དེ་རིང་ནི2025ལོའི་ཟླ08པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་ཨུའི་སྐབས13པའི་ཚང་འཛོམས་གྲོས་ཚོགས་ཐེངས11པ་འཚོགས།

2025-08-14 17:06:08   |   103

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


དྲིན་ཚོར་ཡར་བརྩོན་དང་དངོས་སྒྲུབ་སྔོན་བརྩོན། སྤྱོད་ཚུལ་བཟང་པོ་བཅས་ལ་བརྟེན་ནས“མཚོ་བྱང་ལྔ”འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་གྲུབ་འབྲས་གསར་བ་ལེན་དགོས། ཀྲུང་གུང་མཚོ་བྱང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་འཚོགས། ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་། ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་གསུང་བཤད་གནང་།

1.jpg

ཟླ8པའི་ཚེས13ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཚང་འཛོམས་གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་དང་འབྲེལ་ཡོད་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། “སྔར་ལས་དམིགས་སར་འབྱོར་བ་ལྔའི”བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཕན་འབྲས་སྲ་བརྟན་དང་མཐོར་འདེགས་བཏང་སྟེ། དྲིན་ཚོར་ཡར་བརྩོན་དང་དངོས་སྒྲུབ་སྔོན་བརྩོན། སྤྱོད་ཚུལ་བཟང་པོ་བཅས་ལ་བརྟེན་ནས“མཚོ་བྱང་ལྔ”འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་བཏང་ཡོད།

2.jpg

ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཁུལ་ཡོངས་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་བྱ་བར་ཕྱོགས་སྡོམ་བྱས་ཤིང་། ལོ་སྨད་ཀྱི་དཔལ་འབྱོར་བྱ་བ་བཀོད་སྒྲིག་བྱས། ཀྲང་ཨེ་ཧུང་དང་། ལིག་ཡུས་པིན། སི་ཅི་ཧྲིན། ཀྲའོ་ཧའེ་ཕིང་། སངས་རྒྱས། ཀྲང་ཐའོ། ཧོ་པིན། ཚོ་ཅི་ཆང་། དེ་བཞིན་ཁུལ་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་བཅས་ཚོགས་འདུར་ཞུགས།

3.jpg

ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་མགོ་རྩོམ་འགག་བརྟོལ་གཏན་འབེབས་དོན་འཁྱོལ་བྱས་ཤིང་། ཡིད་རྟོན་རུང་བའི་བྱ་སྤྱོད་ལ་བརྟེན་ནས་དུས་རབས་ཀྱི་དར་སྲོལ་འགྱུར་ལྡོག་མངོན་འགྱུར་བྱས་ཏེ་དུས་ཡུན་རིང་བོར་བཀག་འགོག་བྱེད་མ་ཐུབ་པའི་གོམས་གཤིས་ངན་པ་ཁག་ཅིག་བཀག་འགོག་བྱས་ལ། ལོ་མང་རིང་སེལ་མ་ཐུབ་པའི་ནད་ངན་ཁ་ཤས་བཅོས་སྒྲིག་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྲུན་གྱི་རྣམ་པ་གསར་བར་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་བཀུར་ཐོབ་ཡོད། ཞིང་ཆེན་ཏང་ཨུས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་བརྗོད་དོན་དང་བྱ་བའི་གཙོ་ཐིག་ཏུ་བཟུང་ནས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མའི་སྣེ་ཁྲིད་དེ་སྙིང་སྟོབས་ཀྱི་རྣམ་པ་དང་བྱ་བའི་སྤྱོད་ཚུལ་བཟང་པོ་སྤྱད་དེ་མཚོ་སྔོན་གྱི་བྱ་བ་ཏན་ཏིག་ངང་སྒྲུབ་པ་དང་།   དམག་འཐབ་རེ་རེར་རྒྱལ་ཁ་བླངས་པ་དང་དཀའ་ངལ་གཅིག་རྗེས་གཉིས་མཐུད་ངང་སེལ་ཡོད། གྲུབ་འབྲས་གཅིག་རྗེས་གཉིས་མཐུད་དུ་ཐོབ་པ་བཅས་བྱས་ཏེ་མཚོ་སྔོན་འཕེལ་རྒྱས་སྐས་རིམ་གསར་བ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད། ཁུལ་ཨུས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གོམ་སྟབས་དང་དམ་པོར་བསྟུན་ནས། རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་གཙོ་གནད་ལ་ཤུགས་འདོན་པ།  རྙོག་དྲ་དྭངས་གཙང་དང་དྲང་སྐྱོང་ངན་སེལ་བྱས་ཏེ་བློ་བརྟན་འགྱུར་མེད་སྒོས་སྤྱོད་ཚུལ་འཛུགས་སྐྱོང་གི་འགག་སྒྲོལ་དམག་འཐབ་དང་ཡུན་རིང་འཐབ་འཛིང་ཡག་པོ་བྱས་ཡོད།  ལྷག་པར་དུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་དང་། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་སྐྱེ་ཁམས་ཤིག་བསྐྲུན་ནས་ཡིད་ཆེས་བྱེད་འོས་པ་དང་འཐབ་འཛིང་བྱེད་ཐུབ་པའི་ལས་བྱེད་པའི་དཔུང་ཁག་བཟང་པོ་ཞིག་བསྐྲུན་ཡོད་པའི་ངོས་འཛིན་བྱས།

