་འདྲིས་གྲོས་མོལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་ཐབས་ལམ་ཤར་གཏོང་བྱེད་པ། དུས་ཐོག་ཏུ་ཁེ་ལས་ཀྱི་རེ་ཞུ་འཚོལ་སྡུད་དང་ཨ་ལན་སྟེར་བ་དང་། སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།  ཞབས་ཞུའི་ནུས་ཕྱོད་ཆེ་རུ་གཏོང་དགོས་པ་དང་། ཁུལ་རིམ་པའི་མགོ་ཁྲིད་ཀྱིས་གཙོ་གནད་ཁེ་ལས་འགན་གཙང་ལེན་བྱེད་པའི་ལམ་སྲོལ་དོན་འཁྱོལ་བྱས་ཏེ། ཁེ་ལས་ལ་ཕན་པ་དང་དཀའ་ངལ་སེལ་བའི་རྒྱུན་རྣམ་ཅན་གྱི་སྲིད་ཇུས་བརྒྱུད་སྐྱེལ་གཏོང་དགོས། སྲིད་དངུལ་ཁེ་གསུམ་གྱི་འབྲེལ་མཐུད་ལས་སྟེགས་ཧུར་ཐག་སྒོས་བཙུགས་ཏེ་ཁྲིམས་སྐྱོང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་ཀྱིས་ལས་བཟོ་བ་བཀོལ་སྤྱོད་དང་མ་དངུལ་བསྡུ་སྒྲིལ། འཇོན་མི་ནང་འདྲེན་སོགས་ཐད་ཀྱི་དཀའ་ངལ་གནད་འཁེལ་དང་ཞིབ་ཕྲའི་སྒོ་ནས་ཐག་གཅོད་བྱས་ཏེ་ཁྲོམ་རའི་བྱེད་པོ་བརྟན་ལྷིང་སྐྱོན་བྲལ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་ཆ་རྐྱེན་བཟང་པོ་བསྐྲུན་དགོས་ཟེར།

ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་དང་། མདའ་བཞི་རྫོང་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་བཟོ་འཕྲིན་དང་འཕེལ་སྒྱུར། ཆུ་བེད། འགྲིམ་འགྲུལ་སོགས་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་ཞུགས།


མཉམ་སྤྱོད།