4.jpg

ཚང་འཛོམས་གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། སྤྱོད་ཚུལ་འཛུགས་སྐྱོང་བྱ་རྒྱུ་ནི་ཏང་འཛུགས་སྐྲུན་གྱི་རྟག་བརྟན་གྱི་བརྗོད་དོན་གཙོ་བོ་ཡིན་པ་དང་། མི་དམངས་མང་ཚོགས་ཀྱི་སེམས་ནང་གི་ཏང་གི་སྣང་བརྙན་དང་འབྲེལ་བ་ཡོད་པར་མ་ཟད། ས་ཁུལ་གྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད། མཚོ་བྱང་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁ་ཕྱོགས་དང་དམིགས་འབེན་ངེས་གནས། འཐབ་ཇུས་གོ་སྐབས། དཀའ་ངལ་འགྲན་སློང་བཅས་ལ་བལྟས་ན། མདུན་སྐྱོད་ཀྱི་བགྲོད་ལམ་ཐོག་གོ་སྐབས་དང་འགྲན་སློང་མཉམ་དུ་གནས་ཡོད་པས། ང་ཚོས་སྤྱོད་ཚུལ་འཛུགས་སྐྱོང་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། ཏང་སྲོལ་བཟང་བོར་བརྟེན་ནས་སྤྱི་ཚོགས་ཀྱི་དར་སྲོལ་དང་དམངས་སྲོལ་ཡར་རྒྱས་ཡོང་བར་སྐུལ་ཁྲིད་བྱེད་དགོས། སྤྱོད་ཚུལ་གྱི་གནད་དོན་མཚོན་ཚུལ་སྣ་མང་ཡིན་པ་དང་འབྱུང་རྐྱེན་རྙོག་འཛིང་ཆེ་བ། སྤྱོད་ཚུལ་གྱི་གནད་དོན་མངོན་གསལ་ཅན་གྱི་རྩ་བའི་མཚོན་ཚུལ་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ། "འོག་རིམ"དང"གོང་རིམ"བར་གྱི་འབྲེལ་བར་ངོས་འཛིན་ཡང་དག་བྱས་ཏེ། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ངེས་པར་དུ་སྣེ་ཁྲིད་དེ་སྤྱོད་ཚུལ་ལེགས་སྒྱུར་དང་གོང་གིས་འོག་ལ་སྣེ་ཁྲིད། གོང་རིམ་ལས་ཁུངས་ཀྱིས་རང་འགུལ་ངང་འགན་འཁུར་བ་དང་། རང་ངོས་ནས་ལེགས་སྒྱུར་བྱས་ཏེ་གཞི་རིམ་ལ་ཚད་ཤིང་འཇོག་དགོས། "མང་ཚོགས"དང"ལས་བྱེད་པའི"དབར་གྱི་འབྲེལ་བར་ངོས་འཛིན་ཡང་དག་བྱས་ཏེ། རྒྱ་ཆེའི་ལས་བྱེད་པ་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་བར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས་པ་དང་། རང་འགུལ་ངང་མང་ཚོགས་ཁྲོད་བསྐྱོད་དེ་དཀའ་གནད་སེལ་བ་དང་སྤྱོད་ཚུལ་བཟང་བོར་བརྟེན་ནས་དམངས་སེམས་ཐོབ་པར་བྱེད་དགོས། "གཞི་རིམ"དང"ལས་ཁུངས"དབར་གྱི་འབྲེལ་བར་ངོས་འཛིན་ཡང་དག་བྱས་ཏེ་ལས་ཁུངས་ཀྱི"མིག་གིས་གཞི་རིམ་དུ་ལྟ་བ"དང་སེམས་ལ་གཞི་རིམ་འཛིན་རྒྱུ་སྐུལ་འདེད་བཏང་ནས་གཞི་རིམ་གྱི་ལས་སྒྲུབ་ལས་གཏོད་ལ་རྒྱབ་སྐྱོར་དང་ངར་ཤུགས་འཕེལ་བར་བྱེད་དགོས། "ཚན་ཁག"དང"མགོ་ཁྲིད་དང་པོའི"བར་གྱི་འབྲེལ་བར་ངོས་འཛིན་ཡང་དག་བྱེད་པ་དང"མགོ་ཁྲིད་དང་པོས"ཚན་ཁག་དོ་དམ་དང་དཔུང་ཁག་སྣེ་ཁྲིད། དར་སྲོལ་གཞུང་དྲང་གི་ཆབ་སྲིད་ཀྱི་འགན་འཁྲི་ཆེ་རུ་གཏོང་བ་དང་། ཚན་ཁག་ཧྲིལ་བོར་སྲོལ་བཟང་ཕུན་སུམ་ཚོགས་པ་དང་འགན་འཁུར་ཕོད་པར་དཔེ་སྟོན་སྣེ་ཁྲིད་དང་སྐུལ་ཁྲིད་བཅས་བྱེད་དགོས་ཟེར།

5.jpg

ཚང་འཛོམས་གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཐོག"བཀའ་དྲིན་ཚོར་བ་དང་བརྩེ་སེམས་ལྡན་པ། དངོས་སྒྲུབ་གཙོར་འཛིན"བཅས་ཀྱི་ཁྲིད་ཕྱོགས་གསལ་བོ་འཛུགས་པ་དང་། ཁུལ་ཨུས"ཏན་ཏན་ཏིག་ཏིག་དང་དམ་འཛིན་དངོས་སྒྲུབ། ཕན་འབྲས་དོན་གཉེར"བཅས་ཀྱི་དངོས་དོན་སྒྲུབ་སྟངས་དར་སྤེལ་གཏོང་བ་ནི་ཁུལ་ཡོངས་ཀྱི་ལས་བྱེད་པའི་སྣེ་ཁྲིད་དེ་སྤྱོད་ཚུལ་ལ་འགྱུར་ལྡོག་ཆེན་པོ་ཐེངས་གཅིག་ཡོང་བ་དང"ངས་གཞན་ལས་ལྡབ་འགྱུར་གྱིས་བྱ་བ་སྒྲུབ་པའི"དངོས་དོན་སྒྲུབ་པའི་སྙིང་སྟོབས། སྤྱོད་ཚུལ་བཟང་པོར་བརྟེན་ནས་དཔའ་མཛངས་རྟུལ་ཕོད་ཀྱིས་རྒྱང་སྐྱོད་ལམ་བུ་གསར་བར་བསྐྱོད་པ། སེམས་ལ"རྒྱལ་དོན་གྱི་ཆེ་ཕྱོགས"འཆང་བ་དང་ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོ་འཁུར་བ། སྐྱེ་ཁམས་སྲུང་དམག་ཡག་པོ་བྱེད་པ། "སྐྱེ་ཁམས་དམར་ཐིག"དང"ལྗང་མདོག་མཐའ་ཚད"མཐའ་གཅིག་ཏུ་སྲུང་བ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཀ་ཇེ་ལེགས་སུ་གཏོང་བར་ཤུགས་སྣོན་ས་དང་། "རྒྱལ་ཁབ་སྤྱི་གླིང་གཉིས"འཛུགས་སྐྲུན་བྱེད་པའི་གནད་འགག་དང་སྐྱེ་ཁམས་རིན་ཐང་མངོན་འགྱུར་བྱེད་པའི་འདེགས་སྐྱོར་བྱེད་ས་བཅས་གནད་འཁེལ་ངང་བཙལ་ཏེ་སྤྱོད་ཚུལ་བཟང་བོར་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གྲུབ་འབྲས་གསར་བ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། དམ་པ་དོན་གཉེར་གྱི་སྤྱོད་ཚུལ་དར་སྤེལ་གཏོང་བ་དང་ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་ལ་དམིགས་ནས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི"གཅིག་ཅན་དགུ"བཟོ་སྐྲུན་ཆ་ཚང་གི་དམིགས་ཚད་རྒྱ་ཆེར་གཏོང་ཤུགས་ཇེ་མགྱོགས་སུ་གཏོང་བ་དང་ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ། རྫོང་བཞིར་ཁྱབ་པའི་གསར་བརྗེའི་ཉམས་ཞིབ་ཕྱོགས་ཡོངས་ནས་བསྐྲུན་པ་དང་ཚོང་འགུག་ལས་གཞི་དོན་འཁྱོལ་དང་ནུས་རྒྱུ་འགན་ལེན་གྱི་ལྗང་མདོག་ཕྱོགས་བསྡུས་ནུས་རྒྱུའི་གླིང་ཕྲན་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ནས། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ཐོག་མཐའ་བར་གསུམ་དུ་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་གཏོང་བ། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། གནོད་འགོག་གེགས་སེལ་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་ཐད་རྒྱུན་མཐུད་སྒོས་ཤུགས་སྣོན་པ་དང་དམངས་འཚོའི་ཞན་ཆ་གསབ་པ། དམངས་འཚོའི་དཀའ་གནད་སེལ་བ། དམངས་འཚོའི་མཐའ་ཚད་བརྟན་པོ་སྲུང་བ་བཅས་བྱས་ཏེ་སྤྱོད་ཚུལ་བཟང་བོར་བརྟེན་ནས་དམངས་ཀྱི་བདེ་སྐྱིད་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་དང་མཚོ་བྱང་ལ་གཟིགས་ཞིབ་སྐབས་ཀྱི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མདུན་སྐྱོད་ཀྱི་དཔེ་སྟོན་བྱེད་པ་དང་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་མཚོ་བྱང་ལག་ལེན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ། སྤྱོད་ཚུལ་བཟང་པོར་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་འཕེལ་རྒྱས་གསར་བ་ཡོང་རྒྱུར་སྐུལ་འདེད་གཏོང་རོགས་བྱེད་དགོས། བཅོས་སྒྱུར་སྙིང་སྟོབས་དང་ཚད་གཞི་ནན་མོར་བརྟེན་ནས་ཏང་ལ་དོ་དམ་དང་ཏང་སྐྱོང་བ། རུལ་སུངས་མཉམ་བཤེར་མཉམ་བཅོས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པར་སྐུལ་འདེད་ཤུགས་ཆེན་གཏོང་བ། དོ་དམ་ནན་མོ་དང་དགའ་ཞེན་ཟབ་མོ་ཟུང་འབྲེལ་བཅས་བྱས་ཏེ་སྤྱོད་ཚུལ་བཟང་བོར་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྣམ་པ་གསར་བ་ཐོན་པར་སྐུལ་འདེད་གཏོང་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“སྔར་ལས་དམིགས་སར་འབྱོར་བ་ལྔའི”བླང་བྱ་གལ་ཆེན་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་སློབ་སྦྱོང་སློབ་གསོའི་ཕན་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་ཆེར་གཏོང་བ། རང་ཉིད་གསར་བརྗེའི་སྙིང་སྟོབས་མཐར་ཕྱིན་པའི་ཐོག་ནས་སྤྱོད་ཚུལ་འཛུགས་སྐྱོང་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་སྲོལ་རྒྱུན་ལམ་ཕྱོགས་གསར་པའི་ནང་ཏན་ཏིག་གིས་ཁྲིད་ནས་སྤྱོད་ཚུལ་བཟང་པོ་དུས་རབས་གསར་པའི་ནང་དར་སྤེལ་གཏོང་དགོས། བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བའི་ཁྲོད་ཚད་གཞི་སྔར་ལས་མཐོ་བར་རྒྱུན་འཁྱོངས་དང་ཐོག་མཐའ་བར་གསུམ་དུ“གྲོས་གཞི་དང་པོ”རྒྱུན་འཁྱོངས་བྱས་ཏེ། གཙོ་འཛིན་གྱི་དགོངས་པའི་ནང་འདུས་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་སྤྱད་དེ་གནས་བབ་གསར་པར་ལྟ་ཞིབ་བྱེད་པ་དང་གནས་ཚུལ་གསར་པར་ཞིབ་འཇུག་བྱེད་པ། གནད་དོན་གསར་པར་ཐག་གཅོད་བྱེད་དགོས། ཏང་གཤིས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་ཁྲོད་བླང་བྱ་སྔར་ལས་མཐོ་བ་སྲུང་སྟེ། “གཞི་རིམ་དུ་བསྐྱོད་པ་བཞིའི”སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་དང་། སྤྱོད་ཚུལ་ངན་པ་སྣ་ཚོགས་ཀྱི་བསླད་སྐྱོན་རང་རྟོགས་ངང་བཀག་འགོག་བྱེད་དགོས། དབང་ཆ་འཁོར་སྐྱོད་ཚད་ལྡན་དུ་གཏོང་བའི་ཁྲོད་བྱེད་ཐབས་དངོས་སྔར་ལས་དོན་འཁྱོལ་བྱས་ཏེ་གཙོ་གནད་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “འགག་རྩའི་ཉུང་ཤས”ཀྱི་དཔེ་སྟོན་སྣེ་ཁྲིད་ཐོག“མང་ཆེ་བར”སྐུལ་ཁྲིད་བྱེད་དགོས། ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་ནན་མོ་བྱེད་པའི་ཁྲོད་འཇིགས་སྐུལ་སྔར་ལས་དྲག་པོ་ཆགས་པ་དང་དྲང་བདེན་མིན་པའི་སྤྱོད་ཚུལ་རྒྱབ་ཀྱི་རུལ་སུངས་གནད་དོན་དང་སྤྱོད་ཚུལ་གྱི་གནད་དོན་གཏིང་ཟབ་ངང་སྔོག་འདོན་བྱས་ནས་ལྟ་སྐུལ་ཡང་དུ་གཏོང་བར་སྐུལ་འདེད་གཏོང་དགོས། འགན་འཁྲིའི་འབྲེལ་ཐག་དམ་ཟབ་བྱེད་པའི་ཁྲོད་ནུས་ཤུགས་སྔར་བས་ཆེ་བ་གཅིག་སྒྲིལ་བྱས་ཏེ་འགན་འཁྲི་ཤེས་གསལ་དང་འགན་འཁྲི་སྒྲུབ་འགན་ལྟ་ཞིབ།འགན་འཁྲི་རྒྱུས་ལོན་དང་འགན་འཁྲི་བདའ་འདེད་བཅས་ལ་སྐུལ་འདེད་བཏང་སྟེ་སྤྱོད་ཚུལ་འཛུགས་སྐྱོང་ལ་དམིགས་ནས་ལས་ཆོད་ཆེ་བའི་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་ནན་མོ་བྱེད་པ། འགན་འཁྲི་གནད་ལ་འཁེལ་བའི་བདའ་འདེད་བཅས་དམ་འཛིན་ཡག་པོ་བྱེད་དགོས་ཟེར།

6.jpg

ཚང་འཛོམས་གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། ད་ལོ་ནས་བཟུང་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བརྩིས་ཏེ་སྤྱོད་ཚུལ་བཟང་པོ་ལ་བརྟེན་ནས་དངོས་སྒྲུབ་འགན་འཁུར་ལ་སྐུལ་འདེད་བཏང་སྟེ། རང་འགུལ་ངང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ལ་མཉམ་འདྲེས་དང་ཞབས་ཞུ་བྱས་ཏེ། “ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ”དང“243”འཕེལ་རྒྱས་བཀོད་པར་སྐུལ་འདེད་གཏོང་བར་དམིགས་ནས། དཔལ་འབྱོར་བཀོད་གཏོང་དང་སྲིད་ཇུས་དོན་འཁྱོལ། ཚོང་འགུགས་ངོ་སྤྲོད། ལས་གཞིར་མ་འཇོག་བཅས་དམ་འཛིན་ནན་མོ་བྱས་ཏེ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ཐོན་ལས་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བ། ཁེ་ལས་སྟོབས་ཆེར་གཏོང་བ། ཁྲོམ་ར་བརྟན་གཏོང་བཅས་ལ་སྐུལ་འདེད་བཏང་སྟེ་ཁུལ་ཡོངས་ཀྱི་དཔལ་འབྱོར་བརྟན་བརླིང་ཁྲོད་ཡར་རྒྱས་ཡོང་བ་དང་ཡར་རྒྱས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱེད་དགོས། ལོ་སྟོད་ལ་ཁུལ་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པར་སླེབས་པ་དང་། ཐོན་ལས་གཉིས་པའི་འཕར་ཐང་དང་གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ། གྲོང་གསེབ་ཡུལ་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བཅས་དམིགས་ཚད་གསུམ་གྱི་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ལོ་སྨད་ལ་ཡུན་རིང་འཆར་འགོད་དང་གནད་དོན་ཐག་གཅོད། ནུས་པ་མཐོར་གཏོང་། གཅིག་གྱུར་སྐུལ་འདེད་བཅས་ལ་དམིགས་ཏེ་བྱ་བའི་ཕུགས་ཕན་རང་བཞིན་དང་ཕན་ནུས་རང་བཞིན། གསར་གཏོད་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་ཤུགས་བསྣན་ནས“ལྔ་བཅུ་བཞི”ཕུན་སུམ་ཚོགས་པའི་སྒོ་ནས་མཇུག་སྒྲིལ་བར་ཁག་ཐེག་བྱེད་དགོས། སྐྱེ་ཁམས་སྔོན་ལ་བཞག་ནས“རྒྱལ་ཁབ་སྤྱི་གླིང་གཉིས”ཀྱི་འཛུགས་སྐྲུན་དང“རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མའི”མ་ལག་སྲུང་སྐྱོབ། “སྐྱེ་གསུམ་མཉམ་ཁེ”བཅས་ལ་ཕན་འབྲས་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས། ཐོན་ལས་འཕེལ་རྒྱས་ལ་དམིགས་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་དང་ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གཙང་མ་གསར་སྤེལ་འདུས་སྡུད་ཁུལ་འཛུགས་སྐྲུན། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་འཛུགས་སྐྱོང་བཅས་ཀྱི་ཐད་ནས་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས། སྒུལ་ཤུགས་གསོག་འཇོག་ལ་དོ་ཁུར་བྱས་ནས་ལས་གཞི་འཛུགས་སྐྲུན་དང་ཚོང་འགུག་མ་འདྲེན། འཛུགས་སྐྲུན་རོགས་སྐྱོར་བཅས་ཀྱི་མཉམ་ལས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུར་དམིགས་ནས་གྲོང་གསེབ་དར་སྤེལ་དང་། གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན། གྲོང་ཁྱེར་དང་ཡུལ་ཚོ་འཕེལ་རྒྱས་བཅས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས། དམངས་འཚོ་ཇེ་ལེགས་སུ་གཏོང་རྒྱུར་དམིགས་ནས་མང་ཚོགས་ཀྱི་ལས་ཞུགས་དང་སྤྱི་པའི་ཞབས་ཞུ། སྤྱི་ཚོགས་འགན་སྲུང་བཅས་ཀྱི་དྲོད་ཚད་གསར་པ་འབུར་དུ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་བརྟན་ལྷིང་ལ་དམིགས་ནས་མི་རིགས་མཐུན་སྒྲིལ་དང་བདེ་འཇགས་གསར་སྐྲུན། བདེ་འཇགས་སྔོན་འགོག་བཅས་གསར་དུ་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་དེ་ཆེས་རྩ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་ཀྱི་ཐོག་མཚོན་དགོས་པ་དང་སྤྱོད་ཚུལ་འགྱུར་ལྡོག་མངོན་གསལ་དོད་པོས་མཐོ་རུ་གཏོང་བའི་ཐོག་མཚོན་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་ལག་བསྟར་བྱ་བ་ནན་ཏན་གྱིས་དམ་འཛིན་བྱེད་པ་དང་སློབ་སྦྱོང་སློབ་གསོ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། ཀྲུང་དབྱང་གི་སྐོར་ཞིབ་བྱ་བ་སོ་སོར་གཞོགས་འདེགས་བྱས་ནས་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འཕེལ་རྒྱས་བརྟན་བརླིང་ཁྲོད་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། “ལྔ་བཅོ་ལྔའི”འཆར་འགོད་ཀྱི་སྤུས་ཚད་མཐོན་པོར་བཟོ་བ། གནད་དོན་སོ་སོར་བཅོས་སྒྲིག་གི་བྱ་བ་ནན་ཏན་གྱིས་ལེགས་པར་སྒྲུབ་པ། འབྲུབ་འགོག་གེགས་སེལ་དང་གནོད་འཚེ་ཉུང་གཏོང་། བདེ་འཇགས་ཐོན་སྐྱེད་ཀྱི་བྱ་བ་སོ་སོར་ཏན་ཏིག་སྒོས་ཇེ་ལེགས་སུ་བཏང་སྟེ་ཚང་འཛོམས་གྲོས་ཚོགས་ཀྱིས་བཀོད་སྒྲིག་བྱས་པའི་ལས་འགན་སོ་སོ་རེ་རེ་བཞིན་དོན་འཁྱོལ་ཏན་ཏིག་བྱེད་དགོས་ཟེར།

7.jpg

ཚང་འཛོམས་གྲོས་ཚོགས་ཐོག ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་པ་དང་དྲིན་ཚོར་ཡར་བརྩོན་བྱས་ཏེ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་སོ་སོ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ། དངོས་སྒྲུབ་ཀྱི་ངར་ཤུགས་དང་དངོས་སྒྲུབ་ཀྱི་འབད་བརྩོན། དངོས་སྒྲུབ་ཀྱི་ངེས་ཤུགས་བཅས་རྒྱུན་འཁྱོངས་བྱས་ནས་རྒྱུན་མཐུད་སྒོས་དགེ་སྒྲུབ་བྱེད་ཕོད་པ་དང་སྔོན་ལ་བརྩོན་ལེན་བྱེད་ཕོད་པ། དངོས་སྒྲུབ་དོན་འཁྱོལ་བཅས་ཀྱི་བྱ་བའི་སྤྱོད་ཚུལ་སྦྱོང་བརྡར་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་བྱང་གི་ལག་ལེན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་འབོད་སྐུལ་གནང་།

ཚང་འཛོམས་གྲོས་ཚོགས་ཐོག ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། 《ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྐྱོང་བྱེད་པའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར》གྲོས་ཞིབ་བྱས།

ཁུལ་ཨུའི་ཨུ་ཡོན་དང་ཁུལ་ཨུའི་རྗེས་སྣོན་ཨུ་ཡོན་མིན་པའི་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་ཀྱི་ཚན་ཁག་གི་ཁོངས་མི། ཁུལ་ཡན་ལག་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་ཁུལ་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན། རྫོང(ཞིང་ར)སོ་སོའི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་ཨུའི་སྡེ་ཁག་སོ་སོ་དང་ཁུལ་ཐད་གཏོགས་ལས་ཁུངས་སོ་སོའི་ཏང་ཙུའུ(ཏང་ཨུ)དང་། མང་ཚོགས་ཚོགས་པ་སོ་སོའི་ཏང་ཙུའུ། ཁེ་ལས་དང་དོན་ལས་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ། ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ། ཡུལ་ཚོ་དང་གྲོང་རྡལ་སོ་སོའི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དང་ཁུལ་གྱི་ཏང་གི་འཐུས་མི་ཁག་ཅིག་བཅས་ཚོགས་འདུར་ཟུར་ཞུགས་བྱས།


མཉམ་སྤྱོད།